Tibetan Royal Year of 2151 | Year of the Wood Dragon

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ་དབུ་འཛུགས།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

དེ་རིང་ཕྱི་ཟླ་ ༡༡ པའི་ཚེས་ ༩ ཉིན་ནས་་བཟུང་། ཟླ་འདིའི་ཚེས་༡༢ བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་སྤྱི་ལོ་ ༢༠༡༥ ནས་བཟུང་གོ་སྒྲིག་ཞུ་བཞིན་པའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་དྲུག་པ་དེ་དྲྭ་རྒྱ་བརྒྱུད་ནས་དབུ་འཛུགས་གནང་སོང་།

ཐེངས་འདིའི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུའི་ནང་དུ་བོད་མི་ན་གཞོན་བཅོ་བརྒྱད་ཀྱིས་ཉམས་ཞུགས་ཀྱི་ཐོག་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་ལུགས། དེ་བཞིན་རྩོམ་རིག་དང་སྤྱི་ཚོགས་དཔྱད་བརྗོད་ཀྱི་དཔྱད་རྩོམ་སྒྲོག་སྦྱང་གནང་བཞིན་ཡོད་པ་ལྟར། དེ་རིང་གི་སྔ་དྲོའི་བརྩམས་ཆོས་སྒྲོག་སྦྱང་གི་ཐོག་མར།  བཞུགས་སྒར་ཁུལ་གྱི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་པ། པདྨ་རྣམ་རྒྱལ་ལགས་ཀྱིས་བོད་བཙན་པོའི་སྐོར་གྱི་ཁྲིམས་ཡིག་གི་སྐོར་ལ་བསྐྱར་ཞིབ་ཅེས་པའི་བརྗོད་བྱའི་ཐོག་གཏམ་བཤད་གནང་བ་དང་། དེའི་རྗེས་ཀིརྟི་དགོན་པའི་དཔེ་ཁྲིད་སློབ་དཔོན། ཨ་ལགས་རྗེ་སྦྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས་དུས་རབས་༡༤ ནང་ལྷ་ས་དང་ས་སྐྱར་བྱུང་བའི་ནད་ཡམས་ཀྱི་སྐོར་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་སོང་།

འདི་གའི་གསར་འགོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན། བསྟན་འཛིན་ལེགས་བཤད་ལགས་སུ་ཐེངས་འདུའི་ཚོགས་འདུ་དང་འབྲེལ་ནས་བཅར་འདྲི་ཞུས་པར་ཁོང་གིས། འདི་ལོ་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་བྱས་ནས་འཛུལ་ཞུགས་པ་དེ་ཙམ་བྱུང་མེད་ཚུལ་ངོ་སྤྲོད་དང་སྦྲགས། སྤྱི་ཡོངས་ཀྱི་ཆ་ནས་བཙན་བྱོལ་ནང་དུ་ཉམས་ཞིབ་ཀྱི་ཚོགས་འདུའི་ནང་དུ་བུད་མེད་འཛུལ་ཞུགས་པ་ཧ་ཅང་ཉུང་ཉུང་ཡིན་པར་མངོན་གསལ་གྱིས། མ་འོངས་པར་བོད་ཀྱི་བུད་མེད་རྣམས་ཀྱིས་ན་གཞོན་གྱི་ཉམས་ཞིབ་ཚོགས་འདུ་འདིར་འཛུལ་ཞུགས་བྱེད་རྒྱུ་གལ་ཆེན་པོ་ཡིན་སྐོར་ངོ་སྤྲོད་གནང་ཡོད་མ་ཟད།  བོད་མི་སུ་ཞིག་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་གནང་བའི་ན་གཞོན་ཉམས་ཞིབ་ཚོགས་འདུ་གང་རུང་ཞིག་ལ་ཚོགས་ཞུགས་བྱས་པ་ཡིན་ན། ཕྱི་ལོག་གི་ཞིབ་འཇུག་གི་ཚོགས་འདུ་གང་དུ་འགྲོ་དགོས་བྱུང་ཚེ་དབུས་བོད་མིའི་སྒྲིག་འཛུགས་བརྒྱུད་ནས་གནམ་གྲུའི་འཛིན་བྱང་ཉོ་བ་སོགས་ཀྱི་མཐུན་འགྱུར་སྐྲུན་བཞིན་ཡོད་པར་གསུངས་སོང་།  གཤམ་ནས་ལེགས་བཤད་ལགས་སུ་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་ལ་གསན་རོགས་ཞུ།

འབྲེལ་ཡོད་གསར་གནས།

གསར་གནས།