Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༦ ཚོགས་པ།

Tibetan News Headlines

  • CTA calls for immediate access to Panchen Lama, urges Chinese Panchen not to become a political tool
  • Tibetans commemorate Panchen Lama’s 35th birthday with fervor and heartfelt remembrance
  • New Amnesty report highlights severe human rights abuses in Tibet
  • We have back channel with China since one year but have no immediate expectation: Sikyong
  • Blinken kicks off direct engagement with China ahead of tough talks
  • Residents of Sakya Puruwala settlement offers ‘Gyaton Tenshug’ to Sakya Gongma Trichen Rinpoche

རེས་གཟའ་ཕུར་བུ། ༢༠༢༤།༠༤།༢༥

  • ༸པཎ་ཆེན་སྐུ་ཕྲེང་ ༡༡ མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི།
  • ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་རྣམ་པ་འདྲ་མིན་སྒོ་ནས་སྲུང་བརྩི།
  • བོད་ནང་གི་བོད་མི་རྣམས་མུ་མཐུད་དྲག་གནོན་འོག་ཡོད་པ།
  • རྒྱ་ནག་དང་ལྷན་བརྒྱུད་ལམ་གཞན་ཐོག་འབྲེལ་ལམ་འགོ་འཛུགས་བྱས་ཀྱང་ལམ་སེང་དོན་འབྲས་སོན་པའི་རེ་བ་མེད་ཅེས་གསུངས་འདུག
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འཚམས་གཟིགས་ཁྲོད་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་ངེས་ཡིན་པ་གསུངས་འདུག
  • སྤུར་ཝ་ལ་གཞིས་འབངས་ཡོངས་ནས་༸དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་ལ་གྱ་སྟོན་གྱི་བརྟན་བཞུགས་བསྟར་འབུལ།

དེ་རིང་བཞུགས་སྒར་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༦ དབུ་འཛུགས་གནང་བ་དང་། ཚོགས་ཆེན་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་རྣམས་ནས་གཞན་ལ་བརྟེན་མི་དགོས་པར་ཆབ་སྲིད་དང་རིག་གཞུང་། དཔལ་འབྱོར་སོགས་ཀྱི་གནས་བབ་རང་ཚུགས་ཐུབ་པ་ཞིག་བྱེད་དགོས་གལ་ཡིན་པར་གསུངས་སོང་།

དེ་རིང་ཟླ་ ༥ ཚེས་ ༢ ཉིན་གྱི་སྔ་དྲོ་བཞུགས་སྒར་དྷ་སའི་ས་གནས་བདེ་དོན་ལས་ཁུངས་ཀྱི་ཚོགས་ཁང་དུ་ཚོགས་པའི་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༦ ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་དམིགས་བསལ་སྐུ་མགྲོན་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། བཙན་བྱོལ་བོད་མིར་རོགས་དངུལ་སོགས་ཀྱི་རྒྱབ་སྐྱོར་གནང་མཁན་བོད་ཀྱི་བདེ་རྩ་ཁང་དང་ NDI སོགས་ཀྱི་འགན་འཛིན། དེ་བཞིན་ཚོང་ལས་ཚོགས་པའི་ཚོགས་གཙོ་གཙོས་ཚོགས་མི་རྣམས་དང་བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་གནང་འདུག

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བཀྲིས་དབང་འདུས་ལགས་ཀྱིས་བོད་མིའི་ཚོང་ལས་བདེ་ཚོགས་དེ་ ༢༠༠༥ ལོར་ཚ་ཚ་འུར་འུར་ངང་གསར་འཛུགས་གནང་ཡོད་ཀྱང་། བར་ལམ་ཞིག་ནས་ཚོགས་མི་དང་ལས་དོན་ཁག་སྤེལ་རྒྱུ་ཉུང་དུ་ཕྱིན་པ་སོགས་དང་འབྲེལ་ནས་ཉམས་རྒུད་ཕྲན་བུ་ཕྱིན་ཡོད་ཅེས་དང་། ཕྱི་ལོ་ ༢༠༢༢ ལོ་ནས་ཚོགས་པས་དེང་དུས་ཀྱི་ཁྲོམ་རར་བོད་པའི་ཚོང་པ་རྣམས་ཀྱི་ངོས་ནས་ཚོང་ལས་འདྲ་མཉམ་གཉེར་ཐུབ་ཐབས་སུ་དྲ་རྒྱའི་ཚོང་གཉེར་གནང་རྒྱུ་དང་མ་འཛུགས། ཚོང་འབྲེལ་གྱི་ལས་གཞི་གཙོ་གྱུར་ཚོང་པ་སྐྱེད་སྲིང་གི་ལས་གཞི་མང་དག་ཅིག་སྤེལ་ཡོད་པ་སོགས་ངོ་སྤྲོད་གནང་སོང་།

སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་ནང་དུ་པར་སིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་ནང་དུ་ཇིའུ་མི་རིགས་ཀྱི་སྤྱི་ཚོགས་བཅས་ནས་མི་རིགས་ཀྱི་གྲངས་འབོར་ཉུང་ཉུང་ཡིན་པར་ལྟོས་མེད་ངལ་བ་འཛེམས་མེད་ཀྱིས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་རྣམས་ལུང་འདྲེན་དང་སྦྲགས་ཏེ་ང་ཚོ་བོད་མི་རྣམས་ཀྱིས་ཆབ་སྲིད་དང་རིག་གཞུང་། དཔལ་འབྱོར་སོགས་ཀྱི་གནས་བབ་རང་ཚུགས་ཐུབ་པ་ཞིག་བྱེད་དགོས་གལ་ཡིན་པ་དང་། ལྷག་དོན་བོད་མིའི་ཁྲོད་ནས་ Billionaire འམ་འབྱོར་ལྡན་མི་སྣ་ཐོན་དགོས་པར་མ་ཟད་རང་མི་རིགས་ཀྱི་རིག་གཞུང་དང་བཟང་སྤྱོད་ཀྱི་རྣམ་དཔྱོད་ལྡན་པའི་ཐོག་ནས་གནས་བབ་ཡར་རྒྱས་གཏོང་དགོས་ཞེས་སོགས་གསུངས་སོང་།

དེ་བཞིན་དམིགས་བསལ་སྐུ་མགྲོན་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཚོགས་ཆེན་ཐོག་བོད་པའི་གཞོན་སྐྱེས་མང་དག་ཅིག་འདུག་པ་དང་། ལྷག་པར་བེུད་རྣམས་ནས་དཔུང་པ་མཉམ་གཤིབས་ཀྱིས་ཚོང་ལས་ནང་འགན་བཞེས་བཞིན་པར་དགའ་སྤོབས་ཆེན་པོ་བྱུང་ཞེས་གསུངས་པ་དང་ཆབས་ཅིག སླད་མར་ལོ་ལྔ་དྲུག་ནང་བོད་མིའི་ཚོང་ལས་བདེ་ཚོགས་དེ་ཡར་རྒྱས་གོང་འཕེལ་གྱི་ལམ་བུར་བསྐྱོད་ཐུབ་པའི་ཐུགས་རེ་གནང་བཞིན་ཡོད་སྐོར་སོགས་གསུངས་ཡོད།  

ཉིན་རྒྱབ་ཏུ་ཚོགས་པའི་སྔོན་རྩིས་གཏན་འབེབས་དང་མ་འོངས་དཔལ་འབྱོར་གནས་བབ་ཐོག་གྲོས་བསྡུར་སོགས་གནང་རྗེས། དེང་སྐབས་དྲ་རྒྱའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བའི་གཅད་གཏུབ་བྱས་པའི་བརྙན་ཐུང་ཞིག་ཆེད་སྤེལ་བྱས་རྐྱེན་མགོན་པོ་༸གང་ཉིད་མཆོག་ལ་མཚན་སྨད་ཞུས་པར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་། བཙན་བྱོལ་བོད་མིའི་དང་བླངས་དཔྱ་དངུལ་བསྡུ་བྱར་ཚོང་པའི་བདེ་ཚོགས་ཀྱི་ཚོགས་མི་རྣམས་ཀྱི་འབུལ་འབབ་མང་དུ་གཏང་རྒྱུ། དེ་བཞིན་བོད་ཀྱི་སྐད་ཡིག་མི་མཉམ་རྒྱུན་འཛིན་སླད་བོད་ཡིག་ཐོག་ནས་ཡིག་འབྲེལ་གང་ཐུབ་གནང་རྒྱུ་སོགས་ཀྱི་གྲོས་ཆོད་གྲོས་འཆར་གཏན་འབེབས་གནང་རྒྱུ་ཡིན་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ཚེ་སང་སྔ་དྲོ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་བཅར་བ་རྣམས་ནས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གི་མཇལ་ཁ་ཞུ་རྒྱུ་ཡིན་པ་དང་། རིང་མིན་ཚོང་ལས་བདེ་ཚོགས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་གཏན་ཁེལ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།