Tibetan Royal Year of 2151 | Year of the Wood Dragon

བལ་པོ་ཞིག་གིས་སྡུག་བསྔལ་ཞེས་པའི་སྐྱབས་བཅོལ་བོད་མིའི་གནས་སྟངས་སྐོར་དེབ་བརྩམས་པར་མང་ཚོགས་ནས་དགའ་མོས་ཆེན་པོ་བྱེད་བཞིན་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

བལ་ཡུལ་ནང་གི་བལ་པོའི་རྩོམ་བྲིས་པ་ Malika Keshari ལགས་ཀྱིས་ཡུལ་དེའི་ནང་གནས་སྡོད་སྐྱབས་བཅོལ་བོད་མིའི་གནས་སྟངས་དང་དཀའ་སྡུག་སྐོར་སྡུག་བསྔལ་ཞེས་པའི་དེབ་ཞིག་འདོན་སྤེལ་གནང་འདུག་པར་བལ་ཡུལ་མང་ཚོགས་ཚོས་དགའ་མོས་ཆེན་པོ་བྱེད་བཞིན་པའི་ཁྲོད་འདིར་བལ་ཡུལ་ནང་གི་དཔེ་དེབ་ཚོང་ར་བ་ལས་དེབ་བྲིན་ཤོས་གྲས་ཤིག་ཆགས་ཀྱི་འདུགརྩོམ་པ་པོ་ Malika Keshari ལགས་ཀྱིས་བརྩམས་པའི་དཔེ་དེབ་སྡུག་བསྔལ་ཞེས་པར་མང་ཚོགས་ཀྱིས་དགའ་མོས་ཤུགས་ཆེ་གནང་བར་བརྟེན་ཡུལ་དེའི་བརྒྱུད་ལམ་འདྲ་མིན་གྱིས་ཁོང་ལ་བཅར་འདྲི་ཁག་ཅིག་ཞུས་འདུག་པ་ལྟར། ཉེ་ཆར་ཡུལ་དེའི་ Rashtra Vani ཞེས་པའི་བརྒྱུད་ལམ་གྱི་བཅར་འདྲིའི་ལས་རིམ་ཐོག་ཁོང་གིས་སྡུག་བསྔལ་ཞེས་པ་དེ་ནི་སྐྱབས་བཅོལ་བོད་མིའི་གནས་སྟངས་སྐོར་ཡིན་པ་དང་། བོད་མི་རྣམས་བཙན་བྱོལ་དུ་གྱར་ནས་བལ་ཡུལ་དང་རྒྱ་གར་གཙོས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་ཁྲོད་རང་གི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གནང་རྒྱུར་དཀའ་ངལ་འཕྲད་བཞིན་པ་དང་། སྒོས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་མཚོན་ན་རང་གི་ལུང་པ་མེད་པ་དང་ཆོས་རིག དེ་བཞིན་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་ཐད་དཀའ་ངལ་འཕྲད་བཞིན་པའི་ཐད་ལ་ཡིག་ཆ་མེད་སྟབས། སློབ་གཉེར་གནང་མ་ཐུབ་པའི་ངལ་བ། ཐ་ན་རླངས་འཁོར་གཉེར་ཆོག་པའི་ཕྱག་འཁྱེར་མེད་པ། ཕྱི་ཕྱོགས་ལ་འགྲུལ་བཞུད་མ་ཐུབ་པ། རང་གི་མ་འོངས་མདུན་ལམ་གང་འདྲ་ཆགས་མིན་བརྗོད་དཀའ་བའི་དཀའ་ངལ་འཕྲད་བཞིན་པའི་བལ་ཡུལ་ནང་གི་སྐྱབས་བཅོལ་བོད་མིའི་གནས་སྟངས་དང་དཀའ་ངལ། བོད་མིའི་འཐབ་རྩོད་སོགས་མངོན་གསལ་གནང་བའི་ཕྱག་དེབ་ཞིག་ཡིན་པར་གསུངས་འདུག

བལ་ཡུལ་དང་རྒྱ་ནག་དབར་འབྲེལ་བ་ཡོད་པ་ལྟར་བོད་དང་དེ་སྔ་ལོ་ངོ་སྟོང་ཕྲག་ལྷག་གི་དེ་ལྟ་བུའི་བྱུང་བ་ཡོད་སྟབས་ཁོང་ད་ལན་བོད་མིའི་གནས་སྟངས་སྐོར་གླེང་བར་སྐྱོན་གང་ཡང་གཟིགས་ཀྱི་མེད་པ་དང་། ཆབ་སྲིད་དང་རྒྱལ་ཁབ་ཕན་ཚུན་འབྲེལ་ལམ་གྱི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་རིགས་གནང་གི་མེད་པ་དེ་ལྟར་ནའང་། བལ་ཡུལ་གཞུང་གིས་རྩ་ཁྲིམས་ནང་དུ་སྐྱབས་བཅོལ་བ་རྣམས་ལ་གཞི་རྩའི་ཐོབ་ཐང་སྤྲོད་དགོས་པར་བཀོད་དོན་བཞིན་བལ་ཡུལ་དུ་གནས་བཞུགས་སྐྱབས་བཅོལ་བོད་མིའི་གནས་སྟངས་སྐོར་གླེང་སློང་གནང་དགོས་ངེས་ཡིན་པར་གསུངས་འདུགཕྱག་དེབ་དེ་བརྩོམ་་དགོས་པའི་རྒྱུ་མཚན་གང་ཡིན་ཐོག་བཅར་འདྲིར་ཁོང་གིས་ཆུང་དུས་ནས་བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་ཀྱི་ཉེ་འགྲམ་དུ་འཚར་ལོངས་བྱུང་བ་ལྟར་བོད་མི་རྣམས་དང་ལྷན་དུ་འབྲེལ་བ་མང་པོ་ཡོང་གི་ཡོད་པ་དང་། བོད་མི་མང་ཚོགས་ལྷན་དུ་ཉིན་རེའི་འཚོ་བ་དང་འབྲེལ་བའི་ངལ་བ་མང་དག་ཅིག་ཡོད་སྐོར་མཐོང་ཐོས་བྱུང་དོན་ཁག་མངོན་གསལ་གནང་ཕྱིར་ཕྱག་དེབ་དེ་བརྩམས་པ་ཞིག་ལས་སྒེར་ལ་ཁེ་ཕན་རག་ཐབས་སླད་དུ་མིན་པར་གསུངས་པ་མ་ཟད། ད་རེས་ཁོང་གི་ཕྱག་དེབ་དེ་བལ་ཡུལ་གཞུང་གིས་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་སོགས་དང་འབྲེལ་བ་གང་ཡང་མེད་པ་དེ་ལྟར་ཡང་། བལ་ཡུལ་ནང་གི་བོད་མི་དེ་དག་གི་ཁོངས་ནས་མང་དག་ཅིག་བལ་ཡུལ་རང་དུ་འཚར་ལོངས་བྱུང་བ་དང་བལ་སྐད་འབྲི་ཀློག་ཀྱང་བལ་པོ་ལྟར་ཤེས་པ། བལ་ཡུལ་ལ་རང་རྒྱལ་ཁབ་ལྟ་བུའི་དགའ་མོས་གནང་གི་ཡོད་སྟབས་ང་ཚོས་ཀྱང་བོད་མི་རྣམས་ཀྱི་བདེ་སྡུག་ཐོག་བསམ་བློ་གཏོང་དགོས་ངེས་རེད་ཅེས་གསུངས་འདུགཁོང་གི་ཕྱག་དེབ་དེའི་ནང་ད་དུང་བལ་ཡུལ་ནང་དུ་གནས་བཞུགས་བོད་མིར་ཆབ་སྲིད་ཀྱི་བཞེངས་ཕྱོགས་ཐོག་ནས་དོན་དམ་པར་དཀའ་ངལ་འཕྲད་བཞིན་ཡོད་པ་མངོན་གསལ་གནང་ཡོད། ཕྱག་དེབ་དེར་བལ་པོའི་མང་ཚོགས་ཀྱིས་དགའ་མོས་ཆེན་པོ་གནང་བཞིན་པའི་ཁྲོད་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་ཀྱིས་ཀྱང་ཁོང་ལ་བལ་ཡུལ་སྐྱབས་བཅོལ་བའི་ངལ་བ་ཇི་འཕྲད་དང་འབྲེལ་བའི་གླེང་སློང་གནང་བར་ཐུགས་རྗེ་ཆེ་ཞུ་དང་ཡི་རངས་བསྔགས་བརྗོད་ཀྱི་འཕྲིན་ཐུང་མང་དག་ཅིག་བཏང་དང་གཏོང་མུས་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།