Tibetan Royal Year of 2151 | Year of the Wood Dragon

དབྱིན་ཡུལ་ནང་བོད་མི་ཚོས་བྷི་བྷི་གསར་ཁང་ལ་ཞུ་གཏུག་དང་ངོ་རྒོལ་རྔམ་སྟོན་གནང་བ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

འཛམ་གླིང་ས་ཕྱོགས་གང་སར་བོད་མི་གཙོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཡོད་པའི་རྗེས་འབྲང་པ་ཚོས༸གོང་ས་མཆོག་གི་མཚན་སྙན་སྲུང་སྐྱོབ་དང་གསར་ཁང་གི་ལོག་འགྲེལ་བྱ་སྤྱོད། མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་དག་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེར་སྤེལ་བཞིན་ཡོད་པའི་ཁྲོད་འདིར་དབྱིན་ཡུལ་ནང་གནས་འཁོད་བོད་མི་གཙོས་༸གོང་ས་མཆོག་ལ་དད་མོས་ཞུ་མཁན་གྱི་མང་ཚོགས་རྣམས་ཀྱིས་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་ཞུ་མཁན་དང་། བྷི་བྷི་སི་གསར་ཁང་གཙོ་གྱུར་གནས་ཚུལ་ལོག་འགྲེལ་སྤེལ་མཁན་གསར་ཁང་ཁག ལྷག་པར་དུ་རྒྱ་གཞུང་གིས་འཁྱོག་བཤད་དྲིལ་བསྒྲགས་སྤེལ་བ་སོགས་ལ་ངོ་རྒོལ་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་འདུག

དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་པ་གསུམ་གྱི་སྣེ་ཁྲིད་འོག་དབྱིན་ཡུལ་གྱི་རྒྱལ་ས་ལོ་ཊོན་ནང་རྟེན་གཞི་བྱས་པའི་བྷི་བྷི་སི་གསར་ཁང་ལས་ཁུངས་ཨ་མའི་མདུན་དུ་བོད་མི་རྣམས་འདུ་འཛོམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་དང་། བོད་ཀྱི་རྒྱལ་དར། ༸གོང་ས་མཆོག་ལ་མཚན་སྨད་སྐུར་འདེབས་ཀྱི་ལས་འགུལ་སྤེལ་ཁག་འཕྲལ་མར་མཚམས་འཇོག་དགོས་ཞེས་འབོད་ཚིག་འཁོད་པའི་ཕྲེད་དར་འཕྱར་ཏེ་ལོག་འགྲེལ་སྤེལ་མཁན་གསར་ཁང་ནས་ངེས་པར་དུ་༸གོང་ས་མཆོག་ལ་དགོངས་སེལ་ཞུ་དགོས། ངོ་ཚ་ཁྲེལ་གཞུང་མེད་པའི་གསར་ཁང་ཚོའི་ངོས་ནས་གནས་ཚུལ་ལོག་སྤེལ་མཚམས་འཇོག་དགོས། ༸གོང་ས་མཆོག་ནི་བྱམས་བརྩེ་དང་སྙིང་རྗེའི་བདག་ཉིད་རེད། མགོན་པོ་༸གང་ཉིད་མཆོག་༸སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་འབོད་སྒྲ་སྒྲོག་བཞིན་ས་གནས་སུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་བར་ཞི་བའི་རྔམ་སྟོན་གནང་ཡོད།

ཚེ་རིང་པ་སངས་ལགས་དང་དགྲ་ལྷ་ཚེ་རིང་ལགས། ཕུན་ཚོགས་ནོར་བུ་ལགས་བཅས་དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་པ་གསུམ་གྱིས་དང་བླངས་ཐོག་ནས་གོ་སྒྲིག་གནང་སྟེ་ས་གནས་སུ་རྟེན་གཞི་བྱས་པའི་བྷི་བྷི་སི་གསར་ཁང་གི་ལས་ཁུངས་ཨ་མའི་འགན་འཛིན་མིང་ཐོག་ཏུ་བྷི་བྷི་གསར་ཁང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་གནས་ཚུལ་བདེན་པ་དང་འཐུས་སྒོ་ཚང་བ་ངེས་སྤེལ་དགོས་པ་གཙོས་དོན་མཚན་བཞི་ཅན་གྱི་ཞུ་གཏུག་ཞུ་སྙན་ཞིག་ཕུལ་འདུག

དོན་ཚན་བཞི་ཅན་གྱི་ཞུ་སྙན་ནང་བྷི་བྷི་སི་གསར་ཁང་ནས་༸གོང་ས་མཆོག་གིས་འཛམ་གླིང་ཐོག་འགྲོ་བ་མིའི་རིན་ཐང་དང་བྱམས་བརྩེ། ཞི་བདེ་སོགས་ཀྱི་སྐོར་ལ་ལམ་སྟོན་དང་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་དང་སྐྱོང་བཞིན་པའི་གནས་ཚུལ་གསལ་བཀོད་ཀྱིས་སྤེལ་དགོས་པ་དང་། བོད་ནང་རྒྱ་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་བཙན་གྱིས་བཅུག་ནས་བོད་མི་རིགས་ངོ་བོ་རྩ་མེད་བཟོ་བཞིན་པའི་གནས་ཚུལ་དང་། གསར་འགྱུར་ལེ་ཚན་ནང་བོད་ཀྱི་རིག་གཞུང་དང་གོམས་སྲོལ་སྐོར་རྒྱང་བསྲིང་ཞུ་དགོས། དེ་བཞིན་རྒྱ་གཞུང་གིས་བོད་ལ་ཁྲིམས་འགལ་བཙན་འཛུལ་བྱས་ཏེ་བོད་ནང་གི་བོད་མིར་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་དངོས་ཡོད་གནས་ཚུལ་རྣམས་ཆད་མེད་རྒྱང་བསྲིང་ཞུ་རོགས་ཞེས་ཞུ་གཏུག་གནང་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།