Tibetan Royal Year of 2151 | Year of the Wood Dragon

བསྡུ་དངུལ་འབུལ་བསྡད་ཡོད་པའི་སྡེ་ཚན་ཁག་གི་གནས་སྟངས་ལ་ཞིབ་འཇུག་གནང་འཆར།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དྲུག་པའི་ཐོག་ཁ་སང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པས་གྲོས་ཚོགས་ཚོགས་སུ་སྙན་སྒྲོན་གནང་བའི་ཚོགས་ཆུང་གི་སྙན་ཐོར་སྤྱི་འཐུས་ཁག་གཅིག་ནས་བགྲོ་གླེང་གི་ཆ་ཤས་བཞེས་པ་དང་སྦྲགས། སྙན་ཐོ་ནང་གསལ་བའི་དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གཙོས་སྡེ་ཚན་ཁག་གཅིག་ནས་བོད་མིའི་སྒྲིག་འཛུགས་ལ་བསྡུ་དངུལ་འབུལ་བསྡད་ཡོད་པའི་སྐོར་དང་། བཀའ་འཁྲོལ་མེད་པའམ་བཀའ་འཁྲོལ་ཞུས་པའི་རྗེས་ཀྱི་གནས་སྟངས། དེ་བཞིན་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ཉེ་འདབས་སུ་ཆགས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་གི་ས་དང་ཨར་པོའི་ལས་གཞི་སོགས་དང་འབྲེལ་བའི་རྩིས་ཀྱི་གནད་དོན་ཐད་ལ་དགོངས་ཚུལ་ཤུགས་ཆེ་གནང་ཡོད།

སྤྱི་འཐུས་རྣམ་པའི་དགོངས་ཚུལ་དང་དྲི་བ་ཁག་ཞུས་ཟིན་མཚམས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ ཚོགས་གཙོ་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་ལགས་ཀྱིས་སྡེ་ཚན་བྱེ་བྲག་པ་གཅིག་ཙམ་མིན་པར་དེབ་སྐྱེལ་ཡོད་པའི་སྡེ་ཚན་སྤྱི་ཡོངས་ཀྱི་དངུལ་རྩིས་བཀའ་འཁྲོལ་ཞུ་སྟངས་དང་འགྲོ་ལུགས་སོགས་ལ་བསྐྱར་ཞིབ་གནང་ཐུབ་དགོས་གལ་ཡིན་པ་སོགས་གསལ་བཤད་གནང་ཡོད། 

སྐབས་དེར་སྤྱི་འཐུས་རྣམ་པའི་བགྲོ་གླེང་དང་ལན་འདེབས་གསལ་ཁག་གྲུབ་མཚམས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྙན་ཐོ་ནང་གསལ་བ་ལྟར་བོད་མིའི་སྒྲིག་འཛུགས་ལ་བསྡུ་དངུལ་འབུལ་བསྡད་ཡོད་པ་དྷ་ས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གཙོས་པའི་སྡེ་ཚན་ཁག་ནས་བསྡུ་དངུལ་འབུལ་ཐུབ་པའི་གནས་སྟངས་ཡོད་མིན་སོགས་ཀྱི་ཐད་ལ་ཞིབ་འཇུག་གནང་སྟེ་ཕྱི་ཟླ་དགུ་པའི་གྲོས་ཚོགས་སུ་སྙན་སེང་ཞུ་འཆར་ཡོད་པར་གསུངས་སོང་།

གཞི་རྩའི་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་དྲུག་པའི་ཐོག་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེ་ཉིད་རང་སྐྱོང་ལྡན་པའི་ཁེ་གཉེར་ཁང་ཞིག་ཏུ་འགྱུར་རྒྱུའི་སྙན་ཐོར་བགྲོ་གླེང་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སྐབས་ ༡༡ པའི་སྙན་ཐོ་མཇུག་སྐྱོང་སོགས་གནང་བར་མ་ཟད། ཉིན་རྒྱབ་ཚོགས་དུས་ཐོག་བདེ་སྲུང་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་ཀྱི་ལས་རིམ་ཐོག་ཕེབས་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།