Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་གློག་བརྙན་དུས་སྟོན་ཐོག་དུས་ཐུང་གློག་བརྙན་ཨང་དང་པོའི་བྱ་དགའ་འཁྲབ་ཁྲིད་པ་བསྟན་འཛིན་ལ་ཐོབ་པ།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

དེའང་ཟླ་བ་འདིའི་ཚེས་ ༡༢ དང་ ༡༣ བཅས་ཉིན་གྲངས་གཉིས་ཀྱི་རིང་སུད་སི་གྲོང་ཁྱེར་ཛུ་རེག་ནང་རྟེན་གཞི་བྱས་པའི་བོད་དོན་གློག་བརྙན་བཟོ་སྐྲུན་ཁང་གི་གོ་སྒྲིག་འོག སུད་སི་དང་དེ་བཞིན་དྷ་ས་ Blossom Village Resort དུ་བོད་ཀྱི་གློག་བརྙན་དུས་སྟོན་ཐེངས་ ༡༠ པ་དབུ་འཛུགས་གནང་ཡོད་པ་དང་། འདི་ལོའི་དུས་སྟོན་ཐོག་སྐར་མ་ ༥ ཅན་གྱི་དུས་ཐུང་གློག་བརྙན་ཨང་དང་པོའི་བྱ་དགའ་བཞུགས་སྒར་གནས་སྡོད་བསྟན་འཛིན་རྣམ་གྲོལ་ལགས་ཀྱི་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་ཞེས་པར་ཨང་དང་པོའི་བྱ་དགའ་ཐོབ་སོང་།    

ཐེངས་འདིའི་བོད་ཀྱི་གློག་བརྙན་དུས་སྟོན་ཐོག་བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཁྲོད་ནས་བཟོ་སྐྲུན་གནང་བའི་གློག་བརྙན་ ༡༦ གཟིགས་འབུལ་ཞུས་པ་མ་ཟད། རྒྱ་གར་དང་བལ་ཡུལ་གཉིས་ནང་གནས་བཞུགས་བོད་མི་གཞོན་སྐྱེས་ལྔས་བཟོས་པའི་དུས་ཐུང་འགྲན་ཞུགས་གློག་བརྙན་ལྔ་བཅས་གཟིགས་འབུལ་ཞུས་པ་ལྟར་དེའི་ཁོངས་ནས་དུས་ཐུང་གློག་བརྙན་རྩེད་ཕུད་ འདེམས་ཐོན་གནང་ཐོག་ཨང་དང་པོ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་བཟོས་པའི་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་ལ་ཨ་སྒོར་ ༡༦༠༠ ཐམ་པ་དང་གཟེངས་རྟགས་བཅས་བྱ་དགའ་གནང་ཡོད་པ་རེད།

གཞི་རྩའི་བོད་ཀྱི་གློག་བརྙན་དུས་སྟོན་དེ་ནི་ filming for Tibet ཞེས་པའི་ཚོགས་པ་ནས་ཕྱི་ལོ་ ༢༠༠༨ ལོར་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་བསྐྲུན་གནང་རྐྱེན་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་བོད་མི་དོན་འགྲུབ་དབང་ཆེན་ལགས་ཀྱི་གནས་སྟངས་གོ་རྟོགས་དང་ལྷག་པར་བོད་མིའི་ཁྲོད་གློག་བརྙན་གྱི་སྒྱུ་རྩལ་གོང་འཕེལ་སླད་ཆེད་བཙུགས་གནང་པ་ཞིག་ཡིན་པ་དང་། འདི་ལོའི་དུས་སྟོན་ཐོག་བོད་མིའི་ཁྲོད་ནས་དུས་ཐུང་གློག་བརྙན་གསར་པ་ལྔ་དང་གློག་བརྙན་བརྒྱད་བཅས་བཅུ་གསུམ་དང་། དེ་བཞིན་བོད་ནང་ནས་གཅིག་དང་བོད་ཀྱི་ཆོས་རིག་དང་འཐབ་རྩོད་འབྲེལ་བའི་གློག་བརྙན་གཉིས། བོད་ནས་བཟོས་པའི་གློག་བརྙན་གཅིག་བཅས་ཁྱོན་གློག་བརྙན་ཁྱོན་ ༡༦ གཟིགས་འབུལ་ཞུས་ཡོད་པ་རེད།

འདི་ལོའི་དུས་སྟོན་ཐོག་སྐར་མ་ ༥ ཅན་གྱི་དུས་ཐུང་གློག་བརྙན་ཨང་དང་པོའི་བྱ་དགའ་ཐོབ་མཁན་བསྟན་འཛིན་རྣམ་གྲོལ་ལགས་ལ་མྱོང་ཚོར་ཇི་བྱུང་དང་གློག་བརྙན་དེ་ལྟར་བཟོ་བསྐྲུན་ཞུ་དོན་གང་ཡིན་ཐོག་བཅར་འདྲི་ཞུས་པར་ཁོང་གིས་རང་ཉིད་ཀྱི་ནང་མིའི་གནས་བབས་བཟང་ངན་གང་ཡིན་ལ་ལྟོས་མེད་རང་གི་དམིགས་ཡུལ་ལྟར་སེམས་ཞུམ་པ་མེད་པར་འབད་བརྩོན་གནང་ཚེ་དེར་རིང་མིན་གྲུབ་འབྲས་ཤིག་སོན་ངེས་ཡིན་སྐོར་གསུངས་སོང་།

དེ་བཞིན་ཐེངས་འདིའི་བོད་ཀྱི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུས་པའི་འབག་དམར་པོ་འམ་ The Red Mask ཞེས་པའི་གློག་བརྙན་གསར་བསྐྲུན་གནང་མཁན་གློག་བརྙན་བཟོ་བསྐྲུན་པ་སྐལ་བཟང་རིན་ཆེན་ལགས་སུ་ཁོང་གིས་བཟོས་པའི་གློག་བརྙན་དེའི་དགོས་དམིགས་གང་ཡིན་ཐད་ལ་བཅར་འདྲི་ཞུས་པར་ཁོང་གིས་བོད་པའི་བྱིས་པ་ཚོར་སེམས་སྐུལ་ཐེབས་གཞིའི་གློག་བརྙན་ཆེད་བཟོ་གནང་བ་ཞིག་ཡིན་པ་གསུངས་སོང་།

འདི་ག་རླུང་འཕྲིན་ཁང་ནས་བོད་ཀྱི་གློག་བརྙན་གོ་སྒྲིག་གནང་མཁན་ཁོངས་སུ་ཡོད་པའི་བསྟན་འཛིན་དོན་འགྲུབ་ལགས་སུ་ད་རེས་ཀྱི་དུས་སྟོན་འདི་བརྒྱུད་ནས་བོད་མི་མང་ཚོགས་ནས་བོད་པའི་གློག་བརྙན་བཟོ་བསྐྲུན་གནང་མཁན་ཚོར་རྒྱབ་སྐྱོར་གང་མང་གནང་རོགས་ཞེས་རེ་སྐུལ་གནང་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།