Tibetan Royal Year of 2151 | Year of the Wood Dragon

བོད་ཕྱི་ནང་གཉིས་ཀྱི་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་དང་འབྲེལ་བའི་དཔྱད་གླེང་།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཁ་སང་ཕྱི་ཟླ་ ༡༡ པའི་ཚེས་༢༥ ཉིན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བུད་མེད་ལ་རྩུབ་སྤྱོག་རིགས་འགོག་ཐུབ་ཀྱི་ཉིན་མོར་གཏན་འབེབས་ཀྱིས་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། བཞུགས་སྒར་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་གི་འོག   བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཁྲོད་ཀྱི་ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་དྲྭ་ཐོག་གི་དཔྱད་གླེང་ཞིག་གོ་སྒྲིག་ཞུས་འདུགཁ་སང་གི་དཔྱད་གླེང་དེའི་ཐོག་ཏུ། ཕོ་མོ་དབྱེ་འབྱེད་གཞིར་བྱས་ཀྱི་དྲག་སྤྱོད་དང་བུད་མེད་ཀྱི་ཐོབ་ཐང་ལས་འགུལ་ཐད་ཀྱི་ཆེད་མཁས་དང་འགོ་ཁྲིད། ལས་འགུལ་བ་ཁག་ཅིག་གིས་མཉམ་ཞུགས་གནང་ཡོད་པའི་ཁྲོད་དུ། ལས་འགུལ་བ་བདེ་ཆེན་ཚེ་རིང་དང་རྒྱ་རིགས་བུད་མེད་ཐོབ་ཐང་དོན་གཉེར་བ་ལུའུ་པེན་ལགས། དེ་བཞིན་ཨོ་ཁི་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ཞིབ་འཇུག་ཚན་པའི་དགེ་རྒན་ཆེན་མོ་ཧམ་ས་ར་རྗན། བཞུགས་སྒར་གྱི་གྲོགས་མོ་ཚོགས་པའི་འགན་འཛིན་བསྟན་འཛིན་དཔལ་ཡོན་སོགས་མཉམ་ཞུགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ཕོ་མོ་དབྱེ་འབྱེད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་ཐད་ནས་བགྲོ་གླེང་གནང་འདུག

དེ་རིང་འདི་གའི་གསར་འགོད་པས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་དབྱིན་ཡིག་སྡེ་ཚན་གྱི་ཉམས་ཞིབ་པ་བསྟན་འཛིན་ཟླ་བ་ལགས་སུ་ཁ་སང་གི་དཔྱད་གླེང་གི་སྐབས་སུ་བོད་ནང་གི་བུད་མེད་ཀྱི་ཐོབ་ཐང་དང་རྩུབ་སྤྱོད་དང་འབྲེལ་ནས་བཀའ་འདྲི་ཞུས་པར་ཁོང་གིས། བོད་ནང་གི་བུད་མེད་ཀྱི་གནས་བབ་ཀྱི་ཐད་ནས་གནས་ཚུལ་མཁོ་བསྡུ་བྱེད་རྒྱུ་ཁག་པོ་ཡིན་ནའང་། བོད་ནང་གི་བུད་མེད་ཀྱི་ཐོབ་ཐང་དང་འབྲེལ་བའི་སྤྱི་ཚོགས་དཔྱད་བརྗོད་པའམ། རྩོམ་པ་པོ་ར་རྫ་འཇམ་དབྱངས་སྐྱིད་ལགས་ཀྱིས་དུས་རྒྱུན་ནས་བོད་ནང་གི་ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་གནད་དོན་ཁག་མང་པོའི་སྒང་ནས་རྩོམ་ཡིག་འབྲི་བཞིན་ཡོད་པ་དང་། དེ་བཞིན་ཐེངས་འདིའི་ཉམས་ཞིབ་པ་རྣམས་ཀྱིས་བོད་ནང་དུ་རྒྱུས་ལོན་བྱས་པ་ལྟར་ན་བོད་ནང་ཁུལ་དུ་བུད་མེད་རྣམས་ལ་སྤྱི་ཚོགས་ཀྱི་ཁྲོད་དུ་ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་གནོད་ཤུགས་གང་འཚམས་ཤིག་ཡོད་པར་འགྲེལ་བརྗོད་གནང་སོང་།

དེ་བཞིན་གྲོགས་མོ་ཚོགས་པའི་འགན་འཛིན་བསྟན་འཛིན་དཔལ་ཡོན་ལགས་སུ་བཙན་བྱོལ་གྱི་ནང་གི་བོད་པའི་སྤྱི་ཚོགས་ཁྲོད་དུ་ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་རྩུབ་སྤྱོད་ཀྱི་གནས་སྟངས་ཀྱི་ཐད་ནས་བཀའ་འདྲི་ཞུས་པར་ཁོང་གིས། གཞི་རྒྱ་ཆེ་བའི་སྤྱི་ཚོགས་རང་བཞིན་གྱི་གནས་བབ་ཀྱི་ཐད་ནས་ཞིབ་འཇུག་བྱེད་རྒྱུ་མ་བྱུང་ནའང་། བོད་པའི་སྤྱི་ཚོགས་ཀྱི་སློབ་གྲྭ་ཁག་ཅིག་གི་ནང་དུ་ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་གནས་ཚུལ་བསྡུ་ལེན་བྱས་པ་དང་། དེ་བཞིན་དུས་རྒྱུན་ནས་རང་རེའི་སྤྱི་ཚོགས་ཀྱི་ནང་དུ་ཕོ་མོ་དབྱེ་འབྱེད་ཁྲོད་རྩུབ་སྤྱོད་ཀྱི་དཀའ་ངལ་འཕྲལ་བཞིན་པའི་བུད་མེད་རེ་འགར་རོགས་པ་བྱེད་རྒྱུའི་གོ་སྐབས་བྱུང་བ་བརྒྱུད་ནས་ཤེསས་རྟོག་བྱུང་བ་ཞིག་ནི། རང་རེའི་སྤྱི་ཚོགས་ཀྱི་ནང་དུ་ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་རྩུབ་སྤྱོད་དཀའ་ངལ་རིགས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ནའང་། མི་མང་པོ་ཞིག་གིས་རྩུབ་སྤྱོད་ཀྱི་རིགས་དབྱེ་ལ་གོ་རྟོགས་མེད་དུས་གནས་ཚུལ་ཛ་དྲག་ཆགས་ན་མ་གཏོགས་གནད་དོན་ཞིག་ཏུ་ངོས་འཛིན་གནང་གི་མེད་པར་འགྲེལ་བརྗོད་གནང་སོང་།

གཞི་རྩའི་ཕོ་མོ་དབྱེ་འབྱེད་དང་འབྲེལ་བའི་རྩུབ་སྤྱོད་ཀྱི་རིགས་ནི་བོད་པའི་སྤྱི་ཚོགས་ཙམ་མིན་པར་རྒྱལ་སྤྱིའི་སྤྱི་ཚོགས་གང་སར་སྤྱི་ཚོགས་ཀྱི་དཀའ་ངལ་ཞིག་ཆགས་ཡོད་པ་རེད།  དེང་གི་དུས་འདིར་བོད་པའི་སྤྱི་ཚོགས་ཀྱི་ནང་དུ་ཡང་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པ་རེ་འགའ་ཡོང་གི་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་གནད་དོན་དེར་གལ་ཆེན་དུ་ངོས་འཛིན་གནང་བའི་ཐོག་ནས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ཚན་པ་ཞིག་ལོགས་སུ་བཙུགས་པ་བརྒྱུད། བུད་མེད་ལ་རྩུབ་སྤྱོད་ཀྱི་དཀའ་ངལ་འཕྲད་བཞིན་པ་རྣམས་ལ་བུད་མེད་རོགས་རམ་འབྲེལ་མཐུད་ལས་ཁུངས་གསར་འཛུགས་ལ་ཤུགས་སྣོན་རྒྱག་གི་ཡོད་པ་རེད། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཀྱང་ཁ་སང་ནས་བརྩིས་པའི་ཉིན་གྲངས་བཅུ་དྲུག་གི་རིང་ལ་བརྙན་ལམ་ནས་གོ་རྟོགས་ཀྱི་ལས་འགུལ་ཞིག་སྤེལ་བཞིན་འདུག

འབྲེལ་ཡོད་གསར་གནས།

གསར་གནས།