Tibetan Royal Year of 2151 | Year of the Wood Dragon

བལ་ཡུལ་གཞུང་ཚབ་པས་བོད་མི་ཚོར་རྒྱ་གཞུང་ལ་ངོ་རྒོལ་རིགས་གཏན་ནས་སྤེལ་དུ་འཇུག་གི་མིན་ཞེས་ཁས་ལེན་བྱས་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

དེའང་ཟླ་བ་འདིའི་ཚེས་ ༩ ཉིན་རྒྱ་ནག་ནང་གི་བལ་ཡུལ་གཞུང་ཚབ་པ་ Mahendra Bahadur Pandey བོད་ཀྱི་རྒྱལ་ས་ལྷ་སར་ལྟ་སྐོར་དུ་ཕྱིན་ཏེ་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝུའུ་དབྱིང་ཅེ་དང་མི་མང་སྲིད་གཞུང་གི་གཙོ་འཛིན་ཆེ་དགྲ་ལྷ་བཅས་ཐུག་འཕྲད་བྱས་འདུགཝུའུ་དབྱིང་ཅེས་ཐུག་འཕྲད་ཀྱི་གླེང་མོལ་དེའི་སྐབས་དུས་ཚོད་རིང་པོ་ནང་བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱས་པ་དང་། བོད་ཀྱིས་གཙོས་པའི་ཐེ་ཝན་དང་འབྲེལ་བའི་གནད་དོན་ཐོག་ལངས་ཕྱོགས་བརྟན་པོས་རྒྱབ་སྐྱོར་བྱས་པ་མ་ཟད། ལྷག་དོན་བལ་ཡུལ་གཞུང་གིས་བལ་ཡུལ་ནང་དུ་གནས་བཞུགས་བཙན་བྱོལ་བོད་མི་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་མི་འདོད་པའི་ངོ་རྒོལ་གནང་བའི་བྱེད་སྤྱོད་རིགས་སྤེལ་དུ་མི་བཅུག་པར་བསྟོད་བསྔགས་བྱས་འདུགདེ་བཞིན་ཁོ་པས་དེ་སྔ་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ནང་རྒྱ་ནག་གྱི་སྲིད་འཛིན་ཞི་ཅིན་ཕིང་བལ་ཡུལ་ནང་གཞུང་འབྲེལ་སྐོར་སྐྱོད་ཆེད་དུ་འབྱོར་ཏེ་བལ་ཡུལ་གྱི་སྲིད་འཛིན་ Bidhya Devi Bhandari དང་སྲིད་བློན་ K P Sharma Oli གཉིས་ཀྱིས་དབུས་པའི་གནད་ཡོད་མི་སྣ་ཁག་གཅིག་དང་ཐུག་འཕྲད་བྱས་པ་དེ་ནས་བཟུང་རྒྱ་ནག་དང་བལ་ཡུལ་རྒྱལ་ཁབ་དབར་འབྲེལ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་བློ་རྩེ་འགྱུར་མེད་ཀྱི་ཐོག་ནས་ལག་བསྟར་གྱིས་ཕྱོགས་གཉིས་པོའི་དཔལ་འབྱོར། ཚོང་དོན། རིག་གནས། ཡུལ་སྐོར། འགག་སྒོ་འཛུགས་སྐྲུན་སོགས་ཀྱི་ལས་དོན་ལ་མཉམ་ལས་བྱེད་རྒྱུའི་མཚོན་པའི་རྒྱ་ནག་དང་བལ་ཡུལ་དབར་འབྲེལ་ལམ་ཟབ་ཏུ་ཕྱིན་ཡོད་སྐོར་སོགས་བཤད་འདུགགཞན་ཡང་ཁོ་པས་ཁྱིམ་མཚེས་རྒྱལ་ཁབ་བལ་པོ་དང་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལྷིང་ལ་སོགས་པའི་གནད་དོན་ཐད་ནས་མཉམ་ལས་བྱེད་པར་སྔར་ལྷག་ཤུགས་སྣོན་རྒྱག་རྒྱུ་ཡིན་པར་ཁས་ལེན་བྱས་ཡོད་འདུགསྐབས་དེར་རྒྱ་ནག་ནང་གི་བལ་ཡུལ་གཞུང་ཚབ་པ་ Mahendra Bahadur Pandey ཡིས་རྒྱ་ནག་དང་བོད་རང་སྐྱོང་ལྗོངས་ཀྱིས་བལ་ཡུལ་ལ་རོགས་སྐྱོར་བྱས་པ་དང་ལྷག་པར་དུ་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་འགོག་རྒོལ་ལ་གདོང་ལེན་བྱེད་རིང་བལ་ཡུལ་གྱི་གཞུང་མང་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུ་དང་སྦྲགས་ཏེ། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱས་པ་དང་བོད་གཙོ་གྱུར་ཐེ་ཝན་དང་འབྲེལ་བའི་གནད་དོན་ཐོག་ལངས་ཕྱོགས་བརྟན་པོས་རྒྱབ་སྐྱོར་བྱས་པ། དེ་བཞིན་བལ་ཡུལ་ནང་དུ་གནས་བཞུགས་བཙན་བྱོལ་བོད་མི་ཚོའི་ངོས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བའི་བྱེད་སྤྱོད་དེ་རིགས་རྩ་བ་ནས་སྤེལ་དུ་འཇུག་གི་མིན་ཞེས་ཁས་ལེན་བྱས་འདུགགཞི་རྩའི་བལ་ཡུལ་དུ་རྒྱ་ནག་གིས་དཔལ་འབྱོར་གྱི་རོགས་རམ་བྱས་ནས་ཁུལ་དེར་གནས་བཞུགས་བཙན་བྱོལ་བོད་མི་རྣམས་ལ་སྐྱབས་བཅོལ་ལག་འཁྱེར་སྤྲོད་པར་དམ་དྲག་དང་། ལྷག་པར་དུ་བོད་ནས་གསར་དུ་འབྱོར་བའི་བོད་མི་དང་འབྲེལ་བའི་ཁྲིམས་སྒྲིག་སོགས་ཐེ་གཏོགས་བྱས་སྟབས། བལ་ཡུལ་ནང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུས་མཚོན་པའི་བོད་མིའི་ཆབ་སྲིད་ཀྱི་ལས་འགུལ་གཙོས་པའི་དེ་འབྲེལ་རྣམ་པ་ཆེད་བཏོན་གནང་བར་དམ་དྲག་ཤུགས་ཆེན་བྱས་དང་བྱེད་མུས་ཀྱི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།