Tibetan Royal Year of 2151 | Year of the Wood Dragon

རུ་སོག་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་རྒྱལ་ཁབ་གཞན་གྱི་ལས་དོན་གཉེར་མཁན་གྱི་གྲས་སུ་མཚན་འདོན།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

འདས་ལོའི་ཕྱི་ཟླ་གཉིས་པའི་ཟླ་མཇུག་ནས་བཟུང་སྟེ་ཨུ་རུ་སུས་ཡུཀ་རེན་ཐོག་བཙན་འཛུལ་གྱིས་དམག་རྒྱག་བཞིན་པའི་ཁྲོད་ཡུཀ་རེན་གྱི་ངོས་ནས་ད་བར་མགོ་མ་སྒུར་བ་མ་ཟད་རྒྱལ་སྤྱིའི་གཞུང་ཚོགས་ཁག་གིས་ཀྱང་ཡུཀ་རེན་ལ་རྒྱབ་སྐྱོར་དང་ཨུ་རུ་སུའི་གཞུང་ལ་སྐྱོན་བརྗོད་གནང་བཞིན་པ་ལྟར་ཨུ་རུ་སུ་སྲིད་བཞུང་གིས་དེའི་མང་ཚོགས་ཁྲོད་ཡུཀ་རེན་གྱི་དམག་སྐོར་ལ་གནས་ཚུལ་སྤེལ་བ་དང་། གཞུང་ལ་སྐྱོན་བརྗོད་གནང་བ་སོགས་ཕྱོགས་ཡོངས་ནས་དམ་བསྒྲགས་གནང་བཞིན་པའི་སྐབས་འདིར་ཨུ་རུ་སུ་ཁྱབ་ཁོངས་སུ་གཏོགས་པའི་ཁལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་དང་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཉེ་ཆར་བརྒྱུད་ལམ་ཞིག་གི་བཅར་འདྲིའི་སྐབས་ཨུ་རུ་སུས་ཡུཀ་རེན་ཐོག་བཙན་འཛུལ་གྱིས་དམག་རྒྱག་བཞིན་པར་ངོ་རྒོལ་གྱི་བཀའ་མོལ་གནང་རྐྱེན་ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༢༧ ཉིན་ར་ཤེ་ཡའི་ཁྲིམས་འཛིན་ལྷན་ཁང་གིས་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ Foreign Agent འམ་ཨུ་རུ་སུ་ནང་དུ་རྒྱལ་ཁབ་གཞན་གྱི་ལས་དོན་གཉེར་མཁན་གྱི་གྲས་སུ་མཚན་འདོན་ཞུས་འདུགརིན་པོ་ཆེ་མཆོག་གིས་སྐུ་ཉིད་ཀྱི་ངོ་དེབ་གཙོས་སྤྱི་ཚོགས་དྲ་ལམ་བརྒྱུད་གནས་ཚུལ་ཡོངས་གྲགས་གནང་བ་དང་འབྲེལ། རིན་པོ་ཆེ་མཆོག་ཨུ་རུ་སུ་ཁྱབ་ཁོངས་སུ་གཏོགས་པའི་ཁལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་གྱི་མཚན་གནས་ནས་དགོངས་ཞུ་གནང་སྟེ། ཁོང་གི་ཐུགས་འགན་ཡོངས་རྫོགས་ད་ལྟའི་ཆར་དགའ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་ཞེས་ཁལ་མིག་ནང་པའི་ལྷན་ཚོགས་ཀྱི་མཁན་པོ་ལས་ཐོག་དགེ་བཤེས་བསྟན་འཛིན་ཆོས་གྲགས་ལགས་སུ་རྩིས་སྤྲོད་གནང་རྒྱུ་ཡིན་པ་དང་། རིང་མིན་མཐུན་ཚོགས་ནས་ཁལ་མིག་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་གཙོ་འཛིན་ནམ་དབུ་བླ་གསར་པ་བསྐོ་གཞག་གནང་དགོས་པ་གསུངས་འདུགརླུང་འཕྲིན་ཁང་གིས་རིན་པོ་ཆེ་མཆོག་ལ་གནད་དོན་དེ་འབྲེལ་ཐོག་བཀའ་འདྲི་ཞུས་པར་ཁོང་གིས་ཨུ་རུ་སུ་གཞུང་གིས་ཕྱི་ལོ་ ༢༠༡༨ ལོ་ནས་བཟུང་ཡུལ་དེར་ཕྱིའི་རྒྱལ་ཁབ་ནས་རོགས་རམ་བཞེས་མཁན་གྱི་ཚོགས་པ་དང་སྒྲིག་འཛུགས་གང་འདྲ་ཞིག་ཡིན་ཀྱང་། Foreign Agent ཞེས་ཨུ་རུ་སུར་རྒྱལ་ཁབ་གཞན་གྱི་ལས་དོན་གཉེར་མཁན་གྱི་ངོ་ཚབ་གྲས་སུ་ངོས་འཛིན་བྱ་གཏན་ཁེལ་བའི་ཁྲིམས་གཞི་གཏན་འབེབས་བྱས་ཡོད་པའི་ཁྲོད། དེང་སྐབས་ཡུཀ་རེན་ཐོག་དམག་རྒྱག་བཞིན་སྐོར་དང་འབྲེལ་ཏེ་གཞུང་ལ་སྐྱོན་བརྗོད་གནང་མཁན་དང་ཡུཀ་རེན་ལ་རྒྱབ་སྐྱོར་གྱི་རྣམ་པ་མངོན་གསལ་གནང་མཁན་རྣམས་ལའང་རྒྱལ་ཁབ་གཞན་གྱི་ལས་དོན་གཉེར་མཁན་གྱི་གྲས་སུ་མིང་འདོན་བྱེད་བཞིན་ཡོད་པ་མངོན་རྒྱུ་ཡོད་སྐོར་གསུངས་སོང་། དེ་བཞིན་ཁོང་གིས་དེ་སྔ་ཕྱི་ཟླ་ ༡༠ པའི་ནང་བརྒྱུད་ལམ་ཞིག་གི་བཅར་འདྲིའི་སྐབས་ཨུ་རུ་སུས་ཡུཀ་རེན་ཐོག་བཙན་འཛུལ་གྱིས་དམག་རྒྱག་བཞིན་པར་ངོ་རྒོལ་གྱི་བཀའ་མོལ་གནང་ཡོད་པ་ལྟར། ཉེ་ཆར་ཁོང་རྒྱ་གར་དུ་སྐུ་སྒེར་གྱི་ལས་དོན་ཞིག་ཆེད་དུ་ཕེབས་ཡོད་སྟབས་ཨུ་རུ་སུ་གཞུང་གིས་ཁོང་ཕྱིའི་རྒྱལ་ཁབ་ཀྱི་ལས་དོན་གཉེར་མཁན་གྲས་སུ་མཚན་འདོན་ཞུས་ཡོད་སྐོར་གསུངས་པ་དང་། གནད་དོན་དེ་ཁ་གསལ་ཞིག་མ་ཆགས་བར་དུ་རིན་པོ་ཆེ་མཆོག་ཨུ་རུ་སུ་ལ་ཕྱིར་ཕེབས་རྒྱུ་མིན་ཀྱང་། རྒྱ་གར་ནས་རུ་སོག་སྐུ་ཚབ་དོན་གཅོད་ཀྱི་ཕྱག་ལས་ཁག་མུ་མཐུད་གནང་རྒྱུ་ཡིན་པར་གསུངས་ཡོད། འབྲེལ་ཡོད་པར་ཁག་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།