Tibetan Royal Year of 2151 | Year of the Wood Dragon

འཇར་མན་གཞུང་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭ་སྒོ་རྒྱག་དགོས་ཞེས་གསུངས་པ།

Tibetan News Headlines

  • ཆེས་མཐོའི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཟགས་སོང་།
  • བཅའ་ཁྲིམས་ནང་བོད་ཀྱི་རྒྱལ་དར་ལ་གུས་བརྩི་དགོས་པ་དང་གང་བྱུང་བེད་སྤྱོད་གཏང་མི་ཆོག་པ་འཁོད་དགོས་པའི་ཞུ་སྐུལ།
  • བོད་མིའི་ཆབ་སྲིད་བརྩོན་པ་གྲྭ་ཆོས་དབྱིངས་མཁས་གྲུབ་ལགས་འཕྲལ་མར་གློད་བཀྲོལ་དགོས་པ་གསུངས་འདུག
  • བསོད་ནམས་དབང་ཕྱུག་ལགས་ཀྱི་ཉིན་གྲངས་ ༢༡ གི་ཟས་བཅད་ལས་འགུལ་རེ་ཞིག་མཇུག་སྒྲིལ།
  • གློག་བརྙན་ནང་རིག་གནས་གསར་རྗེས་སྐོར་བསྟན་པར་རྒྱ་ནག་རྒྱལ་གཅེས་པ་རྣམས་ཀྱིས་སྐྱོན་བརྗོད།
  • ཨ་རིའི་གཞུང་གིས་རྒྱ་རིགས་བདུན་ལ་ལོ་བཅུ་བཞིའི་རིང་དྲ་ལམ་གཏོར་རྒོལ་གྱི་ལས་འགུལ་སྤེལ་བའི་ཉེས་འཛུགས།

Wednesday 27/03/2024

  • Charter amendment concerning appoinment of Justice Commissioners fails to obtain a majority
  • Petitioner urges MPs to propose bill to safeguard dignity of Tibetan national flag
  • US Amb. for religious freedom urges China to release prisoner of conscience Choeying Khedrub
  • Sonam Wangchuk ends 21-day fast, pledges to continue fight for Ladakh’s rights
  • Netflix’s ‘3 Body Problem’ showing ‘brutal Cultural Revolution’ draws fire in China
  • US indicts 7 Chinese nationals for cyber espionage

རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བྱས་ཏེ་བོད་པའི་སློབ་ཕྲུག་རྣམས་བཙན་དབང་གིས་སློབ་གྲྭ་དེ་དག་ཏུ་བཏང་སྟེ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་རིག་དང་སྐད་ཡིག་སོགས་ལ་སློབ་གཉེར་གནང་རྒྱུ་ལས་རྒྱང་ཐག་རིང་དུ་གཏོང་བཞིན་ཡོད་པ་ལྟར། འཇར་མ་ནི་གཞུང་གིས་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་གནས་སྟངས་ལ་ཐུགས་འཚབ་ཀྱི་རྣམ་པ་མངོན་གསལ་དང་སྦྲགས་བོད་ནང་གི་བཅའ་སྡོད་སློབ་གྲྭ་དེ་དག་སྒོ་རྒྱག་དགོས་པ་གསུངས་འདུག

ཁ་ཉིན་རེས་གཟའ་ལྷག་པའི་ཉིན་འཇར་མ་ནིའི་ཕྱི་འབྲེལ་སྐུ་ཚབ་དང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་བདེ་དོན་ཚན་པའི་འབྲེལ་ཡོད་དབར་བཀའ་བསྡུར་གནང་སྐབས་འཇར་མ་ནི་གཞུང་གིས་བོད་ནང་གི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་མུ་མཐུད་ནས་ཐུགས་འཚབ་ཆེན་པོ་གནང་བཞིན་ཡོད་པར་མ་ཟད། ཉེ་ལམ་རྒྱལ་ཚོགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གཞུང་བཅས་ཀྱི་ལྷན་ཁང་གི་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་གནང་སྟེ་རྒྱ་ནག་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་དང་བོད་མི་གཞིས་སྤོའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཁག་འཕྲལ་མར་མཚམས་འཇོག་དགོས་པའི་དགོས་འདུན་མངོན་གསལ་གནང་བར་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག

འཇར་མ་ནིའི་སྐུ་ཚབ་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་ཁག་ཏུ་བོད་པའི་སློབ་ཕྲུག་རྣམས་ལ་བཙན་བཀའ་བཏང་བ་ཞིག་དང་། བོད་མི་རྣམས་འདོད་པ་མེད་བཞིན་དུ་སོ་སོའི་སྲོལ་རྒྱུན་དང་འབྲེལ་བའི་འཚོ་ཐབས་ཁག་དང་ཁ་བྲལ་བཏང་བ་དེ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ཅིག་ཡིན་པ་སོགས་འགྲེལ་བརྗོད་གནང་འདུག་པ་དང་ཆབས་ཅིག ལྷག་པར་དུ་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་བཅའ་སྡོད་སློབ་གྲྭ་ཆེད་འཛུགས་བྱས་པའི་ཕུགས་ཀྱི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་རིག་དང་སྐད་ཡིག་སོགས་རྩ་མེད་བཟོ་རྒྱུ་དང་དེ་དག་ལས་རྒྱང་ཐག་རིང་དུ་གཏང་ཕྱིར་ཡིན་པ་གསལ་པོ་རེད་ཅེས་གསུངས་འདུག

སྐབས་དེར་ད་དུང་རྒྱ་ནག་གཞུང་གིས་བོད་ནང་བོད་མི་གང་བྱུང་དུ་འཛིན་བཟུང་བཀག་ཉར་དང་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་བོད་མི་ས་ཡ་མང་པོ་མི་སྤྱོད་ལས་འདས་པའི་ངལ་བ་ཆེས་ཆེར་མྱོང་བཞིན་ཡོད་པའི་གནས་སྟངས་ཁག་གསལ་འདོན་གནང་ཡོད།

གཞི་རྩའི་ཉེ་ལམ་ཕྱི་ཟླ་གསུམ་པ་ནང་ཚོགས་པའི་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་འཇར་མ་ནི་གཙོས་ཨ་རི་དང་དབྱིན་ཡུལ། སུད་སི། སུད་ཌེན། ཌེན་མག་སོགས་རྒྱལ་སྤྱིའི་རྒྱལ་ཁབ་བཅུ་གཅིག་གི་གཞུང་ཚབ་ཚོས་རྒྱ་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་གནས་སྟངས་གཙོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཐུགས་འཚབ་ཡོད་པའི་བཀའ་མོལ་གནང་ཡོད་པར་མ་ཟད། ཕྱི་ཟླ་གཉིས་པ་ནང་རྒྱལ་ཚོགས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར། རིག་གཞུང་བཅས་ཀྱི་ལྷན་ཁང་གི་ངོས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བསྐྱར་ཞིབ་གནང་སྐབས་རྒྱ་གཞུང་གི་སྐུ་ཚབ་ལ་བོད་ནང་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭ་དང་། བོད་མི་གཞིས་སྤོའི་སྲིད་བྱུས་སོགས་དང་འབྲེལ་བའི་འདྲི་རྩད་ནན་པོ་གནང་བ་དང་སྦྲགས། རྒྱ་ནག་གཞུང་གི་ངོས་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭ་ཁག་སྒོ་རྒྱག་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་ཆེད་བཏོན་གནང་ཡོད།  

འབྲེལ་ཡོད་གསར་གནས།

གསར་གནས།