Tibetan Royal Year of 2151 | Year of the Wood Dragon

ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་ཡིག་ལག་བསྟར་ཐད་ཀྱི་ཉན་ཞིབ་ཚོགས་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

CECC ཞེས་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་གོ་སྒྲིག་འོག་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་ཁང་ཞིག་ཏུ་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་ཡིག་ལག་བསྟར་དང་འབྲེལ་བའི་ཉན་ཞིབ་ཀྱི་ལས་རིམ་ཞིག་ཚོགས་ཡོད་པ་ལྟར་རྒྱ་ནག་གཞུང་གིས་ཡུ་གུར་མི་སེར་ས་ཡ་བརྒལ་བ་འཛིན་བཟུང་བྱས་ཏེ་བཙན་ཤེད་ཀྱིས་སྐུལ་འདེད་བྱས་པ་དེ་ནི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ཞིག་ཡིན་པ་སོགས་སྐྱོན་བརྗོད་ནན་པོ་གནང་འདུག

ཁ་སང་ཕྱི་ཚེས་ ༡༨ ཉིན་གྱི་ཉན་ཞིབ་ལས་རིམ་ཐོག་ཨ་རིའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མིའི་འཐུས་མི་སྐུ་ཞབས་ Chris Smith ལགས་དང་ཟུང་སྦྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ Jeff Merkley ལགས། དེ་བཞིན་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ James McGovern ལགས་གཙོས་འབྲེལ་ཡོད་ཁག་ཅིག་དང་། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་འགལ་ཉོ་ཚོང་ཚན་པའི་འགན་འཛིན་ Anasuya Syam ལགས། ཨ་རི་ཡུ་གུར་ཚོགས་པའི་ཚོགས་གཙོ་ Elfidar Iltebir ལགས་སོགས་མཉམ་ཞུགས་གནང་འདུག

སྐབས་དེར་སྐུ་ཞབས་ Chris Smith ལགས་ཀྱིས་ཞི་ཅིན་ཕིང་གིས་སྣེ་ཁྲིད་པའི་རྒྱ་ནག་དམར་གཞུང་གིས་དྲག་སྤྱོད་པའི་མིང་ཐོག་ནས་ཡུ་གུར་མི་སེར་ས་ཡ་ལྷག་གང་བྱུང་དུ་འཛིན་བཟུང་བྱས་ཏེ་བཙན་ཤེད་ཀྱིས་སྐུལ་འདེད་བྱས་པ་མ་ཚད་པར་བེུད་རྣམས་ཀྱི་སྐྱེ་སྒོ་གཅོད་པ་ཐབས་བྱས་པ། དེ་བཞིན་མིའི་དབང་པོ་ཚོང་འགྲེམ་བྱེད་བཞིན་ཡོད་པའི་གནས་སྟངས་གསལ་འདོན་དང་སྦྲགས་ནས་རྒྱ་ནག་དམར་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བའི་བྱ་སྤྱོད་ཞིག་ཡིན་པ་སོགས་སྐྱོན་བརྗོད་ནན་པོ་གནང་འདུག

སྐུ་ཞབས་ Jeff Merkley ལགས་ཀྱིས་ཡུ་གུར་ངལ་རྩོལ་འགོག་ཐབས་ཀྱི་ཁྲིམས་ཡིག་དེ་ལག་བསྟར་བྱས་ནས་ཟླ་བ་བཅུ་དྲུག་ཙམ་འགྲོ་བཞིན་པའི་ཁྲོད་འདིར་ཨ་རི་ནང་ལ་ཆ་མཚོན་ན་རྒྱ་གཞུང་གིས་བཙན་དབང་འོག་ཡུ་གུར་ངལ་རྩོལ་བས་བཟོ་པའི་དངོས་ཟོག་རྣམས་ཨ་རི་ནང་ཐད་ཀར་ཚོང་འགྲེམ་བྱ་རྒྱུར་བཀག་འགོག་གང་འཚམ་བྱེད་ཐུབ་ཡོད་པར་འགྲེལ་བརྗོད་དང་ཆབས་ཅིག རྒྱལ་སྤྱིའི་རྒྱལ་ཁབ་གཞན་རྣམས་ནས་ཀྱང་ངལ་རྩོལ་ལས་རིགས་དང་འབྲེལ་བའི་དངོས་ཟོག་འགོག་ཐབས་ཐོག་ལ་དགོངས་པ་བཞེས་གལ་ཡིན་པ་སོགས་གསུངས་འདུག་ལ། སྐུ་ཞབས་ James McGovern ལགས་ཀྱིས་ཁྲིམས་ཡིག་དེ་ཨ་རི་གཞུང་ནས་ཕྱག་བསྟར་གནང་སྐབས་ཡུལ་དེའི་ནང་ཡོད་པའི་ཚོགས་པ་དང་ཚོང་ལས་ཁང་། དེ་བཞིན་མི་སེར་སྒེར་རྣམས་མཉམ་རུབ་གནང་སྟེ་ཨ་རི་ནང་ལ་བཙན་དབང་ངལ་རྩོལ་ལས་རིགས་ཐོག་བཟོ་བསྐྲུན་བྱས་པའི་དངོས་ཟོག་སྤྱོད་མི་དགོས་པ་ཞིག་དང་། ཨ་རི་ནང་གི་ཚོང་ལས་སྡེ་ཚན་ཁག་གིས་ཀྱང་ངལ་རྩོལ་ལས་རིགས་སྐུལ་མཁན་ཚོ་དང་ལག་འབྲེལ་གནང་རྒྱུ་མེད་ཅེས་སོགས་གསུངས་འདུག

དེ་བཞིན་ཉན་ཞིབ་ལས་རིམ་ཐོག་ཕེབས་པ་ཨ་རིའི་ཡུ་གུར་ཚོགས་པའི་ཚོགས་གཙོ་ Elfidar Iltebir ལགས་ནས་ཁོང་གི་ནང་མིས་གཙོས་པའི་ཡུ་གུར་མི་སེར་རྣམས་འདས་པའི་ལོ་ངོ་དྲུག་ཅུ་ཙམ་གྱི་གོང་ནས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་འོག་དཀའ་སྡུག་སྣ་ཚོགས་མྱོང་བཞིན་ཡོད་པར་མ་ཟད། ལྷག་པར་དུ་ཞི་ཅིན་ཕིང་གིས་དུས་རབས་ཉི་ཅུ་རྩ་གཅིག་ནང་ལ་མི་སེར་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ཤིག་ལག་བསྟར་བྱས་ཏེ་ད་ཆ་ཡུ་གུར་མི་མང་གི་གཞི་རྩའི་རང་དབང་ཁག་བརྩི་མེད་རྡོལ་རོལ་བཏང་བར་མ་ཟད། མི་རིགས་ཀྱི་ངོ་བོ་ཡང་རྩ་མེད་བཟོ་བཞིན་པ་རེད་ཅེས་གསུངས་འདུག

ལྷག་པར་དུ་ཁོང་གིས་ཨ་རིའི་གྲོས་ཚོགས་ནས་ཡུ་གུར་ངལ་རྩོལ་འགོག་ཐབས་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་སྲིས་བྱུས་ཞེས་ཁྲིམས་འཆར་གཉིས་གཏན་འབེབས་གནང་སྟེ་ཨ་རི་གཞུང་ནས་དངོས་སུ་ཕྱག་བསྟར་གནང་བཞིན་པར་དགའ་བསུ་ཡོད་པ་དང་། ད་བར་ཁྲིམས་ཡིག་དེ་ཕྱག་བསྟར་གནང་སྟེ་ལོ་ངོ་གཉིས་ཙམ་འགྲོ་བཞིན་ཡོད་ཀྱང་ཡུ་གུར་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་གི་འགོ་ཁྲིད་དང་ཁྲིམས་མཐུན་མ་ཡིན་པའི་ཚོང་ལས་སྡེ་ཚན་དང་ཚོགས་པ་ཁག དེ་བཞིན་འབྲེལ་ཡོད་མི་སྣ་སོགས་ལ་ཉེས་ཆད་ནན་པོ་བཏང་བའི་གནས་སྟངས་བྱུང་མེད་པ་སོགས་འགྲེལ་བརྗོད་ཀྱིས་དོན་འཁྱོལ་གནང་དགོས་པ་སོགས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།