Tibetan Royal Year of 2151 | Year of the Wood Dragon

མིའི་སྤྱི་ཚོགས་ལ་དཀའ་ངལ་འཕྲད་སྐབས་ངེས་པར་དུ་གྲོས་བསྡུར་གནང་དགོས་བའི་ལམ་སྟོན།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

དེ་རིང་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་དང་ཀུན་ཁྱབ་འགན་ཁུར་ཐེབས་རྩ་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་རྒྱ་གར་གནའ་རབས་ཀྱི་གཅེས་ནོར་འཚེ་བ་མེད་པ་དང་བྱམས་བརྩེའི་ཉམས་ལེན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་བ་དང་འབྲེལ། རྒྱ་གར་གྱི་མཁས་དབང་ཁག་ཅིག་གི་བཀའ་འདྲི་དགོངས་སྐོར་ཞུས་ཁག་ལ་བཀའ་ལན་མཛད་པའི་ཁྲོད། མིའི་རིགས་ཀྱི་སྤྱི་ཚོགས་ནང་དཀའ་ངལ་འཕྲད་སྐབས་དེ་ནི་མི་ཚེ་ཡི་ལམ་ལུགས་ཤིག་ཡིན་པར་སྙམ་ནས་བཞུགས་རྒྱུ་མིན་པར་མི་མང་རང་བཞིན་གྱི་གྲོས་བསྡུར་བྱས་ཏེ་དཀའ་ངལ་སེལ་རྒྱུ་གལ་ཆེན་པོ་ཡིན་པར་ལམ་སྟོན་མཛད་པ་མ་ཟད། ཉིན་གཅིག་གི་ཉི་ཟླ་ཡི་འཆར་ནུབ་དེ་ཡང་ལྟོས་བཅོས་ཀྱིས་འགྱུར་བ་མེད་པ་འདྲ་ཞིག་ཡིན་ནའང་། གནས་སྟངས་འདྲ་མིན་གྱི་ཁྲོད་དུ་ཉི་ཟླའི་འཆར་ནུབ་ཀྱང་འགྱུར་བཞིན་ཡོད་པའི་ཆོས་ཉིད་ཡིན་པ་བཀའ་སྩལ་སོང་།
༸རྒྱལ་བའི་ཕོ་བྲང་ནས་དྲྭ་ཐོག་བརྒྱུད་ཐད་སྲིང་གནང་བའི་མཛད་རིམ་དེའི་ཐོག་ཀུན་ཁྱབ་འགན་ཁུར་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ Rajiv Mehrotra ལགས་དང་རྒྱ་གར་རྒྱལ་སྤྱིའི་ལྟེ་གནས་ཁང་གི་ཚོགས་གཙོ་ NN Vohra ལགས། དེ་བཞིན་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་ Shyam Saran ལགས། རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཟུར་པ་ Shivshankar Menon ལགས། རྒྱ་གར་ཁྲིམས་རྩོད་པ་གྲགས་ཅན་ Fali Sam Nariman ལགས། བདག་ཉིད་ཆེན་པོ་གྷཱན་དྷཱི་མཆོག་གི་ཚ་བོ་ནུབ་བྷང་གལ་མངལ་སྡེའི་སྲིད་སྐྱོང་ཟུར་པ་སྐུ་ཞབས་ Gopal Gandhi ལགས་སོགས་ཀྱི་གཙོས་པའི་མཁས་དབང་ཁག་ཅིག་གིས་ལྷན་ཞུགས་ཐོག་འབྲེལ་ཡོད་གནད་དོན་འདྲ་མིན་ཐོག་མགོན་པོ་༸གང་ཉིད་མཆོག་ལ་བཀའ་འདྲི་དགོངས་སྐོར་ཁག་ཅིག་གི་ཞུས་གནང་སོང་།
༸གོང་ས་མཆོག་མཆོག་གིས་སྐབས་དེར་རྒྱ་གར་འཕགས་པའི་ཡུལ་དང་བོད་ཡུལ་བར་གནའ་སྔ་མོ་ནས་ལོ་རྒྱུས་རང་བཞིན་གྱི་འབྲེལ་བ་དམ་ཟབ་ཡོད་པར་བཀའ་སྩལ་ཏེ་བདག་ཅག་གི་སྟོན་པ་བཅོན་ལྡན་འདས་དེ་ཉིད་ཀྱང་རྒྱ་གར་བ་ཞིག་ཡིན་པ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་དེ་ཡང་ཐོག་མར་རྒྱ་གར་ནས་དར་བ་མ་ཟད་རྒྱ་གར་གྱི་མཁས་དབང་རྣམས་ཀྱི་ལམ་སྟོན་འོག་རྒྱ་གར་གྱི་ལེགས་སྦྱར་གྱི་སྐད་ནས་བོད་བརྒྱུད་ནང་བསྟན་གྱི་གཞུང་ལུགས་མང་པོ་བོད་བསྒྱུར་གནང་ཡོད་སྐོར་དང་། དེ་བཞིན་བོད་ཀྱི་ཡིག་གཟུགས་འདི་ཡང་རྒྱ་གར་གྱི་སྔོན་བྱོན་གྱི་དེ་བ་ནཱ་ག་རཱི་ཞེས་པའི་ཡི་གེ་ལ་དཔེ་བྱས་ནས་གསར་བཟོ་གནང་བ་ཞིག་ཡིན་པར་བཀའ་སྩལ་བ་དང་འབྲེལ། མགོན་པོ་༸གང་ཉིད་ནི་དགུང་ལོ་གཞོན་པའི་དུས་ནས་རྒྱ་གར་གྱི་གཞུང་ཆེན་ཁག་གི་རྩ་བ་བློ་འཛིན་མཛད་དེ་ཕེབས་མཁན་ཞིག་ཡིན་པ་དང་། ཕྱིས་སུ་མི་ལོ་དྲུག་བཅུ་ལྷག་ལ་རྒྱ་གར་གྱི་དྰ་ལི་དང་ཞལ་འབྲས་མཆོད་མཁན་ཞིག་ཡིན་པར་བརྟེན་ནང་གི་དགོངས་པ་དང་ཕྱིའི་སྐུ་གཟུགས་གཉིས་ཀྱི་ཆ་ནས་རྒྱ་གར་གྱི་སྲས་ཤིག་ཡིན་པར་བཀའ་བསྐྱར་ནན་མཛད་སོང་།
༸གོང་ས་མཆོག་གིས་མགོན་པོ་༸གང་ཉིད་མཆོག་གི་༸སྐུ་ཚེ་ཧྲིལ་པོའི་ཐུགས་བསྐྱེད་བཞིའི་སྐོར་ངོ་སྤྲོད་མཛད་པ་དང་སྦྲགས། འཛམ་གླིང་གི་ཤར་ནུབ་གང་སར་གནས་པའི་འགྲོ་བ་མི་ཡོད་ཚད་གཅིག་ལ་གཅིག་བརྟེན་གྱིས་འཚོ་བཞིན་ཡོད་པ་དང་དེང་གི་ཆ་འདིར་འཛམ་གླིང་འདི་དཔལ་འབྱོར་གྱི་ཆ་ནས་ཀྱང་གཅིག་གྱུར་དང་རྒྱལ་མཚམས་རེས་མེད་དུ་འགྱུར་བཞིན་ཡོད་སྐོར་ལམ་སྟོན་མཛད་པར་མ་ཟད། འགྲོ་བ་མི་ཡོངས་རྫོགས་གཅིག་གྱུར་ཡིན་པའི་འདུ་ཤེས་སྤེལ་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་ཆོས་ལུགས་མཐུན་སྒྲིལ་གྱི་དགོངས་གཞིའི་སྐོར་བཀའ་སྩལ་དང་འབྲེལ་ནས་རྒྱ་གར་ནི་འཛམ་གླིང་ནང་གི་ཆོས་ལུགས་ཀྱི་ལྟ་གྲུབ་ཁག་མང་པོ་མཉམ་གནས་བྱེད་ཐུབ་པའི་ཞི་བདེ་རང་བཞིན་གྱི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱལ་སྤྱིའི་སྟེང་རྒྱ་གར་རྒྱལ་ཁབ་འདི་ཆོས་ལུགས་ཀྱི་ལྟ་གྲུབ་མང་པོ་མཉམ་གནས་ཡོང་ཐུབ་པའི་མིག་དཔེ་ཞིག་ཡིན་སྐོར་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད།
རྒྱ་གར་གྱི་རྒྱལ་སྲུང་བདེ་འཇགས་ཀྱི་སློབ་སྟོན་པ་སྐུ་ཞབས། Shivshankar Menon ལགས་ཀྱིས་སྐབས་དེར་བྱམས་བརྩེ་དང་འཚེ་མེད་ཞི་བའི་ལྟ་གྲུབ་དེ་ཆབ་སྲིད་ཀྱི་ནང་དུ་ཇི་ལྟར་བེད་སྤྱོད་གཏོང་ཕྱོགས་ཀྱི་སྐོར་ལ་བཀའ་འདྲི་དགོངས་སྐོར་ཞུས་པར་མགོན་པོ་༸གང་ཉིད་མཆོག་གིས་ད་ལྟའི་རྒྱལ་སྤྱི་སྤྱི་ཚོགས་ལམ་ལུགས་འདིའི་ནང་རང་གཞན་དང་ཆོས་ལུགས་སོགས་ཀྱི་དབྱེ་འབྱེད་ཆེན་པོ་ཡོད་པ་མ་ཟད། མིའི་རིགས་ཀྱིས་ནང་སེམས་ལ་དོ་སྣང་མེད་པར་དངོས་གཙོ་རིང་ལུགས་དེ་གཙོ་བོ་འཛིན་བཞིན་ཡོད་པར་བཀའ་སྩལ་ཏེ་རྒྱ་གར་ནང་ཤེས་ཡོན་གྱི་བསླབ་གཞི་ཁག་ཏུ་བྱམས་བརྩེ་དང་འཚེ་མེད་ཀྱི་གནའ་བོའི་ལྟ་གྲུབ་དེ་འཇོག་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་ལམ་སྟོན་སྩལ་བ་དང་ཆབས་ཅིག མགོན་པོ་༸གང་ཉིད་མཆོག་གིས་རྒྱ་གར་གྱི་དབུ་ཁྲིད་ཟུར་པ་རྣམས་ལ་སྐྱོན་བརྗོད་ཏོག་ཙམ་ཡོད་པ་དེ་ནི་རྒྱ་གར་རང་བཙན་ཐོབ་པའི་དུས་སྐབས་སུ་ཤེས་ཡོན་གྱི་བསླབ་གཞི་དེ་དབྱིན་ཇིའི་ལམ་སྲོལ་ལྟར་རང་འཇགས་བཞག་ཡོད་པ་དེ་ཡིན་སྐོར་བཀའ་སྩལ་མཛད་སོང་།
དེ་བཞིན་རྒྱ་གར་གྱི་ཁྲིམས་རྩོད་གྲགས་ཅན་སྐུ་ཞབས་ Fali Sam Nariman ལགས་ཀྱིས་སྨོན་ལམ་འདེབས་པ་དེ་གལ་ཆེན་པོ་ཡིན་མིན་ཐད་བཀའ་འདྲི་ཞུས་པར་༸གོང་ས་མཆོག་གི་ཆོས་ལུགས་ཁས་ལེན་མཁན་གྱི་སྐྱེ་བོ་ཞིག་ཡིན་ན་སྨོན་ལམ་འདེབས་པ་དེ་འབྲེལ་བ་ཡོད་པ་ཞིག་དེ་ལྟར་ཡང་། ཆོས་ལུགས་ཁས་མི་ལེན་མཁན་ཞིག་ཡིན་ན་སྨོན་འདེབས་པ་དེར་འབྲེལ་བ་གང་ཡང་མེད་ཅེས་བཀའ་སྩལ་དང་སྦྲགས་ཏེ་གཙོ་བོ་རང་གི་རྣམ་དཔྱོད་དང་ཤེས་ཡོན་ཐོག་ནས་བྱམས་སྙིང་རྗེ་དང་འཚེ་བ་མེད་པ་དེ་བེད་སྤྱོད་གང་ལེགས་གཏོང་ཐུབ་ན་སྨོན་ལམ་ཙམ་མིན་པར་མི་སྒེར་དང་སྤྱི་ཚོགས། དེ་བཞིན་འཛམ་གླིང་ཞི་བདེ་བཅས་ལ་ཕན་རླབས་སྐྲུན་ཐུབ་པར་ལམ་སྟོན་བཀྲིན་ཆེ་བ་སྩལ་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།