Tibetan Royal Year of 2151 | Year of the Wood Dragon

བོད་མི་ཆབ་སྲིད་བཙོན་མ་གཡང་མོ་སྐྱིད་ལགས་བཙོན་གྲོལ་ཐོབ་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཟླ་སྔོན་མའི་ཕྱི་ཚེས་ ༡༨ ཉིན་བོད་མདོ་སྨད་བླ་བྲང་རྒྱབ་ཡོར་སྡེ་བ་ནས་ཡིན་པའི་གཡང་མོ་སྐྱིད་ལགས་རྒྱའི་བཙོན་འོག་ནས་གློད་བཀྲོལ་བཏང་སྟེ་རྒྱ་གཞུང་ཉེན་རྟོག་པས་གསང་བའི་ཐོག་ནས་ཕྱིར་རང་ཁྱིམ་དུ་བསྐྱལ་ཡོད་པ་རེད་འདུག  ལྷ་སར་ཡོད་པའི་ཁོང་གི་སྤུན་མཆེད་རྣམས་ཀྱིས་བཙོན་འཇུག་གི་དུས་བཀག་རྫོགས་ལ་ཉེ་བ་དང་བསྟུན། མཁའ་ལམ་བརྒྱུད་ལན་ཀྲའུ་ལ་ཁོང་བསུ་བར་འབྱོར་ཡོད་པ་དང།  ཁོང་ལ་བཙོན་གྲོལ་ཐོབ་པར་གཉེན་ཉེ་སྤུན་མཆེད་གཙོས་པའི་གྲོང་པ་ཁྱིམ་མཚེས་ཚོས་དགའ་བསུའི་སྣེ་ལེན་གཟབ་རྒྱས་ཤིག་ཞུ་འཆར་ཡོད་ཀྱང་། ni07

རྒྱ་གཞུང་གི་ཉེན་རྟོག་པས་ཁོང་བཙོན་ཁང་ནས་ཟླ་ ༡༡ ཕྱི་ཚེས་ ༡༨ ཉིན་གྱི་མཚན་མོར་གསང་བའི་ཐོག་ནས་རང་ཁྱིམ་དུ་བསྐྱལ་སྟབས།  ས་གནས་བོད་རིགས་མང་ཚོགས་ཀྱིས་ཕེབས་བསུ་སྣེ་ལེན་ཞུ་ཐུབ་མེད་པ་རེད་འདུག  ད་དུང་རྒྱ་གཞུང་ཉེན་རྟོག་པས་ད་ལན་གཡང་མོ་སྐྱིད་ལགས་བཙོན་གྲོལ་བཏང་བའི་གནས་ཚུལ་དང་པར་སོགས་ཕྱིར་བསྒྲགས་བྱ་མི་ཆོག་པ་དང་། མ་འོངས་པའི་ཟླ་ ༣ རིང་ཁ་པར་ཡང་ཉར་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད།

གཞི་རྩའི་ཁོང་དེ་སྔོན་ ༢༠༡༢ ལོའི་ཟླ་ ༡༠ ཚེས་ ༢༣ ཉིན་བླ་བྲང་བསང་ཆུ་རྫོང་གི་སྲང་ལམ་དུ་རྒྱལ་གཅེས་དཔའ་བོ་རྡོ་རྗེ་རིན་ཆེན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས་ཁོང་གི་སྐུ་ཕུང་རྒྱའི་ལག་ཏུ་མི་ཤོར་བའི་ཆེད་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་དང་དམག་མི་བཀག་འགོག་བྱས་པའི་ཉེས་མིང་འོག་༢༠༡༢ ཟླ་ ༡༡ ཚེས་ ༡༨ ཉིན་འཛིན་བཟུང་བྱས་ཡོད་པ་རེད།

རྩ་བའི་རྡོ་རྗེ་རིན་ཆེན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་ཉིན་དེར་བླ་བྲང་རྫོང་ཐོག་གི་བོད་མི་བཞི་སྟོང་ལྔ་སྟོང་འདུ་འཛོམས་ཀྱིས་ཁོང་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་གཞུང་ཉེན་རྟོག་པ་དང་དམག་མི་ཚོར་མི་འདོད་པའི་རྣམ་འགྱུར་བསྟན་པར་བརྟེན་བོད་མི་ ༡༡ འཛིན་བཟུང་བྱས་ཡོད་པ་དང།  རྗེས་སུ་ཁག་ཅིག་གློད་བཀྲོལ་བཏང་ཡོད་པ་རེད། ༢༠༡༣ ཟླ་ ༡ ཚེས་ ༣༡ ཉིན་ཁོང་ཚོའི་ཁྲོད་ཀྱི་མི་ ༦ ལ་ལོ་གསུམ་ནས་བརྒྱད་བར་དུས་ཡུན་མི་འདྲ་བའི་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལན་གཡང་མི་སྐྱིད་ལགས་ལོ་གསུམ་རིང་བཙོན་འཇུག་གི་དུས་བཀག་ཚང་རྗེས་བཙོན་གྲོལ་བཏང་པ་ཞིག་ཡིན་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།