Tibetan Royal Year of 2151 | Year of the Wood Dragon

ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ཚེས་གྲངས་གསལ་བསྒྲགས།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

དེ་རིང་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་དེ་བཞིན་ ༢༠༢༡ ལོའི་ཕྱི་ཟླ་ ༡ པོའི་ཚེས་ ༣ ཉིན་གནང་རྒྱུ་ཡིན་པ་དང་། དངོས་གཞིའི་འོས་བསྡུ་ཆེན་མོ་དེ་བཞིན་ཕྱི་ཟླ་ ༤ པའི་ཚེས་ ༡༡ ཉིན་སོ་སོར་ཉིན་བརྒྱ་དུས་གཅིག་ཏུ་གནང་གཏན་ཁེལ་ཡོད་སྐོར་གསལ་བསྒྲགས་བསྐྱངས་བ་མ་ཟད། དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཀྱི་དངོས་གཞིའི་འོས་གཞི་ ༢ གཏན་འབེབས་ཀྱིས་ཐག་གཅོད་གནང་ཡོད་པ་གསུངས་སོང་།དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དབང་འདུས་ཚེ་རིང་ལགས་དང་། འགན་འཛིན་ལས་འཕར་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་དང་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་གཉིས་བཅས་དབུ་བཞུགས་ཐོག་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་བའི་ཐོག དབུས་འོས་བསྡུ་ལྷན་ཚོགས་ཀྱིས་འོས་གཞི་འདོན་ཕྱོགས་དང་འབྲེལ་བའི་སྒྲིག་གཞིའི་དོན་ཚན་ཁག་ལ་ཞིབ་འཇུག་གིས་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་དངོས་གཞིའི་འོས་གཞི་གྲངས་གཉིས་ལ་གཏན་འབེབས་ཐག་གཅོད་ཞུས་ཡོད་པ་དང་། གལ་ཏེ་གྲངས་ཚད་གཅིག་གྱུར་གྱི་དངོས་གཞིའི་འོས་གཞི་གཉིས་པ་གཉིས་ཐོན་ཚེ་འོས་གཞི་གསུམ་འདོན་རྒྱུ། གལ་ཏེ་དངོས་གཞིའི་འོས་གཞི་དང་པོ་གྲངས་ཚད་གཅིག་གྱུར་གཉིས་ཐོན་ཚེ་དེ་གཉིས་ལ་འོས་གཞིེར་ཐག་གཅོད་ཞུ་གཏན་ཁེལ་བ་གསལ་བསྒྲགས་གནང་སོང་།

དེ་བཞིན་ལོ་རྗེས་མའི་ཕྱི་ཟླ་ ༡ པོའི་ཚེས་ ༣ ཉིན་སྲིད་སྐྱོང་དང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་རྣམ་པའི་སྔོན་འགྲོའི་འོས་བསྡུ་གནང་རྒྱུ་དང།  དེ་རྗེས་གྲངས་བཤེར་ཕྱོགས་སྡོམ་སོགས་གནང་རྗེས། ཕྱི་ཟླ་ ༢ པའི་ཚེས་ ༨ ཉིན་སྒྲིག་གསལ་སྲིད་སྐྱོང་གི་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞི་དང་། སྒྲིག་གསལ་སྤྱི་འཐུས་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་གནང་བའི་རྗེས་སུ། ཕྱི་ཟླ་ ༣ པའི་ཚེས་ ༢༡ ཉིན་དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་གཞི་གསལ་བསྒྲགས་གནང་རྒྱུ་རེད་འདུག དེ་རྗེས་ཕྱི་ཟླ་ ༤ པའི་ཚེས་ ༡༡ ཉིན་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་གནང་རྒྱུ་དང་། ཕྱི་ཟླ་ ༥ པའི་ཚེས་ ༡༤ ཉིན་འདེམས་ཐོན་སྲིད་སྐྱོང་གསར་འགོད་གསལ་བསྒྲགས་གནང་རྒྱུ་དང་། ཚེས་ ༡༤ ནས་ ཕྱི་ཟླ་ ༥ པའི་ཚེས་ ༢༨ བར་འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་གསར་འགོད་གསལ་བསྒྲགས་གནང་རྒྱུ་དང་། དོ་བདག་སོ་སོར་བཀོད་རྒྱ་གཏོང་རྒྱུ་དང་སྒྲིག་གསལ་བཅས་གནང་བའི་རྗེས་སུ། ཕྱི་ཟླ་ ༥ པའི་ཚེས་ ༣༠ ཉིན་སྐབས་ ༡༧ ཉིན་འདེམས་ཐོན་སྤྱི་འཐུས་རྣམས་ཀྱི་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་འཚོགས་རྒྱུ་ཡིན་པ་སོགས་གསལ་བསྒྲགས་གནང་སོང་།

གཞི་རྩའི་དབུས་འོས་བསྡུ་ལས་ཁང་ངོས་ནས། ཟླ་བ་འདིའི་ཚེས་ ༡ ནས་བོད་མི་གནས་སྡོད་ས་ཕྱོགས་གང་སར། ཕྱི་ལོ་ ༢༠༢༡ ལོའི་ཀྱི་སྲིད་སྤྱིའི་འོས་བསྡུ་ཆེན་མོའི་སླད་དུ་འོས་འཕེན་པའི་མིང་གཞུང་དེབ་འགོད་ཀྱི་ལས་དོན་དབུ་འཛུགས་ཟིན་པ་ལྟར།  ཟླ་བ་འདིའི་ཚེས་ ༢༤ བར་ས་གནས་ཁག་༣༠ ཙམ་གྱི་དེབ་འགོད་ཟིན་པའི་མཚན་བཞུང་འབྱོར་ཡོད་པའི་ནང་དུ། ད་བར་འོས་ཕེན་པ་ ༣༦༣༦༧ དེབ་འགོད་ཟིན་ཡོད་པ་རེད་འདུག དབུས་འོས་བསྡུའི་འགན་འཛིན་མཆོག་གིས་དེ་རིང་གི་གསར་འགོད་ལྷན་ཚོགས་དང་བསྟུན་འོས་འཕེན་པའི་མིང་གཞུང་དེབ་འགོད་ཀྱི་ལས་དོན་ཚ་ཚ་འུར་འུར་ངང་འགྲོ་བཞིན་པ་དེའི་ཐོག་རྒྱ་ཆེ་མང་ཚོགས་ནས་ཐུགས་ཁུར་གང་ཐུབ་བཞེས་དགོས་པའི་སྐུལ་མ་གནང་སོང་།

གཞན་ཡང་དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་དབུས་འོས་བསྡུ་འགན་འཛིན་རྣམས་ཀྱིས་ཉེ་སྔོན་ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་དྲ་མིང་ལ་ཚུལ་ཁྲིམས་བསྟན་པ་ཞུ་བ་ཞིག་གིས། སྲིད་སྤྱིའི་འོས་བསྡུ་དང་འབྲེལ་ངོ་དེབ་སྤྱི་ཚོགས་དྲ་ལམ་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཤོག་དང་ཐམ་ཀ་རྫུན་བཟོ་བྱས་པའི་གནད་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་བློ་ཕམ་ཡོད་སྐོར་གསུངས་བ་མ་ཟད། གསར་འགོད་པའི་དྲི་བར་དྭངས་ལེན་ཁྲོད། རྩ་བའི་འདི་ལོ་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་རྐྱེན་གྱིས་དུས་ཚོད་གཉན་འཕྲང་ཅན་ཞིག་ཆགས་བསྡད་པའི་འོག ཕྱི་ལོ་ ༢༠༢༡ ལོའི་སྲིད་སྤྱིའི་འོས་བསྡུའི་ལས་རིམ་ཁག་འཆར་གཞི་བཞིན་དུས་ཐོག་ལ་འགྲུབ་ཐུབ་པའི་ཆོད་སེམས་བརྟན་པོ་ཡོད་པ་ནན་བརྗོད་གནང་སོང་། གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པ་ཞིག་གིས་ཉེ་ལམདབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོ་ཁྲིམས་ཞིབ་ཁང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱིར་འགྱངས་གནང་བ་དེ་ཁྲིམས་འགལ་ཡིན་པའི་གནད་དོན་དང་འབྲེལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དབུས་པའི་རྒྱུན་ལས་ ༡༡ གྱི་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པའི་ཆད་འགེལ་ཐད་བཀའ་འདྲི་ཞུ་མཁན་བྱུང་ཡང་། འོས་བསྡུའི་འགན་འཛིན་མཆོག་གིས་ད་ལྟའི་ཆར་དེའི་སྐོར་གང་ཡང་གསུང་ཡ་མེད་པའི་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།