Tibetan Royal Year of 2151 | Year of the Wood Dragon

བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པའི་ལས་འགུལ་སྤེལ་བ་དང་སྦྲགས་བོད་ཀྱི་བེུད་སྒེར་ལངས་ཐེངས་ ༦༤ པ་སྲུང་བརྩི།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

དེ་རིང་ཟླ་ ༣ ཚེས་ ༡༢ ཉིན་མོ་འདི་ནི་དེ་སྔ་ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ལྷ་སར་ཆོལ་གསུམ་བོད་ཀྱི་བེུད་བརྒྱ་ཕྲག་དུ་མས་མ་གྲོས་མ་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གཞུང་གི་དྲག་པོའི་དབང་སྒྱུར་ལ་ཞི་རྒོལ་སྒེར་ལངས་ཆེན་མོ་གནང་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་དུས་ཚིགས་གལ་ཆེ་ཞིག་ཡིན་པ་ལྟར། བཞུགས་སྒར་རྒྱལ་གཅེས་དཔའ་བོ་དཔའ་མོའི་དྲན་རྟེན་རྡོ་རིང་མདུན་དུ་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱིས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པའི་ལས་འགུལ་སྤེལ་བ་དང་སྦྲགས་བོད་ཀྱི་བེུད་སྒེར་ལངས་ཐེངས་ ༦༤ པ་སྲུང་བརྩི་ཞུས་སོང་།

དེ་རིང་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་རྒྱལ་གཅེས་དཔའ་བོ་དཔའ་མོའི་དྲན་རྟེན་རྡོ་རིང་མདུན་དུ་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་གོ་སྒྲིགས་འོག་བོད་ཀྱི་བེུད་སྒེར་ལངས་ཐེངས་ ༦༤ པ་སྲུང་བརྩི་ཞུས་སོང་བ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོ་བཙུན་མའི་ལས་འཆར་དང་བོད་ཀྱི་བེུད་ལྷན་ཚོགས་ཀྱི་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་དབུས་པའི་དབུས་ས་གཉིས་ཀྱི་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་བེུད་སློབ་ཕྲུག་ཁག་གཅིག བཙུན་མ་ཁག་གཅིག དེ་བཞིན་མང་ཚོགས་བཅས་མཉམ་ཞུགས་གནང་ཡོད།  

དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ཀྱིས་མཛད་སྒོའི་ཐོག་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་སྒྲོག་སྦྱང་གནང་བར་བོད་མི་དཔའ་བོ་དཔའ་མོ་རྣམས་ཀྱིས་བོད་མི་རིགས་ཆེད་ལྷག་བསམ་དང་སྙིང་སྟོབས་ཞུམ་པ་མེད་པའི་བློས་བཏང་ལ་ཡི་རང་རྗེས་དྲན་ཞུས་པ་དང་སྦྲགས། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ལྷག་གི་རིང་ལ་བོད་ནང་དུ་ཆེས་གདུག་རྩུབ་ཅན་གྱི་སྲིད་བྱུས་སྤེལ་བར་མ་ཟད། དུས་ད་ལྟའང་གཞུང་གི་གཏན་འཇགས་སློབ་གྲྭར་བོད་པའི་བྱིས་པ་རྣམས་བཙན་དབང་གིས་བཅུག་ནས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་དང་། བོད་མིའི་རིགས་རྫས་བསྡུ་རུབ་སོགས་བྱས་ཏེ་བོད་མིའི་ཐོག་དམ་བསྒྲགས་སྔར་ལྷག་བྱེད་བཞིན་པ་རྣམས་ཐེར་འདོན་གྱིས་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་རྒྱ་ནག་གཞུང་ལ་༸གོང་ས་མཆོག་གམ་མགོན་པོ་༸གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པ་དང་། བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་དགོས་པ། དེ་བཞིན་བོད་མིའི་རིགས་རྫས་བསྡུ་དུབ་དང་བཅའ་སྡོད་སློབ་གྲྭ་སོགས་ཀྱི་ལས་གཞི་འཕྲལ་མར་མཚམས་འཇོག་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་ཆེས་ཆེར་སྤྲོད་དགོས་པའི་འབོད་སྐུལ་ནན་པོ་ཞུས་སོང།

དེ་བཞིན་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བོད་མི་དཔའ་བོ་དཔའ་མོ་རྣམས་ཀྱིས་བློས་བཏང་ལ་རྗེས་དྲན་ཞུས་པ་དང་འབྲེལ། བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་བོད་དོན་འཐབ་རྩོད་ལ་སྨན་པའི་འབད་བརྩོན་གང་ཐུབ་གནང་དགོས་གལ་ཡིན་པ་དང་། དེ་ལྟར་གནང་ཐུབ་ཚེ་བོད་ཀྱི་རྩ་དོན་སླད་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་བོད་མི་ ༡༥༧ ཙམ་བྱུང་བ་རྣམས་ཀྱིས་གཙོས་པའི་བོད་ཀྱི་དཔའ་བོ་དཔའ་མོ་ཡོངས་ཀྱི་སྙིང་སྟོབས་ཞུམ་པ་མེད་པའི་བློས་བཏང་རྣམས་ལ་དངོས་སུ་རྗེས་དྲན་ཞུ་ཐུབ་རྒྱུ་ཡིན་པ་དང་། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་པའི་མི་རབས་རྒན་པ་ཚོས་སྐུ་ལས་བསྐྱོན་པའི་དབང་གིས་ང་ཚོ་བོད་མི་བཙན་བྱོལ་བ་རྣམས་ནི་བཙན་བྱོལ་བ་གཞན་དང་མི་འདྲ་བའི་གནས་བབས་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གནང་བཞིན་ཡོད་པ་སོགས་དྲན་སྐུལ་གནང་བ་དང་ཆབས་ཅིག་གཞིས་བཞུགས་བོད་མི་རྣམས་ནས་ང་ཚོར་ཐུགས་འཁྲལ་གནང་མི་དགོས་པའི་ཐོག་ནས་བོད་དོན་ལ་སྨན་པའི་ཕྱག་ལས་གནང་དགོས་པར་གཞེན་སྐུལ་གནང་སོང་།

གསར་འགོད་པས་སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ལ་དེ་རིང་གི་དུས་ཚིགས་དང་བསྟུན་ནས་བརྡ་ལན་གཙོ་བོ་གང་གནང་རྒྱུ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར་ཁོང་གིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བཞིན་པ་རྣམས་ལ་ལས་རྒྱུ་འབྲས་འཁོར་ངེས་ཡིན་པ་དེ་ངེས་པར་དུ་ཤེས་དགོས་ཀྱི་རེད་ཅེས་བརྡ་ལན་གནང་སོང་།

དེ་བཞིན་གསར་འགོད་པས་བོད་ཀྱི་བེུད་སྒེར་ལངས་ཐེངས་ ༦༤ པ་དང་བསྟུན་དབུས་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་ལ་བཀའ་འདྲི་ཞུས་ཡོད།

དེ་རིང་མཛད་སྒོ་གྲུབ་མཚམས་སུ་མང་ཚོགས་རྣམས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་ཞིང་། བོད་ལ་རང་དབང་དགོས་པའི་འབོད་ཚིག་སྒྲོག་བཞིན་གཙུག་ལག་ཁང་གི་མདུན་ནས་དྷ་ཤོད་ཀ་ཅ་རཱིའི་མདུན་ཐང་བར་གོམ་བགྲོད་གནང་སོང་བར་མ་ཟད། ཉེ་སྔོན་ཚེས་ ༨ ཉིན་རྒྱལ་སྤྱིའི་བེུད་ཉིན་མོར་ Tibet Theatre འམ་བོད་ཀྱི་གཏམ་བརྗོད་ཚོགས་པས་བོད་ཀྱི་བེུད་ལྷན་ཚོགས་ལ་རྨ་ཁ་ཞེས་པའི་གློག་བརྙན་ཞིག་བཟོ་བསྐྲུན་གནང་ཡོད་པ་ལྟར་དེ་རིང་བཞུགས་སྒར་དྷ་ས་གཙོས་པའི་ས་གནས་ཡོངས་ལ་གློག་བརྙན་དེ་གཟིགས་འབུལ་ཞུས་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།