Tibetan Royal Year of 2151 | Year of the Wood Dragon

དེ་རིང་གྲོས་ཚོགས་སུ་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་འབྲེལ་བའི་སྙན་ཐོ་འགོད་འབུལ་དང་བགྲོ་གླེང་གནང་བ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པ་འཚོགས་བཞིན་ཡོད་པ་ལྟར། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དྲུག་པའི་ཐོག་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཁེ་ཉེན་གནས་སྟངས་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་འགོད་འབུལ་ཞུས་པ་དང་ཆབས་ཅིག་ཏུ་སྤྱི་འཐུས་རྣམ་པས་བགྲོ་གླེང་གི་ཆ་ཤས་བཞེས་ཡོད།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༤ པའི་ཐོག་གཏན་འབེབས་གནང་བའི་གཞུང་འབྲེལ་གྲོས་ཆོད་ཀྱི་གོང་དོན་ཞིར་བཟུང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་བཟོ་ཐབས་སུ་ཚོགས་གཙོ་སྦྲེལ་པོས་སྤྱི་འཐུས་ ༣ དང་འཛིན་སྐྱོང་གི་ལས་བྱེད་ ༢ བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་བསྐོ་བཙུགས་གནང་ཡོད་པ་ལྟར། དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དྲུག་པའི་ཐོག་ཚོགས་ཆུང་གི་སྙན་ཐོ་སྙན་སྒྲོན་གནང་སོང་བའི་ནང་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་གི་ཁེ་ཡོད་སྡེ་ཚན་གྱི་ངོ་བོའི་ཐོག་ནས་ད་ལྟའི་ཆར་ཧི་མཱ་ཅལ་མངའ་སྡེ་རང་གི་ནང་དུ་གསར་འཛུགས་གནང་དགོས་པ་དང་། ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་གྲུབ་ཆ་ཚོགས་མི་ ༥ དགོས་པ་དང་། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལོ་འཁོར་ཤེར་བདག་མང་ཚོགས་ཀྱི་ཚོགས་འདུའི་གྲོས་ཆོད་ཀྱི་ལམ་ནས་ཡོང་དགོས་པ། ལས་བྱེད་འདེམས་སྒྲུག་བསྐོ་གཞག་གནང་ཕྱོགས། ལས་བྱེད་ཀྱི་གསོལ་ཕོགས་དང་ཐོབ་ཐང་གཞན་ཁག་སོགས་བཀོད་འདུག

ཞབས་ཞུ་ཁང་དེ་རང་སྐྱོང་གི་གནས་བབ་ཐོག་ནས་རྒྱུན་སྐྱོང་གནང་ཆེད་ཁེ་ཡོད་ཚོགས་པ་ཞིག་གི་ངོ་བོ་བཟོ་དགོས་པ་དང་། དེ་ནི་མ་འཛུགས་ཀྱི་ལམ་དང་དངུལ་བུན་ལེན་པའི་ལམ་ནས་ཡོང་དགོས་ཤིང་། མ་འཛུགས་ཀྱི་ལམ་ནས་ད་བར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་ཧིན་སྒོར་ས་ཡ་ ༧༥ བྱུང་ཡོད་པ་དང་། མུ་མཐུད་བོད་མི་འབྱོར་ལྡན་རྣམས་ཀྱིས་གཙོས་པའི་མི་མང་གང་མང་ལ་རག་ཐབས་གནང་དགོས་པར་མ་ཟད། བོད་པའི་ཚོགས་པ་སྒྲིག་འཛུགས་དང་བོད་མི་ཙམ་མིན་པར་ཕྱིའི་མི་རིགས་དང་སྒྲིག་འཛུགས་བཅས་ནས་མ་འཛུགས་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པ་བཅས་དོན་ཚུན་ ༩ འཁོད་འདུག

སྙན་ཐོར་བགྲོ་གླེང་གི་ལས་རིམ་ཐོག་ཕེབས་སྐབས་གྲོས་ཚོགས་འཐུས་མི་ ༡༦ ནས་ཆ་ཤས་བཞེས་པའི་ཁྲོད་ཁག་གཅིག་གིས་ཚོགས་པའི་འགན་འཛིན་ལྷན་ཚོགས་བསྐོ་གཞག་གནང་ཕྱོགས་ཐད་ལ་དགོངས་ཚུལ་གསུངས་སོང་།

དེ་བཞིན་གྲོས་ཚོགས་འཐུས་མི་ཁག་གཅིག་གིས་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་གནས་བབ་ཇི་ལྟར་ཆགས་ཐུབ་མིན་སོགས་ཀྱི་བཀའ་འདྲི་མང་དག་ཅིག་གནང་བར་མ་ཟད། དེ་སྔ་ཨ་རི་གཞུང་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ཆེད་དུ་རོགས་དངུལ་ས་ཡ་ ༢༥ ཞིག་གནང་ཡོད་པ་དེ་སྤྱི་ཚོགས་ཡར་རྒྱས་ཐེབས་རྩར་ཇི་ལྟར་གནང་ཕྱོགས་སྐོར་དང་རོགས་དངུལ་དེ་བཞིན་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ལ་གནང་ཆོག་མིན་ལ་སོགས་པའི་བཀའ་འདྲི་དང་དེ་ལྟར་གནང་ཚེ་ཁྲིམས་འགལ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད།

རླུང་འཕྲིན་ཁང་གིས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་མིང་དོན་མཚུངས་པ་ཞིག་ཏུ་བསྒྱུར་ཐབས་ཚོགས་ཆུང་གི་ཚོགས་གཙོར་སྤྱི་འཐུས་རྡོ་རྗེ་ཚེ་བརྟན་ལགས་སུ་སྙན་ཐོའི་གྲུབ་དོན་དང་གྲོས་ཚོགས་ནང་བགྲོ་གླེང་བྱུང་བའི་གནད་དོན་ཁག་གི་ཐོག་ལ་བཅར་འདྲི་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།