Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གི་བཙན་བཀར་མ་བཟོད་ནས་ལྷ་མོ་ལགས་ཀྱིས་རང་སྲོག་བཅད་འདུག

Tibetan News Headlines

  • གཞིས་ལུས་བོད་མི་རྣམས་ཀྱི་ལྷག་བསམ་ལ་ཆེ་བསྟོད་དང་བོད་དོནབདེན་མཐའ་གང་མགྱོགས་སེལ་རྒྱུའི་ཐུགས་རེ་ཡོད་པ་བཀའ་སྩལ།
  • རྒྱ་ནག་གཞུང་ཚབ་པས་ཧ་ཝར་ཌི་ཀེ་ནེ་ཌི་སློབ་གྲྭར་གཏམ་བཤད་བྱེད་པར་ས་གནས་་བོད་མིས་ངོ་རྒོལ།
  • ཆབ་སྲིད་བཙོན་ཟུར་ཞིག་གིས་རྒྱ་མིའི་བཙོན་འཇུག་མནར་གཅོད་སྐོར་ཕྱིར་བསྒྲགས།
  • ཨ་རིའི་ཕྱི་སྲིད་དྲུང་ཆེ་ Antony Blinken རྒྱ་ནག་ཏུ་ཕེབས་འཆར།
  • G7 འགོ་ཁྲིད་ཚོས་རྒྱ་ནག་གིས་བོད་དང་ཤིན་ཅང་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐད་སེམས་འཚབ་སྟོན་པ།
  • རྩམ་པ་ཟ་མ་ཎི་བགྲང་མཁན་ཚང་མས་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པའི་ལམ་སྟོན་སྩལ་གནང་སོང་།

Monday 22/04/2024

  • Dalai Lama grants audience to participants of Shoton Festival and TWA members
  • Tibetan and Taiwanese activists disrupt Chinese ambassador’s address at Harvard
  • Tibetan political prisoner shares harrowing accounts of experiences in Chinese prisons
  • Blinken to visit China to bolster relations amid global turbulence
  • G7 Foreign ministers express concern over China’s human rights violations in Xinjiang, Tibet
  • Sakya Gongma Trichen gives teaching to Tibetan students in Delhi

ཉེ་ཆར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའིི་རྗོང་ཁག་ཁྱོན་  ༣༤  ཡི་ཡུལ་ཤོག་  ༤༨  ཀྱི་བོད་པའི་གཞོན་སྐྱེས་མཐོ་སློབ་ཁག་ནང་སྐྱོད་བཞིན་པའི་སློབ་མ་རྣམས་དང་གཞོན་སྐྱེས་ལས་མེད་རྣམས་ངེས་པར་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཧྲང་ཧེ་སོགས་ལ་འགྲོ་དགོས་པའི་བཙན་གྱིས་མངག་གཏོང་བྱེད་བཞིན་ཡོད་པ་ལྟར་རང་ལོ་ ༢༥ ཡས་མས་ལ་སོན་པའི་བོད་ཀྱི་རྒྱལ་ས་ལྷ་སར་གནས་སྟོད་བོད་པའི་བུ་མོ་ལྷ་མོ་ལགས་ཀྱིས་དེར་ངོ་རྒོལ་གནང་སྟེ་ཟླ་བ་འདིའི་ཚེས་  ༢༣  དགོང་མོར་རང་ཁྱིམ་ཏུ་སྐེ་ལ་ཐག་པས་བསྡམས་ཏེ་རང་སྲོག་དོར་ཡོད་པ་རེད་འདུག

གནས་ཚུལ་མཁོ་སྤྲོད་པས་གསུངས་པར་རྒྱ་ནག་གཞུང་གིས་ཉེ་ཆར་སློབ་མ་དང་གཞོན་སྐྱེས་ལས་མེད་རྣམས་པེ་ཅིང་གཙོས་གྲོང་ཁྱེར་ཆེ་ཁག་ཏུ་འགྲོ་དགོས་པའི་བཙན་གྱིས་མངག་བཏང་རྗེས་རྒྱུན་དུ་རྒས་འཁོགས་གཉིས་ལ་ཞབས་ཞུ་སྒྲུབ་བཞིན་པའི་བུ་མོ་ལྷ་མོ་ལགས་ཀྱིས་དེར་མ་བཟོད་ནས་ངོ་རྒོལ་གནང་བ་དང་། ཉིན་ཤས་རིང་ཞལ་ལག་མ་མཆོད་པར་བཞུགས་མཐར་ཟླ་ ༣ ཚེས་ ༢༣ དགོང་མོར་རང་ཁྱིམ་ཏུ་སྐེ་ལ་ཐག་པས་བསྡམས་ཏེ་རང་སྲོག་དོར་ཡོད་པར་གསུངས་སོང་།

དེ་མཚུངས་སུ་རྒྱ་གཞུང་གིས་ཐག་གཅོད་བྱས་པའི་བཙན་བཀའ་ལ་ས་གནས་ཀྱི་གཞོན་སྐྱེས་མང་པོས་མི་འདོད་པའི་རྣམ་འགྱུར་བསྟན་འདུག་པ་དང་ཕ་མ་རྣམས་ཀྱིས་ཀྱང་རྒྱ་གཞུང་གིས་བོད་པའི་གཞོན་སྐྱེས་རྣམས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཆེ་ཁག་ཏུ་བཙན་གྱིས་ཆེད་གཏོང་བྱེད་བཞིན་པ་དེས་བོད་ཕྲུག་རྣམས་ལ་བོད་མིའི་འདུ་ཤེས་མེད་པ་བཟོ་ཐབས་ཆེད་དམིགས་པ་ཞིག་ཡིན་པར་བློ་འཚབ་ཆེས་ཆེར་གནང་མུས་ཡིན་པ་རེད་འདུག

གཞི་རྩའི་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་རྫོང་ཁག་ ༣༤ ཡི་ཡུལ་ཤོག་ ༤༨ དང་། དེ་བཞིན་མགོ་ལོག་དང་མཚོ་སྔོན་བཅས་ལའང་བོད་པའི་གཞོན་སྐྱེས་རྣམས་རྒྱ་ནག་ཏུ་ཆེད་གཏོང་གི་ལས་གཞི་དེ་སྤེལ་བཞིན་ཡོད་པ་རེད།

རྒྱ་ནག་གཞུང་གི་ལས་གཞི་དེར་ངོ་རྒོལ་གྱིས་རང་སྲོག་དོར་མཁན་ལྷ་མོ་ལགས་ནི། ཆུང་དུས་སློབ་གྲྭར་འགྲོ་མྱོང་མེད་པ་དང་། རྣམ་ཀུན་ནས་འབྲོག་ལས་དང་ཕ་མ་རྒས་འཁོགས་གཉིས་ལ་ཞབས་ཕྱི་ཞུས་ནས་འཚོ་བ་སྐྱེལ་གྱི་འདུག པར་བདག་དབང་བོད་ཀྱི་དུས་བབ།

འབྲེལ་ཡོད་གསར་གནས།

གསར་གནས།