Tibetan Royal Year of 2151 | Year of the Wood Dragon

བཞུགས་སྒར་ནས་ཅན་དྷི་གྷར་བར་གོམ་བགྲོད་པ་རྣམས་དྷ་སར་འབྱོར་སྐབས་སྣེ་ལེན་གཟབ་རྒྱས་ཞུས་པ།  

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་སླད་བཞུགས་སྒར་ནས་ཅན་དྷི་གྷར་བར་ཞི་བའི་གོམ་བགྲོད་གནང་མཁན་རྣམས་དེ་རིང་ཕྱི་དྲོ་དྷ་སར་ཕེབས་མ་ཐག་ས་གནས་མང་ཚོགས་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་སོང་། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་སླད་རིན་པོ་ཆེའི་༸སྐུའི་འཁྲུངས་སྐར་ཉིན་རྒྱ་གར་ས་གནས་ཁག་ལྔ་ནས་གཞི་རྒྱ་ཆེ་བའི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད་པ་ལྟར། ད་ཆ་ས་གནས་ཡོངས་ནང་ལས་འགུལ་དེ་མཇུག་སྒྲིལ་གནང་བ་དང་བསྟུན། དེ་རིང་བཞུགས་སྒར་དུ་དྷ་ས་ནས་ཅན་དྷི་གྷར་བར་གོམ་བགྲོད་གནང་བར་ཕེབས་མཁན་རྣམས་ས་གནས་སུ་སླར་འབྱོར་མ་ཐག་ས་གནས་བུད་མེད་ལྷན་ཚོགས་དང་དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ས་གནས་མང་ཚོགས་ཚོས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་མ་ཟད། ཡོངས་གླིང་སྔོན་འགྲོའི་སློབ་གྲྭར་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་དབུ་བཞུགས་ཐོག་མཛད་སྒོ་སྟབས་བདེ་ཞིག་དང་དགོང་མོའི་གསོལ་ཚིགས་བཅས་གོ་སྒྲིག་གནང་ཡོད་པ་རེད།རྩ་བའི་དྷ་ས་ནས་ཅན་དྷི་གྷར་བར་གོམ་བགྲོད་ཕེབས་མཁན་གྱི་རུ་ཁག་རྣམས་ཁ་སྔོན་ཚེས་ ༧ ཉིན་ཞོགས་པ་ཚོུད་ ༡༠༌༡༥ ཐོག་ཅན་དྷི་གྷར་དུ་འབྱོར་བ་དང་སྦྲགས། དེ་ཉིན་ཅན་དྷི་གྷར་གྱི་ Gurudwara sahib village shahpur ནང་ཕྱི་དྲོ་ཚོུད་ ༦ པ་ཡོལ་ཙམ་ལ་མཇུག་སྒྲིག་གྱི་མཛད་སྒོ་ཚོགས་ཡོད་པ་རེད། སྐབས་དེར་མཛད་སྒོར་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་དང་ཚོ་ཁག་གི་བློན་ཆེན་ཟུར་པ་ཕུན་ཚོགས་རཱཡི་མཆོག་གདན་འདྲེན་ཞུས་ཡོད་པ་ལྟར་ཁོང་དངོས་སུ་ཕེབས་མེད་ཀྱང་ཁོང་གི་བུ་འབུམ་རམས་པ་བསྟན་འཛིན་བསོད་ནམས་ལགས་དང་དམིགས་བསལ་སྐུ་མགྲོན་རྒྱ་གར་རྒྱལ་ཡོངས་འཕགས་བོད་འབྲེལ་མཐུད་ཚོགས་པའི་དྲུང་ཆེ Vijay Sharma ལགས་གཙོ་གྱུར་གནད་ཡོད་མི་སྣ་ཁག་གཅིག་ཆེད་ཕེབས་ཀྱིས་བོད་དོན་གྱི་འཐབ་རྩོད་ལ་ད་བར་རྒྱབ་སྐྱོར་གནང་མུས་དང་མ་འོངས་པར་དེ་ལྟར་གནང་རྒྱུའི་ཞལ་བཞེས་ཀྱི་གསུང་བཤད་གནང་འདུགཚེས་ ༨ ཉིན་ཅན་དྷི་གྷར་མཐོ་སློབ་ནང་སློབ་གཉེར་གནང་བཞིན་པའི་ལ་དྭགས་དངཁུ་ནུ། བོད་པའི་སློབ་ཕྲུག བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་གོམ་བགྲོད་པ་བཅས་ཁྱོན་མི་གྲངས་ ༣༠༠ ཙམ་ཞིག་འདུ་འཛོམས་ཀྱིས་ཁུལ་དེར་མར་མེ་ཁྲོམ་སྐོར་དང་༸པཎ་ཆེན་རིན་པོ་ཆེ་མཆོག་གློད་བཀྲོལ་དགོས་པའི་ཞི་རྒོལ་གནང་འདུག  བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན་ལགས་ཀྱིས་གོམ་བགྲོད་བརྒྱུད་ནས་རྒྱ་གར་ས་གནས་མང་ཚོགས་ལ་༸པཎ་ཆེན་རིན་པོ་ཆེའི་གནད་དོན་དང་བོད་དོན་དྲིལ་བསྒྲགས་ཧ་ཅང་ལེགས་པོ་བྱུང་སྐོར་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་གཞི་རྒྱ་ཆེ་བའི་གོམ་བགྲོད་ཀྱི་ལས་འགུལ་དེ་མུ་མཐུད་ནས་སྤེལ་དགོས་པ་གསུངས་ཡོད་པ་དང་། སྒོས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་༸པཎ་ཆེན་རིན་པོ་ཆེ་མཆོག་དང་བོད་ཀྱི་གནད་དོན་ཐད་མཁྱེན་རྟོགས་ཡོད་མེད་ལ་ལྟོས་མེད་བོད་མི་ནས་གནད་དོན་དེ་དག་ཐོག་རྒྱབ་སྐྱོར་ཡོང་སླད་ཞུ་གཏུགས་དང་འབོད་སྐུལ་ངེས་པར་དུ་གནང་དགོས་པ་གསུངས་སོང་།གཞི་རྩའི་བཞུགས་སྒར་ནས་ཅན་དྷི་གྷར་བར་ཁྱོན་སྤྱི་ལེ་ ༢༤༠ ལྷག་ཡོད་པ་དང། གོམ་བགྲོད་པ་ནས་ཉིན་རེར་སྤྱི་ལེ་ ༢༠ ལྷག་ཕེབས་པའི་ཐོག་ཁྱོན་ཉིན་གྲངས་ ༡༣ ནང་ཅན་དྷི་གྷར་ལ་འབྱོར་འདུག གོམ་བགྲོད་དེའི་ནང་བཞུགས་སྒར་དྷ་ས་དང་སྦིར། ཌ་ལ་ཧོ་སི། མ་ན་ལི། སིམ་ལ། དེ་བཞིན་མཚོ་པད་མ་སོགས་ས་གནས་ཁག་ནས་བོད་མི་ཁྱོན་ ༡༠༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།