Tibetan Royal Year of 2151 | Year of the Wood Dragon

ཕ་རན་སི་སྲིད་བློན་ལ་རྒྱ་ནག་ཏུ་ཕྱོགས་སྐྱོད་སྐབས་བོད་དོན་གླེང་དགོས་པའི་ཞུ་སྐུལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཕ་རན་སི་སྲིད་བློན་མཆོག་དང་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་མཆོག་རྣམ་གཉིས་རྒྱ་ནག་ཏུ་ཕྱོགས་སྐྱོད་གནང་འཆར་ཡོད་པ་དང་བསྟུན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་སོགས་ཀྱིས་བོད་དོན་ངེས་པར་དུ་གླེང་དགོས་པའི་ཞུ་སྐུལ་གནང་འདུག

ཁ་སང་ཕྱི་ཚེས་ ༣༠ ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནས་ཚུལ་སྤེལ་བར་ཕྱི་ཟླ་ ༤ ཚེས་ ༤ ནས་ཚེས་ ༨ བར་ཉིན་གྲངས་བཞིའི་རིང་ཕ་རན་སི་སྲིད་བློན་སྐུ་ཞབས་ Emmanuel Macron མཆོག་དང་ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་ལྕམ་ Ursula von der Leyen ལགས་རྣམ་གཉིས་རྒྱ་ནག་ནང་ཕྱོགས་སྐྱོད་གནང་གི་ཡོད་སྟབས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཕ་རན་སི་ནང་དུ་རྟེན་གཞི་བྱས་པའི་ Ligue des Droits de l’Homme ཞེས་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་བཅས་མཉམ་རུབ་ཐོག་ཁོང་རྣམ་གཉིས་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྤྱི་དང་སྒོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ངེས་པར་དུ་གླེང་སློང་གནང་དགོས་པའི་ཞུ་སྐུལ་གནང་འདུག

ལྷག་དོན་ཕ་རན་སི་སྲིད་བློན་མཆོག་ལ་དགོས་འདུན་གྱི་ཕྱག་ཡིག་ཕུལ་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཆེད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་དབར་གྲོས་མོལ་བསྐྱར་གསོ་གནང་དགོས་པའི་གནད་དོན་དང་། ཉེ་ལམ་རྒྱལ་ཚོགས་ཀྱི་ཆེད་མཁས་མི་སྣས་ཞིབ་འཇུག་བརྒྱུད་མངོན་གསལ་གནང་བའི་རྒྱ་གཞུང་གིས་བོད་ཕྲུག་བྱིས་པ་ས་ཡ་ ༡ ལྷག་རང་གི་ཕ་མ་དང་ཁ་བྲལ་བཏང་སྟེ་བཅའ་སྡོད་སློབ་གྲྭར་བཙན་བཏང་བྱས་པའི་གནད་དོན་རྣམས་གླེང་དགོས་པའི་དགོས་འདུན་བཏོན་འདུག

དེ་དང་ཕྱོགས་མཚུངས་སུ་ International Federation for Human Rights ཞེས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འགན་འཛིན་ Andrea Giorgetta ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་རྒྱལ་མཚམས་ཀྱི་དབྱེ་བ་མེད་པར་འཛམ་གླིང་ཡོངས་ཁྱབ་ཀྱི་གནད་དོན་ཞིག་ཡིན་པ་གསུངས་པr་མ་ཟད། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཁོང་རྣམ་གཉིས་ཀྱི་ཐེངས་འདིའི་རྒྱ་ནག་ནང་གི་ཕྱོགས་སྐྱོད་སྐབས་གཙོ་བོ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་དགོས་པའི་ཁར་སྔ་ལོར་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་མཚམས་འཇོག་རྗེས་ཕ་རན་སི་གཙོས་ཡོ་རོབ་མཐུན་ཚོགས་དང་འབྲེལ་ལམ་བསྐྱར་གསོ་བྱེད་ཐབས་བྱེད་ཡོད་པའི་གོ་སྐབས་དེར་དམ་འཛིན་གྱིས་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འབྲེལ་ལམ་ནང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་གལ་ཆེར་ངོས་འཛིན་དགོས་སྐོར་གསུངས་པ་དང་ཆབས་ཅིག་པེ་ཅིང་དུ་མ་ཕེབས་གོང་བོད་དང་ཤིན་ཅང་། རྒྱ་ནག་བཅས་ཀྱི་སྤྱི་དམངས་ཚོགས་པ་དང་ཐུག་འཕྲད་གནང་དགོས་གལ་ཡིན་པ་སོགས་གསུངས་ཡོད།

ཕ་རན་སིར་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ལྕམ་ Bénédicte Jeannerod ལགས་ཀྱིས་ཁོང་རྣམ་པའི་ཕྱོགས་སྐྱོད་སྐབས་རྒྱ་གཞུང་གི་མི་གཅིག་དབང་འཛིན་གྱི་རིང་ལུགས་དེར་སྣང་མེད་དུ་འཇོག་རྒྱུ་མེད་པར་མ་ཟད། མི་མང་གི་ཁྲོད་དུ་ཞི་ཅིན་ཕིང་དང་ལྷན་ཡོངས་གྲགས་ཐོག་ནས་བོད་དང་ཧོང་ཀོང་། ཤིན་ཅང་། རྒྱ་ནག་རྒྱལ་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་ཐོག་བློ་འཚབ་ཀྱི་རྣམ་པ་ཆེས་མངོན་གསལ་གནང་དགོས་སྐོར་གསུངས་འདུག པར་བདག་བདང་། Getty Images

འབྲེལ་ཡོད་གསར་གནས།

གསར་གནས།