Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ་གཞུང་ནས་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཐབས་ལ་ཨ་རིས་དོ་ཁུར་ཆེན་པོ་གནང་བཞིན་ཡོད་ཅེས་གསུངས་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

བལ་ཡུལ་ནང་གི་ཨ་རི་གཞུང་ཚབ་ཆེན་མོས་ཨ་རིས་བལ་ཡུལ་ལ་གནང་བའི་རོགས་དངུལ་སྤྲོད་ཕྱོགས་ཀྱི་གན་རྒྱ་ Milenium Challenge Corporation ཞེས་པ་ལག་བསྟར་གནང་ཕྱོགས་ཁོངས་བལ་ཡུལ་གཞུང་གིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོའི་དཀའ་ངལ་སེལ་ཐབས་དང་འབྲེལ་བའི་གནད་དོན་ལ་དོ་ཁུར་ཆེན་པོ་གནང་བཞིན་ཡོད་ཅེས་ནན་བརྗོད་གནང་འདུག

བལ་ཡུལ་གྱི་ཨ་རི་གཞུང་ཚབ་པ་སྐུ་ཞབས་ Dean R Thompson ལགས་སྔ་ལོའི་ཕྱི་ཟླ་ ༡༠ ནང་བལ་ཡུལ་གྱི་ཨ་རི་གཞུང་ཚབ་ཆེན་མོའི་ཐུགས་འགན་བཞེས་ཡོད་པ་དང་གཟའ་འཁོར་སྔོན་མའི་རེས་གཟའ་ལྷག་པའི་ཉིན་སྐུ་ཞབས་ཁོང་གིས་རྒྱལ་ས་ཀ་ཐ་མན་དྲུར་བལ་ཡུལ་གྱི་གསར་འགོད་པ་ཁག་གཅིག་དང་འབྲེལ་བ་གནང་བའི་ཁྲོད་ཨ་རིའི་ངོས་ནས་བལ་ཡུལ་གྱི་ནང་སྲིད་གནད་དོན་ལ་ཐེ་བྱུས་གནང་གི་མེད་པ་དང་དེ་ལས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་ལས་དོན་ལ་དོན་གཉེར་གཙོ་བོ་གནང་སྟེ་བལ་ཡུལ་ནང་ Millennium Challenge Corporation

ཞེས་ཨ་རི་གཞུང་གི་རོགས་དངུལ་སྤྲོད་ཕྱོགས་ཀྱི་གན་རྒྱ་དེ་ལག་བསྟར་དོན་འཁྱོལ་ཡོང་བར་ཤུགས་སྣོན་རྒྱག་རྒྱུ་གཙོས་བལ་ཡུལ་གྱི་མང་གཙོའི་ལམ་སྲོལ་ལ་རྒྱབ་སྐྱོར་གནང་སྟེ་རྒྱལ་ཁབ་དེ་ཉིད་མང་གཙོའི་རྒྱལ་ཁབ་གཞན་ཁག་དང་མཉམ་ལས་གནང་བ་བརྒྱུད་བཟང་ཕྱོགས་ཀྱི་ལམ་བུར་སྣེ་ཁྲིད་ཐུབ་མཁན་ཞིག་ཆགས་དགོས་ཞེས་གསུངས་པ་དང་སྦྲགས་ཏེ་བལ་ཡུལ་གྱི་ངོས་ནས་རང་ཉིད་ཀྱི་ཐག་གཅོད་ཁག་སོ་སོས་གནང་དགོས་ཀྱི་རེད་ཅེས་ནན་བརྗོད་གནང་འདུག

སྐབས་དེར་ཁོང་གིས་ཨ་རི་གཞུང་གི་ངོས་ནས་བལ་ཡུལ་གྱི་རང་དབང་གཙང་མའི་བདག་དབང་དང་རྒྱལ་ཁབ་ཀྱི་ས་ཁོངས་བདག་དབང་བཅས་ལ་རྒྱབ་སྐྱོར་གནང་གི་ཡོད་ཅེས་གསུངས་པ་དང་འབྲེལ་ཏེ་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་གཙོ་བོར་དམིགས་ནས་བལ་ཡུལ་གྱི་ཆབ་སྲིད་བརྒྱུད་རིམ་ལ་དུས་ནམ་ཡང་ཐེ་གཏོགས་གནང་གི་མ་རེད་ཅེས་འགྲེལ་བརྗོད་དང་འབྲེལ། བལ་ཡུལ་དེ་ཕྱི་ལོ་ ༡༩༥༡ ལོར་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་གྱི་ཆིངས་དོན་ལ་མིང་རྟགས་བཀོད་མཁན་གྱི་རྒྱལ་ཁབ་མིན་ནའང་བལ་ཡུལ་གྱིས་ད་བར་བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་བཅོ་ལྔ་ཙམ་སྣེ་ལེན་ཞུས་པར་ཐུགས་རྗེ་ཆེ་ཞེས་གསུངས་ཡོད་པ་དེ་ལྟར་ཡང་། ཕྱི་ལོ་ ༡༩༩༥ ནས་བཟུང་བལ་ཡུལ་གཞུང་གིས་བོད་མི་བཙན་བྱོལ་བ་རྣམས་ལ་སྐྱབས་བཅོལ་བའི་ལག་དེབ་མཁོ་སྤྲོད་གནང་རྒྱུ་མཚམས་འཇོག་བྱས་ཡོད་སྟབས་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལྷན་ཁང་དང་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་མང་པོས་བལ་ཡུལ་གཞུང་ལ་ཡུལ་དེའི་ནང་གཏན་སྡོད་གནང་མཁན་བོད་མི་ཚོ་བལ་ཡུལ་ནང་གནས་སྡོད་ཆོག་པའི་ལག་དེབ་མཁོ་སྤྲོད་ཐུབ་པར་གཞེན་སྐུལ་རིམ་པ་གནང་ཡོད་སྐོར་གསུངས་ཡོད།

ཁོང་གིས་བལ་ཡུལ་ནང་ཁྲིམས་མཐུན་ཐོག་ནས་གནས་སྡོད་ཆོག་པའི་ལག་དེབ་དེ་མེད་ཚེ་བོད་མི་སྐྱབས་བཅོལ་བ་ཚོའི་བུ་ཕྲུག་རྣམས་སློབ་གྲྭ་དང་མཐོ་སློབ་སོགས་ལ་བསྐྱོད་རྒྱུ་དང་དངུལ་ཁང་། དེ་བཞིན་སྔར་བཞིན་ཁྲིམས་མཐུན་གྱི་ཚོང་ལས་གཉེར་རྒྱུ་ལ་སོགས་པར་ངལ་བ་དུ་མ་འཕྲད་ངེས་ཡིན་སྟབས་བོད་མི་སྐྱབས་བཅོལ་བའི་གནད་དོན་དེ་ཆབ་སྲིད་ཀྱི་གནད་དོན་ཞིག་མིན་པར་འགྲོ་བ་མིའི་གནད་དོན་ཞིག་ཆགས་ཡོད་པར་ནན་བརྗོད་དང་ཆབས་ཅིག་ཨ་རིར་མཚོན་ན་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་ནས་སྐྱབས་བཅོལ་བ་ཕེབས་ཀྱི་ཡོད་སྟབས་རྒྱལ་ཁབ་དེ་ཉིད་ལ་ཁེ་ཕན་ཆེན་པོ་ཐོབ་ཀྱི་ཡོད་པ་རེད། དེས་ན་ང་ཚོས་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཁག་དང་མཉམ་ལས་གནང་སྟེ་བོད་མི་སྐྱབས་བཅོལ་བ་ཚོ་རྒྱུན་གནས་ཐུབ་ཐབས་གནང་གི་ཡིན་ཞེས་དང་བོད་མི་དེ་དག་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་གུས་བརྩི་དང་རོགས་རམ་གནང་བཞིན་ཡོད་ཅེས་གསུངས་འདུག

བོད་མི་སྐྱབས་བཅོལ་བ་གཙོས་སྐྱབས་བཅོལ་བ་གཞན་ཚོའི་དཀའ་ངལ་སེལ་ཕྱོགས་དང་དེ་བཞིན་བལ་ཡུལ་ནང་གི་མང་གཙོའི་བརྒྱུད་རིམ་གོང་འཕེལ་གཏོང་ཐབས། དེ་འབྲེལ་བདེ་འཇགས་ཀྱི་གྲོས་མཐུན། ཁོར་ཡུག་གི་གནས་སྟངས་དང་ཨ་རི་གཞུང་གིས་བལ་ཡུལ་ལ་གནང་བའི་རོགས་དངུལ་སྤྲོད་ཕྱོགས་ཀྱི་གན་རྒྱ་ MCC ཞེས་པ་དེ་ལག་བསྟར་གང་འདྲ་གནང་གི་ཡོད་མེད་སོགས་གལ་ཆེའི་གནད་དོན་ཁག་གཅིག་ལ་དོ་ཁུར་ཆེན་པོ་གནང་བཞིན་ཡོད་ཅེས་གསུངས་འདུག འབྲེལ་ཡོད་པར་གི་བདག་དབང་། kathmandupost

འབྲེལ་ཡོད་གསར་གནས།

གསར་གནས།