Tibetan Royal Year of 2151 | Year of the Wood Dragon

བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་མཇུག་སྒྲིལ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༩ སྟེ་དཔའ་བོའི་རྗེས་དྲན་ཉིན་མོ་དང་བསྟུན། འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་ཏེཛ་པུར་བར་དུ་ Tibet Matters March ཞེས་པའི་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དེ་དེ་རིང་ཕྱི་ཚེས་ ༢༣ ཉིན་མཇུག་སྒྲིལ་གནང་འདུག

ཟླ་བ་གཅིག་ཙམ་གྱི་འབྲས་ལྗོངས་ནས་ཨ་སམ་བར་ཁྱོན་སྤྱི་ལེ་ ༧༠༠ ལྷག་གི་གོམ་བགྲོད་ལས་འགུལ་འདི་བཞིན་དེ་རིང་ཕྱི་ཟླ་ ༥ ཕྱི་ཚེས་ ༢༣ སྟེ། དེ་སྔ་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༡ ཟླ་ ༥ ཚེས་ ༢༣ ཉིན་བོད་མིར་བཙན་དབང་གིས་གྲོས་མཐུན་དོན་ཚན་ ༡༧ ཞེས་པར་མིང་རྟགས་བཀོད་བཅུག་པའི་ཉིན་མོ་དྲན་གསོ་དང་སྦྲགས་ཏེ་ཨ་སམ་གྱི་གྲོང་ཁྱེར་ Tezpur ནང་དུ་མཇུག་སྒྲིལ་གནང་ཡོད་པ་དང་། ས་གནས་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༥༩ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་དེ་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སའི་ས་ཚིགས་ཤིག་ཀྱང་ཡིན་པ་རེད།

དེ་རིང་ལས་འགུལ་མཇུག་སྒྲིལ་དང་འབྲེལ་བའི་མཛད་སྒོའི་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལས་འགུལ་ནང་མཉམ་ཞུགས་དང་རོགས་རམ་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ཕྱག་འཁྱེར་གནང་འདུག་པ་མ་ཟད། ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་ཇི་སྲིད་བོད་དོན་བདེན་མཐའ་མ་སེལ་བར་དུ་སྐད་འབོད་དང་ལས་འགུལ་མུ་མཐུད་སྤེལ་རྒྱུ་ནི་ང་ཚོའི་དམ་བཅའ་ཡིན་པ་དང་། རིང་མིན་རྒྱལ་ས་ལྡི་ལི་ནང་དུ་ཚོགས་གཏན་འཁེལ་བའི་ G20 ཞེས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ལྷན་ཚོགས་སྐབས་རྒྱལ་སྤྱི་དབུ་ཁྲིད་ཚོར་བོད་དོན་ཞུ་གཏུག་ཀྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་སྐོར་སོགས་གསུངས་འདུག

གཞི་རྩའི་ཐེངས་འདིའི་བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་ནང་རྒྱ་གར་ནང་གི་བོད་མི་གནས་ཡུལ་གྱི་ས་གནས་ཁག་ ༡༧ ནས་ལས་འགུལ་བ་ཕོ་མོ་གྲངས་ ༨༧ ལྷག་མཉམ་ཞུགས་གནང་ཡོད་པ་དང་། འདི་ག་རླུང་འཕྲིན་ཁང་ནས་ལས་འགུལ་ནང་མཉམ་ཞུགས་གནང་མཁན་བགྲེས་ཤོས་དགུང་ལོ་ ༧༠ སོན་པ་ཨ་མ་སྐྱིད་པ་ལགས་དང་། ཆུང་ཤོས་རང་ལོ་ ༢༤ ལ་སོན་པའི་བསྟན་འཛིན་འབྲུག་བཟང་ལགས་གཉིས་སུ་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་བའི་མྱོང་བ་དང་འབྲེལ། བཀའ་འདྲི་ཁག་ཅིག་ཞུ་སྐབས། ལས་འགུལ་ནང་གཞོན་སྐྱེས་ཚོས་མཉམ་ཞུགས་གནང་རྒྱུ་དེ་གལ་འགངས་ཆེན་པོ་ཡིན་པ་སོགས་གསུངས་སོང་།

འབྲེལ་ཡོད་གསར་གནས།

གསར་གནས།