Tibetan Royal Year of 2151 | Year of the Wood Dragon

ཕོ་མོ་དབྱེ་འབྱེད་ཀྱི་དྲག་རྩུབ་འགོག་ཐབས་ཀྱི་ལས་འགུལ་དབུ་འབྱེད།

Tibetan News Headlines

  • སེམས་བཟང་པོ་བྱ་རྒྱུ་ནི་ངོས་ལ་སྒྲུབ་པའི་ཆོས་ཡག་ཤོས་དེ་ཆགས་ཀྱི་ཡོད་ཅེས་བཀའ་སྩལ་བ།
  • རྒྱ་ནག་གིས་ཨ་རུ་ནཱ་ཅལ་གྱི་ས་ཁུལ་ཁག་ལ་མིང་གསར་པ་བཏགས་པའི་ལས་གཞིར་དཔྱད་ཞིབ།

Saturday 20/04/2024

  • Dalai Lama Calls for greater Compassion, Deems Kindness the Best Religious Practice
  • Thread of beads: Analysis of China’s renaming of places in Arunachal

དེ་རིང་ཕྱི་ཟླ་ ༡༡ ཚེས་ ༢༥ ཉིན་མོ་འདི་ནི་རྒྱལ་སྤྱིའི་ཁྲོད་ International Day for the Elimination of Violence against Women ཞེས་བེུད་ལ་འཚེ་བ་འགོག་ཐབས་ཀྱི་ཉིན་མོར་སྲུང་བརྩི་ཞུ་བཞིན་པར་མ་ཟད་དེ་རིང་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༡༢ ཚེས་ ༡༠ བར་ཕོ་མོ་དབྱེ་བ་ལ་བརྟེན་ནས་རྩུབ་སྤྱོད་འགོག་ཐབས་ཆེད་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་བེུད་ནུས་སྟོབས་གོང་སྤེལ་ཚན་པས་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་ནང་ཉིན་མོ་དེ་སྲུང་བརྩི་ཞུས་པ་དང་འབྲེལ། བོད་ཀྱི་བེུད་ལྷན་ཚོགས་དང་ཟུང་འབྲེལ་ཐོག་དེ་རིང་ནས་ཉིན་གྲངས་ ༡༦ རིང་ཕོ་མོ་དབྱེ་འབྱེད་ཀྱི་དྲག་རྩུབ་འགོག་ཐབས་ཀྱི་ལས་འགུལ་ཞིག་དབུ་འཛུགས་གནང་ཡོད།དེ་རིང་གི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་དང་སྲི་ཞུ་བ་བཅས་ནས་ལྷན་བཞུགས་གནང་བ་མ་ཟད་ཉིན་མོ་དང་འབྲེལ་ནས་གསུང་བཤད་གནང་མཁན་མི་སྣ་བཞི་གདན་ཞུ་གནང་འདུགསྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བེུད་འགོ་ཁྲིད་དང་བཙན་གཡེམ་དང་རྩུབ་སྤྱོད་འགོག་ཐབས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་གྱི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་། བཙན་གཡེམ་དང་རྩུབ་སྤྱོད་འགོག་ཐབས་དང་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་སོང་། དེ་བཞིན་གྲོགས་མོ་ཚོགས་པའི་འགན་འཛིན་བསྟན་འཛིན་སྐལ་བཟང་ལགས་ཀྱིས་ཕྲུ་གུའི་སྲུང་སྐྱོབ་དང་ནུས་སྟོབས་གོང་སྤེལ་གྱི་སྐོར་ལ་གཏམ་བཤད་གནང་སོང་། Martha Farrell Foundation ཚོགས་པའི་འགན་འཛིན་ Nandita Bhatt ལགས་ཀྱིས་ལས་ཀ་བྱ་ཡུལ་སུ་འཁྲིག་སྤྱོད་གྱི་བསྲུན་གཙེར་འགོག་ཐབས་དང་འབྲེལ་བའི་སྐོར་ལ་གཏམ་བཤད་གནང་ཡོད།གསར་འགོད་པས་བོད་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འགན་འཛིན་ཚེ་རིང་སྐྱིད་ལགས་སུ་ཉིན་མོ་དང་འབྲེལ་བའི་སྐོར་ལ་བཅར་འདྲི་ཞུས་པར་བེུད་ནུས་སྟོབས་ཚན་པས་བོད་མིའི་སྤྱི་ཚོགས་ནང་ཕོ་མོ་དབྱེ་འབྱེད་ཡོད་མེད་སོགས་ཀྱི་སྐོར་ལ་ཉམས་ཞིབ་གནང་བ་དང་ལྷག་པར་དུ་ ༢༠༢༠ ལོར་རོགས་པའི་འབྲེལ་ལམ་ཞེས་པ་ཞིག་གསར་འཛུགས་གནང་ནས་སྤྱི་ཚོགས་ཁྲོད་ཀྱི་གནས་སྟངས་རྒྱུས་ལོན་གནང་བ་སོགས་ལ་གཞིགས་ཏེ་ཉེ་བའི་ཉིན་གྲངས་ ༡༦ རིང་བོད་མིའི་གཞིས་ཆགས་ཁག་གཙོས་སློབ་གྲྭ་དང་མཐོ་སློབ་སོགས་ལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།