Tibetan Royal Year of 2151 | Year of the Wood Dragon

 དུས་འཁོར་རྒྱུད་འགྲེལ་ཆེན་མོའི་ཕྱག་དེབ་དབུ་འབྱེད་གནང་བ།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

དེ་རིང་བཞུགས་སྒར་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྨད་བྱུང་དགོངས་བཞེད་ལས་འཁྲུངས་པའི་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་ཕྱག་དཔེ་དབུ་འབྱེད་དང་༸རྒྱལ་བའི་བཀའ་དྲིན་རྗེས་སུ་དྲན་པ་ཞེས་པའི་བརྗོད་གཞིའི་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ཁག་རྗེས་སུ་དྲན་པ་དང་འབྲེལ་བའི་མཛད་སྒོ་ཚོགས་སོང་། དེ་རིང་སྔ་དྲོ་ཕྱག་ཚོད་ ༡༠ ཐོག་ཚོགས་པའི་མཛད་སྒོའི་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་བཅས་དང་། ཟུར་ཉན་པ་དང་འབྲེལ་ཡོད་རྣམས་ལྷན་འཛོམས་ཐོག་སྐུ་མགྲོན་རྣམ་པས་ཉམས་ཞིབ་པ་དང་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ཀྱིས་རྩོམ་སྒྲིག་གནང་བའི་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་ཕྱག་དཔེ་པོད་དགུ་དབུ་འབྱེད་གནང་སོང་། མཛད་སྒོའི་ཐོག་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་གིས་དུས་འཁོར་རྒྱུད་འགྲེལ་དང་འབྲེལ་ཏེ། དུས་འཁོར་ནི་ཆོས་ཕྱོགས་དང་འབྲེལ་བ་ཙམ་མིན་པར་དེ་ནི་བོད་ཀྱི་སྐར་རྩིས་དང་གསོ་བ་རིག་པའི་སྒོ་ནས་གལ་འགངས་ཆེན་པོ་ཆགས་ཀྱི་ཡོད་སྐོར་གསུངས་སོང་ལ། དུས་འཁོར་རྒྱུད་འགྲེལ་གྱི་བཤད་ལུང་ཆེན་མོའི་ལོ་རྒྱུས་འགྲེལ་བརྗོད་གནང་སོང་། དེ་བཞིན་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་དེ་སྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དུས་འཁོར་རྒྱུད་འགྲེལ་དང་འབྲེལ་བཀའ་སློབ་སྩལ་བ་ལུང་འདྲེན་གྱིས་ཕྱག་དཔེ་དཔར་སྐྲུན་དང་རྩོམ་སྒྲིག་གནང་མཁན།  བཤད་ལུང་དེ་འཛིན་སྐྱོང་གནང་མཁན་གཙོ་བོ་མཁན་ཟུར་བྱ་དོ་རིན་པོ་ཆེ་མཆོག་ནས་བསྟན་པའི་མེ་རོ་སླར་གསོའི་ཞབས་འདེགས་བླ་ན་མེད་པ་བསྒྲུབས་ཡོད་པ་དང་། སྐུ་ལས་སྐྱོན་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་སོང་ལ། ཀི་རྟི་རིན་པོ་ཆེ་མཆོག་ནས་༸གོང་ས་མཆོག་གིས་ཐུགས་རེ་གནང་བ་གཞིར་བཟུང་དུས་འཁོར་རྒྱུད་འགྲེལ་གྱི་འཆད་ཉན་ཐོག་ལ་ཞབས་འདེགས་གང་ཡང་ཞུ་ཐུབ་མེད་ཀྱང་ཕ་ཡུལ་ལ་དུས་འཁོར་གྲྭ་ཚང་གཉིས་ཡོད་པ་ལྟར་དུས་འཁོར་གྱི་འཆད་ཉན་དེ་མཁན་ཐོག་རེར་རྫོགས་དགོས་པ་སྐུལ་མ་གནང་བ་བཞིན་ད་ལྟ་རྒྱུད་འགྲེལ་སློབ་བཞིན་སྐོར་གསུངས་སོང་། ༸དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ཕྱོགས་ཐོག་ནས་བསྟན་པ་སླར་གསོ་མཛད་པའི་མཛད་འཕྲིན་རགས་བསྡུས་སྙན་སེང་ཞུས་སོང་། ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་དུས་འཁོར་གྱི་ཉམས་ལེན་དང་དུས་འཁོར་གྱི་རྒྱུན་ཧ་ཅང་གལ་ཆེ་ཆགས་ཀྱི་ཡོད་སྐོར་དང་འབྲེལ། གཙོ་བོ་༸གོང་ས་མཆོག་གིས་བཀའ་འགྲེལ་གྱི་ཐོག་ནས་རྒྱུན་མ་ཆད་པར་དར་སྤེལ་བྱུང་བའི་གནས་སྟངས་ཆགས་ཡོད་སྐོར་གསུངས་པ་དང་ཆབས་ཅིག  ང་ཚོའི་མགོན་པོ་༸གང་ཉིད་མཆོག་གི་བཀའ་དྲིན་རྗེས་སུ་དྲན་ཐུབ་དགོས་པ་དང་མ་འོངས་པར་༸མགོན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་བོད་མིའི་སྒྲིག་འཛུགས་དང་རྒྱ་ཆེ་མང་ཚོགས་ཚོགོམ་པ་མདུན་སྐྱོད་ཞུ་གལ་ཡིན་པ་སོགས་གསུངས་སོང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བརྗོད་གཞི་ལས་འཕྲོས་ཏེ་གཞུང་ཆེན་དག་སློབ་གཉེར་གནང་བ་ཙམ་མིན་པར་ཉམས་བཞེས་གནང་གལ་དང་། ལྷག་པར་ང་ཚོ་སོ་སོ་རང་ཉིད་ནས་༸གོང་ས་མཆོག་གི་བཀའ་སློབ་སྙིང་ལ་བཅངས་ཏེ་ལས་དོན་ཁག་གནང་དགོས་སྐོར་གསུངས་ཡོད།གསར་འགོད་པས་ཕྱག་དཔེ་རྩོམ་སྒྲིག་གནང་མཁན་ཉམས་ཞིབ་པ་དང་རྩོམ་པ་པོ་ཤེས་རབ་དར་རྒྱས་ལགས་ལ་དུས་འཁོར་རྒྱུད་འགྲེལ་ཆེན་མོའི་གལ་གནད་དང་ཕྱག་དཔེ་པོད་དགུ་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་ཡོད།རྩ་བའི་བུ་སྟོན་རིན་ཆེན་གྲུབ་ནས་བརྒྱུད་པའི་དཔལ་དུས་ཀྱི་འཁོར་ལོའི་བཤད་ལུང་ཆེན་མོ་ ༡༧༨༥ ལོར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་དབུས་གཙང་གི་སྒྲུབ་སྡེ་ཆེན་པོ་ཞ་ལུ་རི་ཕུག་ནས་གསན་ཏེ་མདོ་སྨད་དུ་སྤྱན་དྲངས་པ་དང་།  དེ་ནས་རིམ་པས་བརྒྱུད་དེ་ ༡༩༤༠ ལོར་༸རྗེ་བཙུན་འཇིགས་མེད་དམ་ཆོས་རྒྱ་མཚོ་མཆོག་གི་དྲུང་ནས་༸སྐྱབས་རྗེ་ཀིརྟིའི་མཚན་ཞབས་རིན་པོ་ཆེས་གསན་པ་དང་། ལོ་མང་སོང་རྗེས་བོད་ཀྱི་ས་ཁུལ་མང་པོར་བཤད་ལུང་དེ་ཉིད་ཀྱི་བརྒྱུད་པ་ཧ་ཅང་དཀོན་ཞིང་ཉག་ཕྲ་བར་གྱུར་སྟབས། ཕྱི་ལོ་ ༡༩༥༣ ལོ་ཡས་མས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་རྩད་མཛད་ཀྱང་རེ་ཞིག་དགོངས་བཞེད་འགྲུབ་མ་ཐུབ། དེ་ནས་སྤྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྔར་བཞིན་བཤད་ལུང་དེའི་བརྒྱུད་རྒྱ་གར་དུ་ཕེབས་ཡོད་མེད་ལ་བཀའ་བརྩད་མཛད་དེ་བཤད་ལུང་དེ་ཉིད་ཀིརྟིའི་མཚན་ཞབས་རིན་པོ་ཆེར་མངའ་བ་མཁྱེན་པ་རེད། ༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་དང་བླ་ན་མེད་པའི་ཐུགས་ཁུར་འོག་ཀིརྟིའི་མཚན་ཞབས་རིན་པོ་ཆེས་ ༡༩༧༤ ལོར་གསེར་ཀོང་མཚན་ཞབས་རིན་པོ་ཆེར་འབུལ་གནང་མཛད་པ་ནས་སྤྱི་ལོ་ ༢༠༠༠ ལོར་དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་དང་མཁན་ཟུར་བྱ་དོ་རིན་པོ་ཆེ་སོགས་ལ་འབུལ་གནང་མཛད་པའི་བར་དུ་ཐེངས་བདུན་ལ་གནང་། དེ་ནས་གང་གི་ཞལ་སློབ་མཁན་ཟུར་བྱ་དོ་རིན་པོ་ཆེས་སྤྱི་ལོ་ ༢༠༡༨  ལོར་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་ཐེངས་དང་པོ་གནང་ཞིང་། སྤྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༤ ཉིན་ནས་བྱེས་ཀྱི་གདན་ས་ཞ་ལུ་དགོན་པར་ཐེངས་གཉིས་པ་གནང་གཏན་ཁེལ། ཞ་ལུ་དགོན་ནི་བུ་སྟོན་རིན་ཆེན་གྲུབ་ཀྱི་གདན་ས་དང་བུ་སྟོན་རིན་ཆེན་གྲུབ་ནི་བཤད་ལུང་འདིའི་འབྱུང་ཁུངས་རྩ་བ་ཡིན་པ་རེད། བཤད་ལུང་འདི་ཉིད་ཞ་ལུ་དགོན་དུ་གནང་བ་དེས་ཆོས་ཆོས་ཀྱི་བདག་པོར་འཕྲོད་པ་ཞིག་ཆགས་ཀྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།