Tibetan Royal Year of 2151 | Year of the Wood Dragon

འཆི་བའི་འོད་ཟེར་ལ་ཁ་གཏད་པའི་མེ་ལྕེ་འགྲེམས་སྟོན་དབུ་འབྱེད་གནང་པ།

Tibetan News Headlines

  • འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པའི་བུ་ཕྲུག་ཐོག་མཉམ་བསྡུས་ཀྱི་ཉེས་ཆད་འགེལ་བཞིན་པ་མངོན་གསལ།
  • སྨར་ཁམས་རྫོང་ནང་རྒྱ་མི་དང་བོད་མི་དབར་འཁྲུག་རྩོད་ཤོར་ནས་བོད་མི་བཞི་འཛིན་བཟུང་བྱས་འདུག
  • འཇར་མ་ནིའི་སྲིད་བློན་མཆོག་གིས་རྒྱ་གཞུང་ལ་དྲང་བདེན་གྱི་ཚོང་ལས་གཉེར་དགོས་ཞེས་ཉེན་བརྡ་བཏང་འདུག
  • བལ་ཡུལ་ལྷ་མོ་ཚོགས་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྲབ་སྟོན་པ།

Tuesday 16/04/2024

  • China using ‘collective punishment’ against activists’ families: Rights group
  • 4 arrested over protest against seizure of pastureland in Tibet
  • Germany’s Scholz calls for fair competition, warns against dumping during China visit
  • Nepal Tibetan Lhamo Association and its Himalayan artists: Feature

 

ཁ་སང་ཕྱི་ཟླ་ ༡༢ ཕྱི་ཚེས་ ༡༠ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་པར་གྲགས་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ཧྲིལ་པོ་ ༢༦ IMG_8821[1][1]འཁོར་བ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་བསྟུན། རྒྱ་གར་གི་རྒྱལ་ས་ལྡི་ལི་ Khoj སྒྱུ་རྩལ་ཁང་དུ་འཆི་བའི་མེ་ལྕེ་འོད་ཟེར་ལ་ཁ་གཏད་པ་ཞེས་པའི་བོད་མི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དང་འབྲེལ་ཡོད་དེང་དུས་ཀྱི་འཕྲུལ་ཆས་ Multi Media སྤྱོད་ནས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་ཡོད་པ་རེད།

དེ་ཡང་གློག་བརྙན་བྱུས་འགོད་པ་རི་ཏུ་སཱརཱན་དང་བསྟན་འཛིན་བསོད་ནམས་ལགས་བཟའ་མི་གཉིས་ཀྱིས་གོ་སྒྲིག་འོག་དེང་དུས་ཀྱི་འཕྲུལ་ཆས་ Multi Media སྤྱོད་ནས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་མངོན་འདོད་དང་བོད་ནང་གི་བོད་མིའི་དཀའ་ངལ། སྐུ་པར། བརྙན་འཕྲིན་དང་ཞལ་ཆེམས་སོགས་འགྲེམས་སྟོན་གནང་ཡོད་པ་རེད།   འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གོ་སྒྲིག་གནང་མཁན་བསྟན་འཛིན་བསོད་ནམས་ལགས་སུ་འགྲེམས་སྟོན་དང་འབྲེལ་བའི་བཅར་འདྲི་ཞུས་པར། ཁོང་གིས་གསུངས་དོན་ལ། ཁོང་དང་ཁོང་གོ་བཟའ་ཟླ་རི་ཏུ་གཉིས་ཀྱིས་དེ་སྔོན་ཕྱི་རྒྱལIMG_8822[1][1]་ཡུལ་གྲུ་ཁག་ཏུ་སྒྱུ་རྩལ་གྱི་གློག་བརྙན་གསར་སྐྲུན་ཞུས་པ་ཐེངས་འགའ་གཟིགས་འབུལ་ཞུས་མྱོང་ཡོད་ཀྱང།     ད་ལན་རྒྱ་གར་གྱི་ Khoj སྒྱུ་རྩལ་ཁང་དུ་སྒྱུ་རྩལ་གྱི་གློག་བརྙན་གང་ཞིག་དེང་དུས་ཀྱི་འཕྲུལ་ཆས་སྤྱོད་ནས་བོད་མིའི་རང་ལུས་མེར་བསྲེགས་དང་འབྲེལ་བའི་འགྲེམས་སྟོན་གཟིགས་འབུལ་ཞུས་པ་དེ་ཆེས་ཐོག་མ་ཡིན་སྐོར་གསུངས་སོང།   ལྷག་དོན་འགྲེམས་སྟོན་ཞུས་པ་དེའི་ཁོངས་ནས་ཆེས་མངོན་པར་གསལ་བ་ནི་མ་ཎི་ལག་འཁོར་གྱི་བཟོ་བཀོད་ཡོད་པ་གང་ཞིག་ལ་བཙོན་ཁང་གི་རྣམ་པ་ལྡན་པའི་ཐོག་ནས་རང་ལུས་མེར་བསྲེགས་ཀྱི་བརྙན་འཕྲིན་ཐུང་ཁག་གཟིགས་ཐུབ་པའི་ཁྱད་ཆོས་ལྡན་ཡོད་པ་བཅས་གསུངས་སོང།

མ་ཎི་ལག་འཁོར་དེའི་མཚོན་དོན་ནི་བོད་ནང་གི་བོད་མི་ཚོ་ཛ་དྲག་གི་འོག་གནས་ཡོད་པ་IMG_8810[1][1]མཚོན་ཕྱིར་སྒྱུ་རྩལ་གྱི་ལམ་ནས་གསར་བཟོ་གནང་པ་ཞིག་ཡིན་པ་དང་། དེ་མཚུངས་རང་ལུས་མེར་བསྲེགས་ཀྱི་གློག་བརྙན་དང་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་བསྲེགས་གནང་མཁན་ ༡༤༩ བྱུང་བ་དེ་དག་གི་སྐུ་པར་དང། ཞལ་ཆམེས་སོགས་འགྲེམས་སྟོན་གནང་ཡོད་པ་རེད།   རྩ་བའི་ཐེངས་འདིའི་འགྲེམས་སྟོན་ནི་ཟླ་བ་འདིའི་ཕྱི་ཚེས་ ༡༠ ནས་ཕྱི་ཚེས་ ༣༡ བར་རྒྱ་གར་གི་རྒྱལ་ས་ལྡི་ལི་ Khoj སྒྱུ་རྩལ་ཁང་དུ་གཟིགས་འབུལ་ཞུ་རྒྱུ་རེད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།