Tibetan Royal Year of 2151 | Year of the Wood Dragon

བོད་རིགས་དང་ཧི་མཱ་ལ་ཡའི་ཆོས་ཞུ་བ་རྣམས་ནས་ཕྱག་འཁྱེར་བཟོ་མི་དགོས་པ།

Tibetan News Headlines

  • བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་རྒྱབ་སྐྱོར།
  • ཉེན་རྟོག་པས་དམ་བསྒྲགས་འོག་བོད་པའི་དགེ་འདུན་པ་ཞིག་གིས་རང་སྲོག་བཅད་པ།
  • རྒྱ་ནག་ནས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་གཏོར་ཐབས་བྱེད་བཞིན་པ་ཐེར་འདོན།
  • ཨ་རིའི་མི་ནི་སོ་ཊར་ Ocean of Wisdom ཅ་ཊར་སློབ་གྲྭ་གསར་འཛུགས་གནང་རྒྱུའི་ཐོག་བཅར་འདྲི།

Wednesday 17/04/2024

  • US Senate Committee approves Resolve Tibet Act
  • Police harassment and continued surveillance prompts Tibetan monk to commit suicide
  • Whistle blower accuses China of manipulating UN reports and bribing official to serve its interests
  • Ocean of Wisdom: MN Tibetan Charter School

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་ཕྱི་ཟླ་ ༡༢ པའི་ཟླ་མཇུག་ནས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཆོས་བཀའ་དྲིན་སྩལ་གཏན་ཁེལ་བ་ལྟར་གྲྭ་བཙུན་དང་རང་ལོ་ ༦༠ ཡན་གྱི་བགྲེས་སོང་། དབང་པོ་སྐྱོན་ཅན། རྒྱ་གར་བ། ཕྱི་རྒྱལ་བ་བཅས་ལ་བཀའ་ཆོས་ཕྱག་འཁྱེར་གནང་རྒྱུ་ཡིན་པ་དང་། བོད་རིགས་དང་ཧི་མཱ་ལ་ཡའི་ཆོས་ཞུ་བ་རྣམས་ནས་ཕྱག་འཁྱེར་བཟོ་དགོས་ཀྱི་མི་འདུགདེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་བདེ་སྲུང་ལས་ཁུངས་ཀྱིས་གསལ་བསྒྲགས་གནང་འདུག་པའི་ནང་། ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ ༣༡ བར་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་གཏན་ཁེལ་ཡོད་པ་བཞིན། ཐེངས་འདིའི་བཀའ་ཆོས་ཐོག་བོད་རིགས་དང་ཧི་མཱ་ལ་ཡའི་ཆོས་ཞུ་བ་རྣམས་ནས་ཕྱག་འཁྱེར་བཟོ་མི་དགོས་པ་དང་། དེ་མིན་གྲྭ་བཙུན་དང་རང་ལོ་ ༦༠ ཡན་གྱི་བགྲེས་སོང་། དབང་པོ་སྐྱོན་ཅན། རྒྱ་གར་བ། ཕྱི་རྒྱལ་བ་བཅས་བཀའ་ཆོས་ཕྱག་འཁྱེར་བཟོ་དགོས་པ་རྣམས་ནས་ཕྱག་འཁྱེར་ཞུ་བདེའི་སླད་དྲ་རྒྱ་ www.dalailamateaching.com དྲ་རྒྱ་དང་དྲ་རྒྱ་བེད་སྤྱོད་གཏོང་མི་ཤེས་མཁན་རིགས་ནས་རྡོར་གདན་ཐོ་འགོད་ཁང་དུ་ངོ་བཅར་གྱིས་དེ་སྔ་བཞིན་གསུང་ཆོས་ཕྱག་འཁྱེར་ཞུ་འཐུས་ཆོག་པ་དང་། བཀའ་ཆོས་ཀྱི་ཕྱག་འཁྱེར་བཞེས་མི་སོ་སོའི་ངོ་སྤྲོད་ཡིག་ཆ་ (Passport/Aadhaar Card/Voter ID/Green Book/RC) བཅས་གང་རུང་མཉམ་འཁྱེར་ཐོག་ནས་རྡོར་གདན་གསུང་ཆོས་ཐོ་འགོད་ཁང་དུ་ངོ་བཅར་གྱིས་ཕྱག་འཁྱེར་བཞེས་དགོས་པ། གལ་ཏེ་ཆོས་ཞུ་བ་སུ་ཞིག་ནས་དེ་སྔ་གསུང་ཆོས་ཕྱག་འཁྱེར་ཞུས་ཡོད་ཚེ་དེ་སྔའི་གསུང་ཆོས་ཕྱག་འཁྱེར་ཨང་རྟགས་ (ID) ཐོག་དོ་བདག་ངོ་བཅར་གྱིས་གསུང་ཆོས་ཕྱག་འཁྱེར་གསར་པ་བཞེས་ཆོག་སྐོར་གསལ་འདུག སྤྱིར་འདི་ལོའི་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༠༡ ཉིན་དྲ་རྒྱ་ཐོག་ནས་ཕྱག་འཁྱེར་གནང་རྒྱུ་དབུ་འཛུགས་གཏན་ཁེལ་འདུག་པ་དང་རྡོར་གདན་ས་གནས་སུ་ཐོ་འགོད་ཁང་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༠ ནས་སྒོ་འབྱེད་གནང་རྒྱུ་རེད་འདུག༸གོང་ས་མཆོག་གི་མཛད་འཆར་ལ་གཞིགས་ན། ཕྱི་ཟླ་ ༡༢ ཚེས་ ༢༩ དང་ ༣༠ ཉིན་གཉིས་རིང་གི་སྔ་དྲོ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དང་། དེ་བཞིན་ཚེས་ ༣༡ ཉིན་གྱི་སྔ་དྲོ་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། ཕྱི་ལོ་ ༢༠༢༣ ཕྱི་ཟླ་ ༡ ཚེས་ ༡ སྟེ་ཕྱི་ལོ་གསར་ཚེས་ཉིན་དགེ་ལུགས་ཆོས་བརྒྱུད་འཛིན་པ་ཡོངས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཐུགས་གཏན་ཁེལ་འདུག སྐུ་པར་༸དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་།

འབྲེལ་ཡོད་གསར་གནས།

གསར་གནས།