Tibetan Royal Year of 2151 | Year of the Wood Dragon

མཚོ་སྔོན་གསེར་ཁོག་རྫོང་ཁོངས་སུ་ཆུ་ལོག་རྐྱེན་གྱིས་མི་བཅུ་དྲུག་འདས་གྲོངས།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

རྒྱ་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་གསེར་ཁོག་རྫོང་ཁོངས་སུ་ཆར་ཞོད་ཆེན་པོ་བབས་ནས་ཆུ་ལོག་རྒྱུག་རྐྱེན་དེ་རིང་ཉིན་དགུང་བར་དུ་མི་ ༡༦ འདས་གྲོངས་དང་མི་གྲངས་ ༣༦ གར་སོང་ཆ་མེད་དུ་གྱུར་འདུགརྒྱ་གཞུང་གིས་གཉེར་བའི་ Xinhua གསར་ཁང་གིས་དེ་རིང་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཁ་སང་རེས་གཟའ་ལྷག་པའི་མཚན་མོའི་ཚོུད་ ༡༠༌༢༥ ཙམ་ཞིག་ལ་གློ་བུར་དུ་ཆར་ཞོད་ཆེན་པོ་འབབ་པར་བརྟེན་གསེར་ཁོག་རྫོང་ཁོངས་སུ་ཆུ་ལོག་དང་འདམ་རུད་ཀྱིས་ཁུལ་དེའི་ཡུལ་ཚོ་དྲུག་གི་སྡེ་མི་ ༦༢༤༥ ཡི་སྡོད་ཁང་སོགས་ལ་གནོད་སྐྱོན་བཏང་ཡོད་པ་བཀོད་འདུགགཞི་རྩའི་རྒྱ་ནག་གཞུང་འབྲེལ་གྱི་དྲ་ལམ་ནང་གོད་ཆག་ཕོག་ཡུལ་གྱི་ས་གནས་སུ་སྲིད་གཞུང་ནས་མྱུར་སྐྱོབ་ཆེད་ཉེན་རྟོག་པ་དང་སྤྱི་དམངས་བདེ་འཇགས། ཛ་དྲག་མྱུར་སྐྱོབ་རུ་ཁག་སོགས་ཀྱི་ལས་མི་ ༢༠༠༠ ལྷག་དང་རླངས་འཁོར་ ༡༦༠ ཆེད་གཏོང་བྱས་ཡོད་པར་བཀོད་འདུག་ཀྱང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཐོན་པའི་བརྙན་པར་ལ་བལྟས་ཚེ་ཆུ་ལོག་གིས་རླངས་འཁོར་རྣམས་སྣུབ་ཀྱི་འདུག་པ་དང་དེ་བཞིན་རྒྱ་ལམ་དང་སྡོད་ཁང་སོགས་སུ་འདམ་གྱིས་ཁེངས་ཏེ་མི་རྒྱུ་གཉིས་ལ་གནོད་འཚེ་ཕོག་ཡོད་སྟབས། ཡུལ་མི་ཚོས་གཙང་བཟོ་བྱེད་བཞིན་པ་མཐོང་རྒྱུ་འདུག

འབྲེལ་ཡོད་གསར་གནས།

གསར་གནས།