Tibetan Royal Year of 2151 | Year of the Wood Dragon

འཇར་མན་སྦྲག་ཁང་ནས་༸གོང་ས་མཆོག་གི་༸སྐུ་དཔར་འཁོད་པའི་སྦྲག་རྟགས་བཀག་སྡོམ་བྱས་འདུག

Tibetan News Headlines

  • བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མངོན་རྒྱུ་མེད་པ་མངོན་གསལ།
  • མགོན་པོ་སྐྱིད་ལགས་ཀྱིས་མུ་མཐུད་རྡོ་རྗེ་བཀྲིས་ཆེད་ཞུ་འབོད་གནང་བར་རྒྱ་གཞུང་ཉེན་རྟོག་པས་གཅར་རྡུང་།
  • རྒྱ་གཞུང་གིས་ཏོག་དབྱིབས་གཉན་རིམས་གྱི་འབྱུང་ཁུངས་རྩད་གཅོད་ཀྱི་ལས་དོན་ལ་ད་ལྟའང་འགོག་རྐྱེན་བཟོ་བཞིན་པ་མངོན་གསལ།
  • ཁ་སང་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ པ་མཇུག་སྒྲིལ་སོང་།
  • རྒྱལ་སྲས་དད་པ་བརྟན་པའི་ལྷ་གཞུང་ངོ་སྤྲོད།
  • འཇར་མ་ནི་ནང་རྒྱ་ནག་ཆེད་དུ་གསང་ཉུལ་བྱས་པའི་དོགས་གཞི་འོག་མི་སྣ་ཁག་གཅིག་འཛིན་བཟུང་བྱས་འདུག

Tuesday 23/04/2024

  • No significant changes in the rights situation in Tibet: US report
  • Blinken must raise Tibet, Panchen Lama on China trip: Tibet advocacy group
  • Chinese authorities assaults Gonpo Kyi ; phone broken amid call for brother’s fair retrial
  • China froze Covid -19 origin tracing; pattern continues to this day: AP investigation
  • 27th Shoton festival ends with a call from Sikyong to intensify efforts to preserve Opera tradition
  • Introduction to Opera ‘Prince Dhepa Tenpa’
  • Germany and Britain detain suspected Chinese spies

འཇར་མན་སྦྲག་ཁང་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་པར་འཁོད་པའི་སྦྲག་རྟགས་གསར་བསྐྲུན་བྱ་རྒྱུ་བཀག་སྡོམ་བྱས་འདུག   དེ་ཡང་འདི་ལོ་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ དགུང་གྲངས་ ༨༠ ཕེབས་པ་དང་བསྟུན། འཇར་མ་ནི་རྒྱལ་ཡོངས་ནང་༸སྐུའི་གྱ་སྟོན་གྱི་འཁྲུངས་སྐར་སྲུང་བརྩི་ཞུ་སླད་༸གང་ཉིད་ཀྱི་༸སྐུ་པར་འཁོད་པའི་སྦྲག་རྟགས་ཤིག་གསར་བཟོ་ཞུས་ནས་འཚམས་འདྲི་དང་སྦྲགས། ༸གོང་ས་མཆོག་གི་༸སྐུ་པར་འཁོད་པའི་སྦྲགས་རྟགས་ཤིག་བཟོ་བསྐྲུན་གནང་ཡོད་ཀྱང།  ཁ་སང་ Die Welt ཞེས་ཁུལ་དེའི་ཉིན་རེའི་གསར་སྤེལ་ཁང་གི་དྲ་ཚིག་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འཇར་མ་ནི་སྦྲག་ཁང་ནས་བཟོ་བསྐྲུན་ཞུས་བཞིན་པའི་ཕྱི་ཚོང་དང་འབྲེལ་བའི་སྦྲག་རྟགས་ཁག་གི་ཐོག་ལ། ཆབ་སྲིད་དང་འབྲེལ་བའི་པར་རིས་དང་ཡི་གེ་རིགས་བཀོད་མི་ཆོག་པའི་སྒྲིག་གཞི་གསར་བཟོ་བྱས་སྟབས།  དེ་སྔ་ཟླ་བ་བདུན་པའི་ནང་བཟོ་བསྐུན་ཞུས་པའི་༸གོང་ས་མཆོག་གི་༸སྐུ་པར་འཁོད་པའི་སྦྲག་རྟགས་དེ་ཟླ་བ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་ནས་བཟུང་བཀག་སྡོམ་བྱས་པ་བཀོད་འདུག

འོན་ཀྱང་ཁུལ་དེའི་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་བ་དང་། ཚོགས་པ་ཁག་ཅིག་ནས་གནད་དོན་དེ་ནི་སྒྲིག་གཞི་འགྱུར་བ་ཐེབས་གཞི་མིན་པར་རྒྱ་ནག་དང་ཚོང་ལས་སོགས་ཀྱི་འབྲེལ་ལམ་ལ་དོ་ཕོག་མི་ཡོང་བ་དང་། དེའི་རྒྱབ་ཏུ་རྒྱ་གཞུང་གི་ལག་འབྲེལ་ཡོད་སྐོར་འགྲེལ་བརྗོད་བྱས་འདུག་པ་མ་ཟད། ཁུལ་དེའི་ནང་རྟེན་གཞི་བྱས་པའི་ས་གནས་ཀྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་སྐུ་ཞབས་ Kia Muller ལགས་ཀྱིས་འཇར་མན་སྦྲག་ཁང་ནས་འགྲེལ་བརྗོད་བྱས་བཞིན་པ་དེའི་རྒྱབ་ཏུ་རྒྱ་གཞུང་གིས་གནོན་ཤུགས་ཡོད་པ་མངོན་གསལ་རེད་གསུངས་པ་དང་ཆབས་ཅིག སྦྲག་ཐོག་ལས་ཁང་དེ་ནས་༸གོང་ས་མཆོག་ཙམ་མ་ཡིན་པར། ཡི་ཤུའི་བླ་ཆེན་ POP Benedict XVI དང་ལྕམ་ Angela Markel ལགས་རྣམ་གཉིས་ཀྱི་སྐུ་པར་འཁོད་པའི་སྦྲགས་རྟགས་ཀྱང་བཟོ་བསྐྲུན་གནང་བཞིན་ཡོད་ནའང།  དེའི་ཐད་ལ་ད་བར་བཀག་སྡོམ་གང་ཡང་བྱས་མེད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

ད་དུང་ཁོང་གིས་ཉེ་ལམ་རྒྱ་ནག་ནང་ལ་འཇར་མན་གྱི་སྦྲག་ཁང་གི་བཟོ་གྲ་ German Post DHLཞེས་པ་དེའི་ཚོང་ལས་རྒྱ་བསྐྱེད་འགྲོ་བཞིན་ཡོད་སྟབས། ཚོང་དང་དཔལ་འབྱོར་གྱི་དགེ་མཚན་བསྒྲུབ་ཆེད་དུ་རྒྱ་གཞུང་གིས་གནོན་ཤུགས་འོག་སྦྲག་་རྟགས་དེར་བཀག་སྡོམ་བྱས་པ་ཞིག་རེད་ཅེས་འགྲེལ་བརྗོད་གནང་འདུག་ཀྱང་། འཇར་མན་སྦྲག་ཁང་ (German postal service ) གི་མགྲིན་ཚབ་པ་ Dirk Klasen ནས་གནད་དོན་དེའི་ཐད་ལ་ཕྱི་ཕྱོགས་ནས་གནོན་ཤུགས་གང་ཡང་མེད་པར་སྦྲག་ཁང་གི་ཆེ་མཐོང་སྲུང་སྐྱོབ་ཆེད་དུ་ཆབ་སྲིད་སོགས་དང་མ་འདྲེས་པའི་ཐབས་ལམ་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུག

གཞི་རྩའི་ཆེ་བསྟོད་སྦྲག་རྟགས་དེའི་སྟེང་ལ་མཚོན་མདོག་ཅན་གྱི་༸གོང་ས་མཆོག་གིུ་༸སྐུ་པར་དང་། འཇར་མན་སྐད་ཡིག་ཐོག་དགུང་གྲངས་ ༨༠  ༸སྐུའི་འཁྲུངས་སྐར་ཞེས་དང་། དེ་བཞིན་ནོར་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཏཱ་ལའི་བླ་མ་ཞེས་མཚན་བསྟོད་གནང་ཡོད་པ་མ་ཟད། སྦྲག་རྟགས་དེ་ལ་ཡོ་རོབ་དཔེ་དྲུག་ཅུ་རེ་གཉིས་ཡིན་པ་དང་། མཇར་མན་རྒྱལ་ཡོངས་ནང་ལ་ཡིག་འབྲེལ་ཐོག་བེད་སྤྱོད་གཏོང་ཆོག་གི་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།