Tibetan Royal Year of 2151 | Year of the Wood Dragon

བཙན་བྱོལ་ནང་གི་བོད་མིའི་ཚོགས་སྒེར་ཁག་ ༣༦ གིས་བོད་མིའི་འོས་བསྡུ་སྒྲིག་གཞིར་བསྐྱར་བཅོས་དགོས་སྐོར་གྱི་དགོངས་འཆར་ཕུལ་བ།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ད་བར་བཙན་བྱོལ་ནང་གི་བོད་མིའི་ཚོགས་སྒེར་ཁག་ ༣༦ གིས་བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞིར་བསྐྱར་བཅོས་དགོས་སྐོར་གྱི་དགོངས་འཆར་ཡིག་ལམ་ནས་ཕུལ་འདུག
དེའང་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་རིང་མིན་བཙན་བྱོལvotibet་བོད་མིའི་འོས་བསྡུ་སྒྲིག་གཞིར་བསྐྱར་བཅོས་གནང་ཕྱོགས་དང་འབྲེལ་སྒྲིག་གཞིར་བསྐྱར་བཅོས་ཇི་དགོས་ཐད་འཆར་ཟིན་ཚོགས་ཆུང་ཞིག་ཆེད་འཛུགས་གནང་རྒྱུའི་གྲོད་ཆོད་གཏན་འབེབས་བྱུང་དོན་ལྟར། ཕྱི་ཟླ་དྲུག་པའི་ཟླ་མཇུག་ཙམ་ནས་དབུ་འཛུགས་ཀྱིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༣༡ བར་འོས་བསྡུ་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་རྐང་འགན་བཞེས་ཐོག་བཙན་བྱོལ་བོད་མིའི་གནས་སྡོད་ས་ཁུལ་ཁག་གི་མང་ཚོགས་ནས་བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞིར་བསྐྱར་བཅོས་གནང་དགོས་མིན་ཐོག་ལ་དགོངས་འཆར་བསྡུ་རུབ་ཞུ་རྒྱུའི་ལས་རིམ་ཞིག་གནང་མུས་ཡིན་པ་རེད།
འདི་ག་རླུང་འཕྲིན་ཁང་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་སྟོབས་རྒྱལ་ལགས་སུ་ཆེད་བཅར་གྱིས་དེ་རིང་བར་འདས་པའི་ཟླ་བ་གཅིག་ལྷག་གི་དུས་ཡུན་དེའི་ནང་ལ་མང་ཚོགས་ནས་དགོངས་འTopgyal-la-1ཆར་ཕུལ་མཁན་ཇི་ཙམ་བྱུང་ཡོད་པ་སོགས་ཀྱི་ཐད་ལ་བཅར་འདྲི་ཞུས་པར།  ཁོང་གིས་དེ་རིང་བར་རྒྱ་གར་དང་བལ་ཡུལ། དེ་བཞིན་ཕྱི་རྒྱལ་ཁག་ཏུ་གནས་སྡོད་བོད་མིའི་ཚོགས་སྒེར་ཁག་ ༣༦ གིས་བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞི་ཐོག་ལ་དགོངས་འཆར་ཕུལ་བ་བྱུང་ཡོད་པ་བཅས་གསུངས་སོང་།  ཚོགས་དྲུང་སྟོབས་རྒྱལ་ལགས་ཀྱིས་མུ་མཐུད་གསུངས་པར་ད་རེས་མང་ཚོགས་ཚོས་བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞིར་བསྐྱར་བཅོས་དགོས་པའི་དགོངས་འཆར་ཕུལ་ཁག་ལ་འོས་བསྡུ་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་ལྟ་ཞིབ་དང་། གོ་བསྡུར་གནང་པའི་བརྒྱུད་རིམ་ལས་གྲུབ་འབྲས་ཇི་སོན་གྱི་སྙན་ཐོ་དེ་ལོ་རྗེས་མའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་ནང་དུ་ཕུལ་རྒྱུ་ཡིན་པ་གསུངས་ཡོད།

རྩ་བའི་བཙན་བྱོལ་བོད་མིའི་འོས་བསྡུ་སྒྲིག་གཞི་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་ཞེས་མི་ལྔ་ཡོད་པའི་ཚོགས་ཆུང་དེའི་ཚོགས་གཙོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་དང། དྲུང་ཆེ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། དབུས་འོས་བསྡུའི་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་མཆོག  སྤྱི་འཐུས་པདྨ་འབྱུང་གནས་ལགས། དེ་བཞིན་སྤྱི་འཐུས་རྒྱ་རི་མཐར་ལགས་བཅས་ཡིན་པ་རེད།
སྤྱིར་འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་སུ་དཀའ་ངལ་རིམ་པ་འཕྲད་ཁག་ལ་གཞིགས་ཏེ། མང་ཚོགས་ཀྱི་ཁྲོད་ནས་མ་འོངས་པར་འོས་བསྡུའི་ལས་རིམ་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་དུས་ཡུན་དེ་ལོགས་སུ་དབྱེ་བྱེད་དགོས་པ་དང། སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་དུས་ཡུན་དེ་རིང་དྲག་པ་མ་ཟད། ལྷག་དོན་སྔོན་འགྲོ་དང་དངོས་གཞིའི་དབྱེ་བ་མེད་པར་ཉིན་བརྒྱ་དུས་གཅིག་གི་ནང་འོས་འཕེན་དགོས་པ་དང་། གྲོས་ཚོགས་གོང་འོག་དགོས་པ། གང་ཟག་སྒེར་གཅིག་ལ་འོས་གཅིག་མ་གཏོགས་འོས་གཉིས་འཕེན་རྒྱུའི་ཐོབ་ཐང་མེད་པ་བཟོ་དགོས་པ་སོགས་ཀྱི་དགོངས་ཚུལ་གླེང་མཁན་མི་ཉུང་བ་ཞིག་བྱུང་ཡོད་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།