Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་གྱི་སྲིད་བློན་ཟུར་པས་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་བཟུང་གནང་དགོས་ཞེས་ནན་བརྗོད་གནང་བ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

ལྕམ་སྐུ་ Liz Truss མཆོག་གིས་དབྱིན་ཇིའི་སྲིད་བློན་གྱི་ལས་གནས་ནས་དགོངས་པ་ཞུས་རྗེས་གསུང་བཤད་དང་པོ་གནང་ཡོད་པ་ལྟར་ G7 འགོ་ཁྲིད་རྣམ་པར་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་བཟུང་གནང་སྟེ་རྒྱལ་ཁབ་དེའི་དཔོན་རིགས་རྣམས་ལ་སྲིད་དོན་གྱི་ཉེས་ཆད་སྣ་མང་བཀལ་བ་ནི་ཛ་དྲག་དགོས་གལ་ཞིག་ཆགས་ཡོད་ཅེས་ནན་བརྗོད་གནང་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་ཐོན་པར་གཞིགས་ན། དེ་རིང་ཉི་ཧོང་གི་རྒྱལ་ས་ Tokyo ནང་ Inter-Parliamentary Alliance on China ཞེས་རྒྱ་ནག་ལ་གདོང་ལེན་གནང་མཁན་གྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་ཚོགས་པའི་ཚོགས་མི་ཁག་གཅིག་ཐུན་མོང་གིས་ཁུལ་དེའི་གྲོས་ཚོགས་འོག་མའི་ཚོགས་ཁང་ནང་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད་པ་དང་། དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་ལྕམ་སྐུ་ Liz Truss མཆོག་གཙོས་ཨོ་སི་ཊི་ལི་ཡ་དང་སྦེལ་ཇམ་གྱི་སྲིད་བློན་ཟུར་པ་རྣམ་གཉིས་གཙོས་ཁེ་ན་ཌ་དང་ཉི་ཧོང་གི་གྲོས་ཚོགས་འཐུས་མི། དེ་བཞིན་ཡུ་གུར་དང་ནང་སོག ཧོང་ཀོང་དང་ཐེ་ཝན། བྷར་མ་བཅས་ཀྱི་སྐུ་ཚབ་ཙམ་མ་ཟད། བོད་མིའི་ཕྱོགས་ནས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སོགས་ནས་མཉམ་ཞུགས་གནང་འདུག

ལྷན་ཞུགས་ཐོག་ལྕམ་སྐུ་ Liz Truss མཆོག་གིས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་། དེ་ནི་ལྕམ་སྐུ་མཆོག་དབྱིན་ཡུལ་གྱི་སྲིད་བློན་ལས་གནས་ནས་དགོངས་ཞུ་གནང་བའི་རྗེས་ཀྱི་གསུང་བཤད་ཆེས་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

སྐབས་དེའི་ལྷན་ཚོགས་ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཨརྒྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་དང་འབྲེལ་རྒྱ་གཞུང་གིས་བོད་ནང་གི་དགོན་སྡེ་དང་ཆོས་ཕྱོགས་ཀྱི་སྐུ་བརྙན་མང་པོ་གཏོར་བཤིག་བཏང་དང་གཏོང་མུས་ཁྲོད་བཅའ་སྡོད་སློབ་གྲྭ་ཕོན་ཆེ་ཆེད་འཛུགས་བརྒྱུད་བོད་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་སྤེལ་བཞིན་པར་སེམས་འཚབ་ཀྱི་རྣམ་པ་ཆེད་བཏོན་གནང་སྟེ་ད་ཆ་བོད་ནང་ནས་གནས་ཚུལ་གང་ཡང་ཕྱིར་ཐོན་གྱི་མེད་པ་དེས་རྒྱལ་སྤྱིའི་ཚོགས་སྡེ་ནས་བོད་དེ་ཉེན་ཁ་མེད་པར་དགོངས་ཀྱི་ཡོད་ན་དོན་དངོས་དེ་ཆེས་ཉེན་ཚབས་ཀྱི་གནས་སུ་ལྷུང་མུས་ཡིན་པ་གསུངས་འདུག

ཁོང་གིས་སྐབས་དེར་གཙོ་བོ་རྒྱ་ནག་གིས་ཐེ་ཝན་ཐོག་དྲག་གནོན་བྱེད་བཞིན་པ་དང་དེ་བཞིན་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁྲོད་རང་དབང་གི་ཚོང་འབྲེལ་བྱ་རྒྱུའི་ཤུགས་རྐྱེན་བཅས་དང་འབྲེལ་བའི་གནད་དོན་ཁག་གི་ཐོག་གསུང་བཤད་གནང་བར་ཚོད་དཔག་གནང་བཞིན་འདུག དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་ Liz Truss མཆོག་ནས་རྐང་འཛམ་གླིང་གི་མང་གཙོའི་གཞུང་འཛིན་པ་ཡོངས་ཀྱིས་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ཁག་མཉམ་ལས་གནང་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་གདོང་ལེན་གྱིས་བཞེངས་ཕྱོགས་མཁྲེགས་ཙམ་འཛིན་དགོས་གལ་སྐོར་ནན་བཤད་གནང་རྒྱུ་དང་། དེ་བཞིན་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ཁག་དང་འབྲེལ་ཐེ་ཝན་ལ་ཕྱི་འབྲེལ་གྱི་གནས་བབ་ཆ་ཚང་སྤྲོད་དགོས་པ་དང་འབྲེལ་བའི་ཐོག་རྒྱལ་ཁབ་དེ་ཉིད་རང་གི་སྲུང་སྐྱོབ་ཐུབ་སླད་གདང་ངེས་ཅན་གྱི་གོ་མཚོན་མཁོ་སྤྲོད་གནང་དགོས་གལ་ཡིན་པ་མ་ཟད། མང་གཙོའི་རྒྱལ་ཁབ་ནས་ནེ་ཊོ་ཆིངས་དོན་སྒྲིག་འཛུགས་བཞིན་ཕན་ཚུན་དཔལ་འབྱོར་རོགས་སྐྱོར་སླད་ཨ་རི་དང་ཡོ་རོབ་ཁུལ་གྱི་རྒྱལ་ཁབ་དུ་མའི་མཐུན་ཚོགས་ཤིག་ཆེད་འཛུགས་གནང་སྟེ་རྒྱ་ནག་གི་གནོན་ཤུགས་འོག་དཔལ་འབྱོར་གྱི་ངལ་བ་འཕྲད་མཁན་རྒྱལ་ཁབ་དག་ལ་རོགས་སྐྱོར་དང་། ཐེ་ཝན་དང་མཉམ་དཔལ་འབྱོར་གྱི་འབྲེལ་ལམ་གཏིང་ཟབ་གནང་དགོས་སྐོར་སོགས་ཀྱི་གནད་དོན་ཐོག་གསུང་བཤད་གནང་རྒྱུ་རེད་འདུག

ལྷག་དོན་སྲིད་བློན་ཟུར་པ་མཆོག་གིས་རྒྱ་ནག་གིས་ཐེ་ཝན་གྱི་ཉེ་འགྲམ་དུ་དམག་སྦྱོང་སོགས་བྱེད་བཞིན་པའི་འཇིགས་སྐུལ་ལ་གཞིགས་པའི་ G7 ཞེས་རྒྱལ་སྤྱིའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་དབུ་ཁྲིད་ཚོས་ངེས་པར་དུ་རྒྱ་ནག་ཐོག་སྲིད་བྱུས་མཁྲེགས་བཟུང་གནང་ནས་རྒྱལ་ཁབ་དེའི་དཔོན་རིགས་རྣམས་ལ་སྲིད་དོན་ཉེས་ཆད་སྣ་མང་བཀལ་བ་ནི་ཛ་དྲག་དགོས་གལ་ཞིག་ཆགས་ཡོད་ཅེས་ནན་བརྗོད་གནང་འདུག

གཞི་རྩའི་ལྕམ་སྐུ་ Liz Truss མཆོག་འདས་ལོའི་ཕྱི་ཟླ་ ༩ ཚེས་ ༥ ཉིན་དབྱིན་ཡུལ་གྱི་སྲིད་བློན་དུ་བསྐོ་གཞག་བྱུང་ཡོད་པ་དང་ཁོང་གིས་རྒྱལ་ཁབ་དེའི་སྲིད་བློན་གྱི་ལས་འགན་འཁུར་ནས་ཉིན་གྲངས་ ༤༤  ལས་ཕྱིན་མེད་པའི་མཚམས་སུ་དཔལ་འབྱོར་སྲིད་བྱུས་དང་འབྲེལ་ཏེ་ལྩམ་སྐུ་མཆོག་གི་ཕྱག་ལས་གནང་ཕྱོགས་ཐད་ལ་ལབ་གླེང་མང་དག་ཅིག་བྱུང་ཡོད་སྟབས་ཁོང་གིས་ལོ་དེའི་ཕྱི་ཟླ་ ༡༠ ནང་གློ་བུར་དུ་སྲིད་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།