Tibetan Royal Year of 2151 | Year of the Wood Dragon

ཐེམ་སྤང་བཀའ་རྒྱའི་འོག་བོད་གཙོས་རྒྱ་རིགས་མང་ཚོགས་རྣམས་ངེས་མཁོ་རིགས་མ་འདང་བའི་ངལ་འཕྲད།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

ད་ཆ་བོད་དང་ཤིན་ཅང་ཙམ་མ་ཟད་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་མང་པོའི་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བཞིན་པའི་ཁྲོད་འདིར་བོད་རིགས་གཙོ་བོར་གྱུར་པའི་རྒྱ་རིགས་མང་ཚོགས་ཕལ་མོ་ཆེ་བ་ཐེམ་སྤང་བཀའ་རྒྱའི་འོག་ཟ་མ་དང་དགོས་ངེས་ཀྱི་མཁོ་ཆས་རིགས་མ་འདང་བའི་ངལ་བ་ཆེན་པོ་འཕྲད་བཞིན་ཡོད་པ་རེད།འདི་ལོའི་ཟླ་ ༨ པའི་ཚེས་ཤར་ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཀྱི་ས་ཁུལ་མང་དག་ཅིག་དང་སྒོས་རྒྱ་ནག་གི་གྲོང་ཁྱེར་ཆེ་གྲས་ཁག་ནང་གཉན་རིམས་ ༡༩ པ་ཁྱབ་གདལ་ཆེས་ཆེར་འགྲོ་ནས་ད་ཆ་བོད་མི་གཙོས་རྒྱ་རིགས་མང་ཚོགས་ཕལ་མོ་ཆེ་བ་ཐེམ་སྤང་གི་བཀའ་རྒྱའི་འོག་གནས་མུས་ཁྲོད་རྒྱ་གཞུང་གིས་མང་ཚོགས་ཀྱི་ཁ་བཀག་ཆེད་བོད་ནང་གཉན་རིམས་འགོག་སླད་སྲིད་གཞུང་གིས་མང་ཚོགས་ལ་ཚད་མཐོའི་སྨན་བཅོས་ཀྱི་མཐུན་རྐྱེན་དང་དགོས་ངེས་ཀྱི་མཐུན་རྐྱེན་སོགས་གང་ལེགས་སྤྲད་ཡོད་ཚུལ་གྱི་རྫུན་གཏམ་དྲིལ་བསྒྲགས་སྤེལ་བཞིན་ཡོད་པ་དེ་ལྟར་ནའང་། བོད་ནང་གི་སྤྱི་ཚོགས་དྲ་ལམ་བརྒྱུད་བོད་མི་ཁག་གཅིག་གིས་འཕྲིན་ཐུང་སྤེལ་ཏེ་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་པ་ཁག་ལ་གཞིགས་ན། མཚན་མངོན་གསལ་མ་གནང་བའི་བོད་པའི་བུ་མོ་ཞིག་གིས་ཁོང་གིས་ད་རེས་སྐད་ཆ་བཤད་པ་འདི་རྒྱ་གཞུང་ལ་གྱེན་ལོག་གནང་ཆེད་མིན་སྐོར་གསལ་བཤད་དང་སྦྲགས་ད་ཆ་བོད་ནང་གཉན་རིམས་སྔོན་འགོག་དང་འབྲེལ་བའི་དམ་བསྒྲགས་སྣ་ཚོགས་བྱེད་མུས་ལ་ལྟོས་མེད་རིམས་ནད་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་སྲིད་གཞུང་གི་ངོས་ནས་རིམས་ནད་ཕོག་མཁན་ལོགས་སུ་དབྱེ་ནས་རང་ཉིད་སོ་སོའི་ས་གནས་སུ་ཆེད་གཏོང་དགོས་པའི་དགོས་འདུན་དང་། ལྷག་པར་ཁོང་ལྟ་བུར་མཚོན་ན་རྒྱལ་ཁབ་ཀྱི་གསོལ་ཕོག་བཞེས་མཁན་ཞིག་མིན་པར་རང་ཉིད་ཀྱི་ནུས་པར་གཞིགས་པའི་ཉིན་རེའི་འཚོ་བ་སྐྱེལ་མཁན་ཞིག་ཡིན་སྟབས་དུས་ཡུན་རིང་པོར་ལས་ཀ་གང་ཡང་མེད་པར་ཐེམ་སྤང་བཀའ་རྒྱའི་འོག་གནས་ཡོད་རྐྱེན་དེ་སྔ་བསགས་པའི་ཡོང་བབ་རྣམས་རིམ་བཞིན་ རྫོགས་མཚམས་སུ་བསླེབས་ཡོད་སྐོར་གསུངས་འདུག་ལ། ཟ་མ་སོགས་ཀྱི་རིན་གོང་ཡང་ཆེས་ཆེར་འཕར་བཞིན་པའི་དབང་གིས་བོད་མི་མང་པོ་ཞིག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱུར་ཡོད་པ་འགྲེལ་བརྗོད་གནང་སྟེ་བོད་མི་རྣམས་དོ་བདག་སོ་སོའི་ས་གནས་སུ་ཕྱིར་ལོག་ཆོག་པའི་ཆོག་མཆན་གནང་རོགས་ཞེས་གསུངས་འདུགཡང་བོད་མི་གཞོན་སྐྱེས་ཞིག་གིས་ཁོང་ཐེམ་སྤང་བཀའ་རྒྱའི་འོག་རང་ཁྱིམ་དུ་བསྡད་ནས་དུས་ཡུན་ཟླ་བ་གཅིག་ལྷག་འགྲོ་བཞིན་ཡོད་པའི་ཁྲོད་འདིར་སེམས་སྡུག་དང་དཀའ་ངལ་འོག་སྨྱོན་པ་ཆགས་གྲབས་ཀྱི་གནས་སུ་ལྷུང་ཡོད་པར་འགྲེལ་བརྗོད་དང་སྦྲགས་ཏེ། སྲིད་གཞུང་ནས་ངེས་པར་དུ་ནད་གཞི་མེད་མཁན་རྣམས་འཕྲལ་མར་ཕྱིར་སྐྱོད་ཆོག་པའི་ཆོག་མཆན་སྤྲོད་རོགས་ཞེས་དང་ཕྱིར་ཐོན་ནས་ནད་གཞི་ཕོག་མེད་ཀྱང་རང་ཁྱིམ་དུ་མུ་མཐུད་བཞུགས་ཚེ་གཅོང་ནད་ཆགས་ངེས་ཡིན་པའི་སེམས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་སྟེ་ཁོང་ཕྱི་ལ་གཏོང་རོགས་ཞེས་འབོད་སྐུལ་བསྐྱར་ནན་ཞུས་པ་མངོན་རྒྱུ་འདུག

བརྙན་ཐུང་ཞིག་གི་ནང་རྒྱ་གཞུང་གིས་བོད་མི་ཁྱིམ་ཚང་ཞིག་གི་མ་དང་བྱིས་པ། དེ་བཞིན་ཨ་ཕ་བཅས་གསུམ་གྱི་ལུས་པོར་དུག་སེལ་གྱི་སྨན་ཤུགས་ཆེན་པོ་གཏོར་ནས་གཉན་རིམས་འགོག་སླད་སྲིད་གཞུང་གིས་ཚད་མཐོའི་སྨན་བཅོས་ཀྱི་མཐུན་རྐྱེན་སྦྱོར་བཞིན་པའི་རྣམ་པ་མངོན་ཐབས་བྱས་འདུག

སྤྱི་དེང་སྐབས་བོད་ཙམ་མ་ཟད་རྒྱ་ནག་གི་གྲོང་ཁྱེར་གཞན་མང་པོའི་ནང་གཉན་རིམས་ཁྱབ་གདལ་ཆེས་ཆེར་འགྲོ་བའི་ངལ་བ་འཕྲད་བཞིན་ཡོད་པ་དང་སྒོས་རྒྱ་གཞུང་གིས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་འོག་རྒྱ་ནག་ནང་གི་ས་ཁུལ་ཁྱོན་ ༣༠ ཙམ་ནང་གནས་སྡོད་གནང་བཞིན་པའི་མང་ཚོགས་ས་ཡ་བཅུ་ཕྲག་ལྷག་ཐེམ་སྤང་བཀའ་རྒྱའི་འོག་རང་ཁྱིམ་དུ་གནས་མུས་ཁྲོད་ཟ་མ་དང་དགོས་ངེས་ཀྱི་མཁོ་ཆས་རིགས་མ་འདང་བའི་ངལ་བ་ཆེན་པོ་འཕྲད་དེ་སྲིད་གཞུང་ལ་སྐྱོན་བརྗོད་ཀྱིས་སྡུག་སྐད་རྒྱག་བཞིན་ཡོད་པ་མངོན་རྒྱུ་འདུགདེའི་ཁོངས་ནས་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་ Guizhou ཞིང་ཆེན་ནང་མཚོན་ན། སྲིད་གཞུང་གིས་ཞིང་ཆེན་དེའི་ནང་གློ་བུར་དུ་ཐེམ་སྤང་བཀའ་རྒྱ་བསྡམས་པའི་དབང་གིས་དེར་གནས་སྡོད་གནང་མཁན་མང་ཚོགས་འབུམ་ལྔ་ཙམ་ལ་དགོས་ངེས་ཀྱི་མཁོ་ཆས་སོགས་གྲ་སྒྲིག་གནང་རྒྱུའི་གོ་སྐབས་གང་ཡང་བྱུང་མེད་ལ། དེ་བཞིན་ཤིན་ཅང་དུ་གནས་སྡོད་མཁན་ཞིག་གིས་མང་ཚོགས་རྣམས་ཕྱིར་ཐོན་མི་ཆོག་པ་བཟོས་པར་བརྟེན་ཁོང་གི་ཁྱིམ་ཚང་ནང་འབྲས་དང་གྲོ་ཞིབ། སྒོ་ང་བཅས་གང་ཡང་མེད་པའི་གནས་སྟངས་འོག་ཉིན་གྲངས་བཅོ་ལྔ་ཙམ་སོང་ཡོད་པར་མ་ཟད། ཐ་ན་རང་གི་ཕྲུ་གུར་འོ་མ་སྤྲོད་རྒྱུ་མེད་པའི་དཀའ་ངལ་འོག་ཉིན་ཁ་ཤས་འགྲོ་ཡོད་སྐོར་གསུངས་འདུག ལྷག་དོན་ཤིན་ཅང་ནང་གི་ཐེམ་སྤང་བཀའ་རྒྱའི་འོག་ཁུལ་དེར་གནས་སྡོད་གནང་མཁན་ས་གནས་མང་ཚོགས་མང་པོ་ཞིག་གིས་འུ་ཐུག་ཐབས་ཟད་ཀྱིས་སྤྱི་ཚོགས་དྲ་ལམ་བརྒྱུད་རོགས་རམ་སློང་བཞིན་འདུག་ལ་དེའི་ནང་ནས་ཡུ་གུར་བ་ཞིག་གིས་བརྙན་ཐུང་བཟོས་ཏེ་ཁོང་གི་ཕྲུ་གུ་གསུམ་ཉིན་གྲངས་གསུམ་རིང་ཟ་མ་གང་ཡང་མེད་པར་ལུས་སོང་ཞེས་བཤད་འདུག

དེ་དེ་བཞིན་ཤིན་ཅང་གི་ Yining གྲོང་ཁྱེར་ལ་མཚོན་ན། ཁུལ་དེར་གནས་སྡོད་གནང་མཁན་མང་ཚོགས་ ༣༠༠ ལྷག་ཐུན་མོང་གིས་དྲ་ཐོག་ཡིག་ཆ་ཞིག་འདོན་སྤེལ་གྱིས་ཁོང་རྣམས་ལ་ཟ་མ་དང་སྨན་ལ་སོགས་པ་བགོས་འགྲེམས་གནང་སྐྱོང་ཡོང་བའི་ཛ་དྲག་གི་འབོད་སྐུལ་ཞུས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།