Tibetan Royal Year of 2151 | Year of the Wood Dragon

བོད་རིགས་བེུད་སྨན་ཞབས་པ་ཞིག་ལ་ས་གནས་ཀྱི་ལས་རིགས་ཞབས་ཞུའི་གཟེངས་རྟགས་ཐོབ་འདུག

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

རྒྱ་གར་བྱང་ཤར་ནུབ་སྦེང་གྷལ་མངའ་སྡེའི་ Darjeeling གྲོང་ཁྱེར་ནང་དུ་སྨན་ཞབས་པའི་ཕྱག་ལས་གནང་བཞིན་པའི་བོད་རིགས་བེུད་ལྷ་མོ་དབྱངས་འཛོམ་ལགས་ལ་རྒྱལ་སྤྱིའི་ Rotary ཚོགས་པའི་རྡོ་རྗེ་གླིང་སྡེ་ཚན་གྱིས་ལས་རིགས་ཞབས་ཞུའི་གཟེངས་རྟགས་འབུལ་བཞེས་གནང་འདུག

དེ་རིང་རྡོ་གླིང་གཞོན་ནུའི་གླེང་སྟེགས་ཀྱི་ངོ་དེབ་དྲ་ལམ་ཐོག་ལྷ་མོ་དབྱངས་འཛོམས་ལགས་ཀྱི་གཟེངས་རྟགས་བཞེས་པའི་སྐུ་པར་དང་འབྲེལ་ནས་དེའི་སྐོར་གནས་ཚུལ་སྤེལ་འདུག ལྷ་མོ་དབྱངས་འཛོམས་ལགས་ཀྱིས་མི་རིགས་དང་དབུལ་ཕྱུག་དབྱེར་མེད་ངང་ནས་རང་ཉིད་ཀྱི་སྨན་ཞབས་པའི་ལས་རིགས་ཐོག་ལྷག་བསམ་རྣམ་དག་གིས་གཉེར་བར་ངོས་འཛིན་དང་འབྲེལ། ས་གནས་ Rotary ཚོགས་པའི་ངོས་ནས་ཟླ་བ་འདིའི་ཕྱི་ཚེས་ ༡༣ ཉིན་ཁོང་ལ་ལོ་འདིའི་ལས་རིགས་ཞབས་ཞུའི་གཟེངས་རྟགས་འབུལ་རྒྱུའི་ཐུགས་གཏན་ཁེལ་བའི་ཕྱག་བྲིས་ཤིག་ཕུལ་འདུག Rotary ཚོགས་པའི་ངོས་ནས་ཕྱི་ཟླ་ ༡༠ པ་འདི་སྤྱི་ཚོགས་ཁྲོད་ལས་རིགས་འདྲ་མིན་ལ་ཆེ་བསྟོད་ཞུ་རྒྱུའི་ཟླ་བར་སྲུང་བརྩི་གནང་གི་ཡོད་པ་དང་བསྟུན། སྤྱི་ཚོགས་ཁྲོད་ལས་རིགས་ཞབས་ཞུ་གཟེངས་ཐོན་བསྒྲུབས་པའི་ཐོག་སོ་སོའི་ལས་རིགས་ཀྱི་ཆེ་མཐོང་གོང་འཕེལ་གཏོང་མཁན་གྱི་གང་ཟག་རྣམས་ལ་ཆེ་བསྟོད་འབུལ་གྱི་ཡོད་པ་ལྟར་ལྷ་མོ་དབྱངས་འཛོམས་ལགས་ཀྱིས་རང་དོན་བློས་གཏོང་གིས་སྤྱི་ཚོགས་ཞབས་ཞུ་གནང་བ་དང་། རང་ཉིད་ཀྱི་གཟེངས་ཐོན་ཕྱག་ལས་ཐོག་ནས་སྨན་ཞབས་པའི་ལས་རིགས་ཀྱི་ཆེ་མཐོང་གོང་འཕེལ་གནང་བར་ལོ་འདིའི་ལས་རིགས་ཞབས་ཞུའི་གཟེངས་རྟགས་དེ་ཁོང་ལ་འབུལ་གཏན་ཁེལ་ཡོད་པ་གསུངས་ཏེ་ཉེ་ཆར་ཕྱི་ཚེས་ ༡༧ ཉིན་རྡོ་རྗེ་གླིང་ནང་དུ་རྟེན་གཞི་བྱས་པའི་ Little Tibet ཞེས་པའི་གསོལ་མགྲོན་ཁང་དུ་མཛད་སྒོ་གཟབ་རྒྱས་ཤིག་གི་ཐོག་ཁོང་ལ་གཟེངས་རྟགས་དེ་དངོས་སུ་འབུལ་བཞེས་གནང་འདུགགསར་འགོད་པས་དེ་རིང་ཞལ་པར་བརྒྱུད་ལྷ་མོ་དབྱངས་འཛོམས་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་རང་ཉིད་ནས་ལྷག་བསམ་རྣམ་དག་གིས་རང་གི་ལས་རིགས་ཞུབས་ཞུ་སྒྲུབ་པར་ངོས་འཛིན་གནང་བར་དགའ་སྤོབས་ཆེན་པོ་བྱུང་ཡོད་པ་དང་། གཟེངས་རྟགས་དེ་བརྒྱུད་ནས་ས་གནས་བོད་རིགས་མང་ཚོགས་ལ་ཡུལ་མིའི་ལྟ་ཕྱོགས་བཟང་བ་དང་ཆེ་མཐོང་ཆེ་རུ་འགྲོ་རྒྱུ་ཡིན་པར་དགའ་སྤོབས་ཆེན་པོ་བྱུང་སྐོར་གསུངས་སོང་། གཞན་ཡང་དེ་མཚུངས་སུ་དེ་རིང་ Ireland བོད་རིགས་ཚོགས་པའི་ངོ་དེབ་དྲ་ལམ་ཐོག་གནས་ཚུལ་སྤེལ་བར་ཡུལ་དེའི་ Dublin གྲོང་ཁྱེར་ནང་དུ་སྨན་ཞབས་པ་དང་ Yoga ལུས་སྦྱོང་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པའི་བོད་རིགས་བེུད་ཡེ་ཤེས་དབང་མོ་ལགས་ནས་འདི་ལོའི་ཕྱི་ཟླ་ ༨ པའི་ནང་ཚོགས་པའི་ International Yoga Olympic རྩེད་འགྲན་ཐེངས་དང་པོ་ཚོགས་པའི་ཐོག་བོད་ཀྱི་སྐུ་ཚབ་ཐོག་ནས་མཉམ་ཞུགས་གནང་སྟེ་བེུད་ Yoga ལུས་སྦྱོང་རྩེད་འགྲན་ནང་ཨང་གཉིས་པའམ་དངུལ་གྱི་རྟགས་མ་ཐོབ་འདུག ཁོང་གིས་ད་ལྟའི་ཆར་ Ireland ནང་དུ་སྨན་ཞབས་པའི་ཕྱག་ལས་གནང་མུས་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།