Tibetan Royal Year of 2151 | Year of the Wood Dragon

འཇར་མ་ནིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཕྱོགས་སྐྱོད་གནང་བཞིན་པ།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

འཇར་མ་ནིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ཁ་ཉིན་ཐེ་ཝན་ནང་ཕེབས་འབྱོར་གྱིས་ཁུལ་དེར་ཉིན་གྲངས་བཞིའི་རིང་གཞུང་འབྲེལ་ཕྱོགས་སྐྱོད་གནང་བཞིན་འདུགདེ་རིང་བརྒྱུད་ལམ་ཁག་ཏུ་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མ་ནིའི་ Free Democratic Party ཞེས་པའི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་ཤེས་རིག་བློན་ཆེན་ལྕམ་སྐུ་ Bettina Stark-Watzinger ལགས་འདི་ལོ་དཔྱིད་ཀར་ཐེ་ཝན་ནང་ཕེབས་གཏན་ཁེལ་ཡོད་པ་དང་འབྲེལ་ཏེ་ཁ་སང་འཇར་མ་ནིའི་ཆབ་སྲིད་ཚོགས་པ་དེ་ཉིད་ཀྱི་ཚོགས་མི་ཁག་ཅིག་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་ནང་ཕེབས་འབྱོར་གྱིས་ཡུལ་དེའི་གྲོས་ཚོགས་འཐུས་མི་ཁག་ཅིག་དབུས་པའི་ཆབ་སྲིད་མི་སྣ་རྒན་གྲས་དང་སྤྱི་མང་ཚོགས་པ། དཔུང་དམག་སྡེ་ཚན་གྱི་དཔོན་རིགས་མཐོ་གྲས་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་རེད།

སྐུ་ཚབ་ཚོགས་ཆུང་སྣེ་ཁྲིད་གནང་མཁན་ལྕམ་ Marie-Agnes Strack-Zimmermann ལགས་ཀྱིས་ AFP གསར་ཁང་ལ་ཐེངས་འདིའི་འཇར་མ་ནིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཐེ་ཝན་ནང་གི་སྐོར་སྐྱོད་དེ་ནི་ཐེ་ཝན་ལ་གདུང་སེམས་མཉམ་བསྐྱེད་གནང་ཆེད་ཡིན་པ་དང་ལྷག་དོན་འཇར་མ་ནིའི་ངོས་ནས་རྒྱ་ནག་ལ་དཔལ་འབྱོར་གྱི་བསྟུན་མཁས་གནང་རྒྱུ་དེས་རྒྱལ་ཁབ་དེ་ཉིད་ལ་འགལ་རྐྱེན་ཆགས་ངེས་ཡིན་པར་ནན་བརྗོད་གནང་འདུགདེ་བཞིན་སྐུ་ཚབ་ཚོགས་ཆུང་ནང་གི་ཚོགས་མི་ཡིན་པ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Johannes Vogel ལགས་ཀྱིས་ཁོང་རྣམས་ཐེ་ཝན་ལ་ཕེབས་དོན་གཙོ་བོ་ནི་འཇར་མ་ནིའི་ངོས་ནས་ཐེ་ཝན་ལ་རྒྱབ་སྐྱོར་གྱི་རྣམ་པ་ཆེད་བཏོན་གནང་ཕྱིར་ཡིན་སྐོར་གསུངས་པ་དང་ཆབས་ཅིག་ད་ལྟའི་ཐེ་ཝན་གྱི་གནས་སྟངས་ནི་ཆེས་རྙོག་འཛིང་ཅན་ཞིག་ལ་གཟིགས་ཀྱི་ཡོད་པ་དང་འཇར་མ་ནི་དང་ཡུ་རོབ་གཉིས་ཀའི་ངོས་ནས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བཞིན་ཡོད་ཅེས་ནན་བརྗོད་གནང་ཡོད།

ཐེངས་འདིའི་འཇར་མ་ནིའི་གྲོས་ཚོགས་ཀྱི་ཆེs་མཐོའི་སྐུ་ཚབ་ཚོགས་ཆུང་ཐེ་ཝན་དུ་གཞུང་འབྲེལ་སྐོར་སྐྱོད་གནང་བ་འདི་ནི་འདས་པའི་མི་ལོ་ ༢༦ ནང་གི་སྐོར་སྐྱོད་ཐེངས་དང་པོ་དེ་ཆགས་ ཡོད་པ་དང་། ཉིན་གྲངས་བཞིའི་རིང་གི་སྐོར་སྐྱོད་ཁྲོད་སྐུ་ཚབ་ཚོགས་ཆུང་དེས་ཐེ་ཝན་གྱི་གཞུང་འབྲེལ་མཐོ་རིམ་མི་སྣ་དང་ཕྱོགས་འགལ་ཚོགས་པ། དེ་བཞིན་ཚོང་པ་ཆེ་ཁག་དང་དམག་དོན་ལས་བྱེད། འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་གི་སྐུ་ཚབ་སོགས་དང་ཐུག་འཕྲད་ཀྱིས་ཕྱོགས་གཉིས་ཀྱི་ཐུན་མོང་གི་མངོན་འདོད་ཁག་ཅིག་གླེང་མོལ་གནང་རྒྱུ་རེད་འདུག

རྒྱ་ནག་གཞུང་གིས་རྟག་ཏུ་ཐེ་ཝན་གྱི་གནད་དོན་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ཡིན་ཚུལ་སོགས་བཤད་ནས་ཕྱིའི་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣར་ཐེ་ཝན་ནང་ཕེབས་རྒྱུ་དང་དེ་འབྲེལ་གནད་དོན་སྐོར་གླེང་སློང་གནང་སྐབས་མི་འདོད་པའི་རྣམ་པ་ཤུགས་ཆེ་བསྟན་ཡོད་པ་ལྟར་ད་རེས་འཇར་མ་ནིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེ་ཉིད་ཐེ་ཝན་དུ་ཕེབས་པ་དང་བསྟུན་རྒྱ་ནག་གིས་འཇར་མ་ནིའི་བྱེད་བབ་དེ་ནི་རྒྱ་ནག་ལ་ཁོང་ཁྲོ་སློང་བར་སྐྱོན་བརྗོད་དང་སྦྲགས་ཏེ་རྒྱ་ནག་གཅིག་གི་སྲིད་བྱུས་ལ་དྲང་བདེན་ཐོག་ནས་བརྩི་སྲུང་བྱེད་དགོས་ཞེས་བཤད་འདུགརྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Wang Wenbin ཟེར་བས་ཐེ་ཝན་ནང་གི་དཀའ་ངལ་གྱི་རྒྱུ་རྐྱེན་གཙོ་བོ་ནི་འཛམ་གླིང་ནང་ཁྱབ་གདལ་འགྲོ་བཞིན་པའི་མི་སེར་སྤེལ་ཡུལ་དང་དྲག་པོའི་རིང་ལུགས། དེ་བཞིན་རྒྱལ་ཞེན་རིང་ལུགས་བཅས་ཀྱི་རྒྱུ་མཚན་ཡིན་པར་བརྗོད་དེ་རྒྱ་ནག་དེ་ཉིད་དེ་འབྲེལ་དཀའ་ངལ་འོག་ལྷུང་མྱོང་ཡོད་པར་མ་ཟད་འཇར་མ་ནིའི་ངོས་ནས་ཀྱང་དེ་འབྲེལ་གནད་དོན་ཐོག་དཀའ་སྡུག་ལྡན་པའི་ལོ་རྒྱུས་ཀྱི་སློབ་གསོ་ཐེབས་མྱོང་ཡོད་སྐོར་བཤད་འདུག

འབྲེལ་ཡོད་གསར་གནས།

གསར་གནས།