Tibetan Royal Year of 2151 | Year of the Wood Dragon

བོད་རང་སྐྱོང་ལྗོངས་སྲིད་གྲོས་དང་མི་དམངས་འཐུས་མི་ཚོགས་ཆེན་བསྡུ་སྐོང་།

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

བོད་ཀྱི་རྒྱལ་ས་ལྷ་སར་ཁ་སང་སྔ་དྲོ་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་བ་དང་དེ་རིང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་འགོ་འཛུགས་བྱས་འདུགརྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་འཁོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་བཞི་བ་དེ་བཞིན་ཚེས་ ༡༩ ནས་འགོ་འཛུགས་ཀྱིས་ཚེས་ ༢༣ བར་ཚོགས་རྒྱུ་ཡིན་པ་དང་། ཚོགས་འདུ་ཉིན་དང་པོའི་ཐོག་ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་། དེ་བཞིན་རིག་གཞུང་དང་ཤེས་ཡོན་ཡར་རྒྱས། གཞན་ཡང་སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་གྲོས་འཆར་ ༢༨༥ ལྷག་བཏོན་ཡོད་པའི་ཁྲོད་དུ།  གྲོས་གཞི་ཁག་བརྒྱ་ཆ་༨༠ ལྷག་ལེགས་འགྲུབ་བྱུང་ཡོད་པར་འཁོད་འདུག

སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་་སྲིད་གྲོས་ཚོགས་གཞོན་བསོད་ནམས་རིག་འཛིན་གྱིས་གཏམ་བཤད་བྱེད་སྐབས། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་མི་རྣམས་ཀྱིས་བོད་ཁུལ་དུ་ལས་དོན་ཚགས་ཚུད་ཡོང་ཐབས་སུ་གྲངས་ཉུང་མི་རིགས་དང་ཆོས་ལུགས་ཀྱི་ཚབ་མཚོན་མི་སྣ་མཉམ་དུ་སྦྱོང་བརྡར་ཐེངས་གསུམ་སྤྲད་ཡོད་པ་དང་། དེ་བཞིན་དམིགས་བསལ་གྱི་ཚོགས་པ་བདུན་གྱིས་ལོ་གཅིག་གི་ནང་དུ་ཞིབ་འཇུག་ཐེངས་ ༤༢ བསྡུས་ཏེ་བོད་ཁུལ་གྱི་ཆབ་སྲིད་གྲོས་བསྡུར་གྱི་ཐད་ནས་ནུས་ཤུགས་ཆེ་རུ་བཏང་ཡོད་པར་བརྗོད་འདུག

དེ་བཞིན་སྐབས་དེར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་སྲིད་གྲོས་ཚོགས་གཞོན་ Wang Yalin ཟེར་བས་ཀྱང་ སྲིད་གྲོས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་ནག་རྒྱལ་ཁབ་ཀྱི་འདུ་ཤེས་རྒྱ་བསྐྱེད་ཀྱིས་ཁ་བྲལ་རིང་ལུགས་ལ་རྒོལ་རྡུང་གཏོང་རྒྱུར་ཤུགས་སྣོན་དང་། བོད་བརྒྱུད་ནང་བསྟན་རྒྱ་བསྒྱུར། དེ་བཞིན་ཁྲིམས་སྒྲིག་གི་དགོངས་དོན་ལྟར་སྤྱི་ཚོགས་འཛིན་སྐྱོང་སོགས་ཀྱི་ཐད་ཤུགས་སྣོན་རྒྱབ་ཡོད་སྐོར་བརྗོད་པ་དང་འབྲེལ། བོད་ཁུལ་དུ་ནག་ཚོགས་དང་འབྲེལ་བའི་གྲོས་གཞི་ ༡༢༣ ལྷག་ཐག་གཅོད་བྱས་ཡོད་སྐོར་བརྗོད་འདུགའདི་ག་རླུང་འཕྲིན་ཁང་ནས་རྒྱ་ནག་གི་ཐེངས་འདིའི་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་དང་འབྲེལ་ནས། ཨོ་གླིང་གི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་དང་རྒྱ་ནག་གི་སྲིད་བྱུས་དཔྱད་བརྗོད་པ། སྤྱི་ཟུར་སྐལ་བཟང་རྒྱལ་མཚན་ལགས་སུ་་བཀའ་དྲི་ཞུས་པར། ཁོང་གིས་ཐེངས་འདིའི་ཚོགས་འདུའི་ཁྲོད་་སྲིད་གྲོས་ཚོགས་མི་རྣམས་ཀྱིས་མེས་རྒྱལ་ཁ་བྲལ་ལ་ངོ་རྒོལ་དང་རྒྱལ་ཁབ་བརྟན་བརླིང་ཤུགས་སྣོན་སོགས་ཀྱི་གནད་དོན་ཡར་ཞུ་བྱས་པ་ཙམ་ལས། བོད་མིའི་ཆོས་རིག་འཛིན་སྐྱོང་སོགས་དང་འབྲེལ་བའི་གནད་དོན་གང་ཡང་ཡར་ཞུ་བྱེད་རྒྱུ་མེད་པ་ཞིག་ཆགས་ཡོད་སྐོར་གསུངས་བ་མ་ཟད།  ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་ནག་གིས་མི་འགྱངས་བར་བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དུ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ཞིག་གཏན་འབེབས་བྱེད་ཉེན་ཡོད་པ་དང་། གལ་ཏེ་དེ་ལྟར་བྱས་པ་ཡིན་ན་རྒྱ་ནག་གིས་བོད་ཁུལ་དུ་བོད་མི་རྣམས་གང་བྱུང་འཛིན་བཟུང་བྱེད་རྒྱུར་ཁྲིམས་ལུགས་ཀྱི་རྒྱབ་རྟེན་ཡོད་པ་ལྟ་བུ་ཞིག་བཟོ་རྒྱུ་ཡིན་པ་དེར་བོད་མི་རྣམས་ཀྱིས་དོ་སྣང་བྱེད་ས་གཙོ་བོ་ཞིག་ཆགས་ཡོད་སྐོར་ངོ་སྤྲོད་གནང་སོང་།

དེའི་བར་ན་དེ་རིང་ལྷ་སའི་ནང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་ལྔ་པ་འགོ་འཛུགས་བྱས་ཡོད་པ་དང་། འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་དྲུང་ཆེ་གཞོན་པ་Lin Qingzhi ཡིས་ས་གནས་ཀྱི་བརྒྱུད་ལམ་ཐོག་བརྗོད་པ་ལྟར་ན། འདི་ལོའི་ལོ་འདིའི་ནང་རྒྱ་ནག་དམར་ཤོག་ཚོགས་པ་དབུ་བརྙེད་ནས་མི་ལོ་་༡༠༠ འཁོར་བའི་དུས་ཚིག་དང་། དེ་བཞིན་རྒྱ་ནག་གིས་བོད་ལ་ཞི་བའི་བཅིངས་གྲོལ་བཏང་ནས་མི་ལོ་ ༧༠ འཁོར་བའི་དུས་ཚིགས་བཅས་འཁེལ་གྱི་ཡོད་སྟབས། ཐེངས་འདིའི་ཚོགས་འདུ་དེ་ཧ་ཅང་གི་གནད་འགག་ཆགས་ཀྱི་ཡོད་པར་བརྗོད་འདུག

ཁོས་ད་དུང་། བོད་རང་སྐྱོང་ལྗོངས་ཀྱི་མི་མང་འཐུས་མི་ཚོགས་ཆེན་འདིའི་སྐབས་གཙོ་བོ་ཕྱི་ལོ་ ༢༠༡༦ ནས་ ༢༠༢༠ བར་གྱི་ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་གྱི་ཕྱོགས་སྡོམ་དང་མ་འོངས་པའི་ལོ་ལྔའི་འཆར་གཞི་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་བརྗོད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།