Tibetan Royal Year of 2151 | Year of the Wood Dragon

བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ཀྱིས་༸གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་པ།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

དེ་རིང་ཕྱི་ཟླ་ ༣ ཚེས་ ༡༥ ༸རྒྱལ་བའི་༸སྐུའི་ལྷག་དཀར་ཉིན་གྱི་ཞོགས་པ་ཕྱག་ཚོད་ ༨༌༠༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་ཆེས་མཐོའི་ཁྲིམས་ཞིབ་པའི་ལས་ཚབ། དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས་ཀྱིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤོས་སྣེ་སྤྱན་འདྲེན་གཟབ་རྒྱས་དང་བཅས། བོད་མིའི་སྒྲིག་འཛུགས་ནས་བོད་གཞིས་བྱེས་གཞུང་མང་ལྷ་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་མི་འཇིག་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཞྭ་སེར་བསྟན་པའི་མངའ་བདག་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་མཎྜལ་ལྗགས་བཤད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་མཎྜལ་ཚོམ་བུ་ཟུར་འདེགས་འབུལ་དང་བཅས་སྐུ་གསུང་ཐུགས་རྟེན་མཚོན་པའི་འབུལ་རྫས་འདེགས་འབུལ་ཞུས་གྲུབ་མཚམས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་འདིས་བོད་ཀྱི་གཟུགས་ཅན་མི་ལྟ་ཅི་སྨོས། གཟུགས་མེད་ལྷ་དང་བཅས་བརྟན་བཞུགས་བསྟར་འབུལ་ཞུས་པར་བཀའ་སྩལ་པ་དང་འབྲེལ། བོད་ཀྱི་གནས་སྟངས་ཁྲོད་དཀའ་ངལ་ཆེན་པོ་འཕྲད་སྐབས་སུ་སངས་རྒྱས་ཀྱི་བསྟན་པ་ཉམས་མེད་གོང་འཕེལ་མཛད་ཐུབ་རྒྱུ་ཙམ་མ་ཟད། རྒྱ་ཧོར་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་སངས་རྒྱས་པའི་བསྟན་པར་དོ་སྣང་གསར་པ་ཞིག་སླེབ་བཞིན་ཡོད་པ་དང་། མགོན་པོ་༸གང་ཉིད་མཆོག་གིས་བསྟན་པའི་ཞབས་འདེགས་གང་ཙམ་ཞིག་མཛད་ཐུབ་ཀྱི་ཡོད་སྟབས། ད་དུང་དགུང་ལོ་བཅུ་ཕྲག་ཁ་ཤས་རིང་༸སྐུ་འཚོ་བཞུགས་མཛད་རྒྱུ་ཡིན་ཞེས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་སོང་།

རྩ་བའི་ཕྱི་ཟླ་ ༣ ཚེས་ ༡༡ ནས་ ༡༤ བར་ཉིན་བཞིའི་རིང་ཐེངས་འདིའི་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་ཚོགས་མགོན་དུ་དབུ་བཞུགས་ཀྱིས་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་དང་ཀིརྟིའི་བྱེས་པ་གྲྭ་ཚང་། དེ་བཞིན་དྷ་ས་ཁུལ་གྱི་བསྙེན་མཚམས་པ་སོགས་ཀྱི་དགེ་འདུན་པ་རྣམས་ཀྱིས་༸སྐུ་ཚེ་ཚེ་སྒྲུབ་གནང་མུས་ལྟར། དེ་རིང་ཞོགས་པ་ཕྱག་ཚོད་ ༦༌༠༠ ཐོག་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱིས་མུ་མཐུད་༸སྐུ་ཚེ་ཚེ་སྒྲུབ་གནང་ཡོད།

བརྟན་བཞུགས་བསྟར་འབུལ་ཞུས་གྲུབ་མཚམས་སུ་བོད་མིའི་སྒྲིག་འཛུགས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གིས་༸སྐུ་ཚེ་ཡུན་རིང་བཞུགས་རྒྱུར་ཞལ་བཞེས་བཟང་པོ་མཛད་དང་མཛད་མུས་ཡིན་པར་ལྟོས་མེད་ང་ཚོ་ནང་པ་སརྒྱས་པ་ཞིག་ཡིན་པའི་ཆ་ནས་བླ་མའི་༸སྐུ་ཚེ་བརྟན་དང་མི་བརྟན་ནི་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ལ་རག་ལས་ཀྱི་ཡོད།

བླ་སློབ་ཀྱི་དམ་ཚིག་སྲུང་དགོས་པར་མ་ཟད། གཞི་བཞུགས་བོད་མིའི་སྙིང་སྟོབས་ལ་བརྟེན་ནས་བཙན་བྱོལ་ནང་གི་འཐབ་རྩོད་ཀྱི་རང་བཞིན་དེ་ཡོང་བ་ཞིག་ཡིན་པ་དང་། ནམ་ཞིག་ང་ཚོར་རྒྱལ་ཁའི་ཉི་མ་འཆར་ངེས་རེད་ཅེས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།