Tibetan Royal Year of 2151 | Year of the Wood Dragon

དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་བྷར་སེལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་ཡུ་རོབ་རྒྱལ་ཁབ་བྷེལ་ཇམ་ནང་དུ་རྟེན་གཞི་བྱས་པའི་བྷར་སེལ་སྐུ་ཚབ་དོན་ཁང་གི་དོན་གཅོད་པར་བསྐོ་གཞག་གནང་འདུག   དེ་རིང་ཟླ་ ༥ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་བཀའ་དྲུང་ཡིག་ཚང་གི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་བྷར་སེལ་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་པ་
དང་སྦྲགས། ཁོང་ལ་བྷེལ་ཇམ་གྱི་ལས་གཉེར་ཐོངས་མཆན་ཐོན་ཚེས་དང་ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས་ ༡ གང་སྔ་ནས་ལས་ཁུར་འགོ་འཛུགས་གནང་རྒྱུ་ཡིན་པ་རེད་འདུག
རྩ་བའི་བཀྲིས་ཕུན་ཚོགས་ལགས་ནས་མི་ལོ་ ༣༥ ལྷག་གི་རིང་བོད་མིའི་སྒྲིག་འཛུགས་ནང་ཞབས་ཕྱི་ཞུ་གནང་ཡོད་པ་དང་། དེའི་ཁྲོད་ནས་ཕྱི་ལོ་ ༡༩༩༧ ་་ ༢༠༠༡ བར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་དང་། ཕྱི་ལོ་ ༢༠༠༡ ནས་ ༢༠༠༥ བར་ཕ་རན་སི་དང་བྷར་སེལ་སྐུ་ཚབ་དོན་གཅོད་དུ་གནས་སྤོས་གནང་། དེ་རྗེས་མ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་དང་། སྦེང་ལོར་ལྷོ་སྤྱིའི་ལས་འགན་ཐོག་ཕྱག་ལས་གནང་པ་མ་ཟད། དེ་རྗེས་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༨ ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་སལ་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེར་བསྐོ་གཞག་གིས་མུ་མཐུད་ལས་འཁུར་ཞུ་མུས་ཡིན་པ་རེད།
ཁོང་གིས་ཕྱི་ལོ་ ༡༩༩༣ ལོར་ཐོག་མར་འཛིན་སྐྱོང་གི་ལས་གནས་བཞེས་ཡོད་པ་དང་སྦྲགས། ཕྱི་དྲིལ་ལས་ཁུངས་ཀྱི་ལྷོ་ཨ་ཕི་རི་ཀ་དང་དཀྱིལ་ཤར་ཡུལ་གྲུ་ཁག་གི་སྡེ་ཚན་ནང་ཕྱག་ལས་གནང་སྐབས་ལྷོ་ཨ་ཕི་རི་ཀའི་ནང་དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་འཛིན་དམ་པ་ Nelson Mandela གཉིས་དབར་གྱི་མཇལ་འཕྲད་ཐོག་མ་དེ་གོ་སྒྲིག་ཞུས་ཐུབ་པ་བྱུང་འདུག

 

འབྲེལ་ཡོད་གསར་གནས།

གསར་གནས།