Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་ཀྱི་ཞིང་འབྲོག་མི་མང་ས་ཡ་གཉིས་ལྷག་ངལ་རྩོལ་ལས་རིགས་ནང་གནས་སྤོས་བྱས་འདུག

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཁེ་ལས་མི་སྣ་ཁག་དྲུག་ཟུང་སྦྲེལ་གྱིས་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༥ ནས་ ༢༠༢༠ བར་ལོ་ལྔ་གཅིག་པོའི་ནང་རྒྱ་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་མངའ་ཁུལ་ནས་བོད་མི་ཞིང་འབྲོག་མང་ཚོགས་ས་ཡ་གཉིས་དང་འབུམ་བརྒྱད་ལྷག་གྲོང་ཁྱེར་དང་གྲོང་སྡེ་ཁག་ཏུ་ངལ་རྩོལ་ལས་རིགས་ནང་གནས་སྤོས་བྱས་བཅུག་ཡོད་པར་མ་ཟད་བོད་མི་ལས་མི་དེ་དག་ལ་རྒྱ་གཞུང་ནས་ཆེས་དམན་པའི་ལག་ཤེས་ལས་རིགས་དང་གླ་ཕོགས་ཧ་ཅང་དམའ་པོའི་འོག་བཤུ་གཞོག་གཏོང་བཞིན་ཡོད་པ་ཐེར་འདོན་གནང་སྟེ་སེམས་འཚབ་ཀྱི་གནད་དོན་དེའི་ཐོག་རྒྱ་གཞུང་གི་ངོས་ནས་རྒྱལ་ཚོགས་ལ་གསལ་བཤད་ཞུ་དགོས་ཞེས་གསུངས་འདུག

ཇི་ནི་ཝར་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དམིགས་བསལ་ཁེས་ལས་མི་སྣ་དྲུག་མཉམ་རུབ་ཀྱིས་འདི་ལོ་ཕྱི་ཟླ་གཉིས་པའི་ནང་རྒྱ་གཞུང་གིས་ངལ་རྩོལ་ལས་རིགས་ཁག་ཏུ་གནས་སྤོས་བྱས་པའི་ལས་གཞི་འོག་བོད་མི་ཞིང་འབྲོག་མང་ཚོགས་ཀྱི་གནས་བབ་ལ་སེམས་འཚབ་གནང་བའི་ཐོག་རྒྱ་གཞུང་ལ་འདྲི་རྩད་ཁག་ ༡༤ གནང་བའི་ཡིག་ཆ་ཞིག་ཁ་སང་དྲ་ཐོག་ཏུ་ཡོངས་གྲགས་སྤེལ་འདུག་ཅིང། རྒྱལ་ཚོགས་ཀྱི་ཆེད་ལས་མི་སྣ་རྣམས་ཀྱིས་རྒྱ་གཞུང་ནས་གྲོང་ཁྱེང་ནང་གི་ངལ་རྩོལ་ལས་རིགས་ཁག་ཏུ་གནས་སྤོས་བྱས་པའི་བོད་མི་ཞིང་འབྲོག་མང་ཚོགས་དེ་དག་ངལ་རྩོལ་ལས་རིགས་ལ་བཙན་དབང་གིས་བཞག་པ་མ་ཚད་པར་བཤུ་གཞོག་བཏང་དང་གཏོང་བཞིན་ཡོད་པ་རེད་འདུག་ཅེས་མངོན་གསལ་གནང་ཡོད།

ལས་གཞི་དེའི་ཐོག་བོད་མི་རིགས་ཀྱི་ཆོས་དང་སྐད་ཡིག རིག་གཞུང་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་རྣམས་ཉམས་མེད་ཡོང་བར་ཕྱག་ལས་གནང་བཞིན་པ་དང་། དེ་བཞིན་བཙན་དབང་གིས་ཆབ་སྲིད་སློབ་གསོ་སྤྲད་པ། མང་ཚོགས་ཀྱི་བསམ་བརྗོད་རང་དབང་རྡོག་རོལ་བཏང་བ། བསམ་བློ་བཅོས་བསྒྱུར་སློབ་གསོ་སྤེལ་བ་སོགས་རྒྱ་གཞུང་གིས་བོད་ནང་གི་བོད་མི་ཐོག་སྤེལ་བཞིན་པའི་བྱ་སྤྱོད་ལ་རྒྱལ་ཚོགས་ཀྱི་ཆེད་ལས་པ་རྣམས་ཀྱིས་བློ་འཚབ་ཆེན་པོ་ཡོད་ཅེས་གསུངས་པ་དང་སྦྲགས། གོང་གསལ་བོད་ནང་གི་གནད་དོན་ཐོག་རྒྱ་གཞུང་གི་ངོས་ནས་རྒྱལ་ཚོགས་ལ་གསལ་བཤད་ཞུ་དགོས་ཞེས་གསུངས་འདུག

རླུང་འཕྲིན་ཁང་ལ་ཇི་ནི་ཝར་རྟེན་གཞི་བྱས་པའི་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ད་ལན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁེ་ལས་མི་སྣ་རྣམས་ཀྱིས་ཐུགས་སྣང་ཆེན་པོས་རྒྱ་གཞུང་ལ་འདྲི་རྩད་གནང་བར་དགའ་བསུ་དང་སྦྲགས་ཐུགས་རྗེ་ཆེ་ཞེས་གསུངས་པ་དང་འབྲེལ། བོད་མི་ངལ་རྩོལ་ལས་རིགས་གནས་སྤོའི་ལས་གཞི་འོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་གནང་གལ་ཡིན་པར་མ་ཟད། རྒྱ་གཞུང་གི་ངོས་ནས་ཁེ་ལས་མི་སྣ་ཁག་གིས་འདྲི་རྩད་ཁག་ལ་ལན་འདེབས་ཁ་གསལ་ཕུལ་དགོས་ཞེས་གསུངས་སོང་།  

དེ་བཞིན་རྒྱལ་ཚོགས་ཁེ་ལས་མི་སྣ་རྣམས་ཀྱིས་རྒྱ་གཞུང་ལ་ད་བར་ངལ་རྩོལ་ལས་རིགས་ཆེད་གྲོང་ཁྱེར་ཁག་ཏུ་ཞིང་འབྲོག་མང་ཚོགས་ཇི་ཙམ་གནས་སྤོ་བྱས་ཡོད་པའི་གྲངས་ཐོ་ཁ་གསལ་དགོས་པ་དང། བོད་མི་དེ་དག་ལ་ངལ་རྩོལ་གནས་སྤོར་མཉམ་ཞུགས་གནང་བར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དང་རང་དབང་ཡོད་མེད། བོད་མི་དེ་དག་ལ་ཁེ་ཕན་ཇི་བྱུང་དང། ངལ་རྩོལ་བ་དག་ལ་མཐུན་རྐྱེན་སྤྲོད་ཕྱོགས། བོད་མི་ཚོར་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཐོབ་ཐང་ཇི་ཡོད་སོགས་ཞིབ་ཕྲ་ཁ་གསལ་དགོས་པའི་རེ་སྐུལ་གནང་འདུག
རྒྱ་གཞུང་ལ་འདྲི་རྩད་གནང་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དམིགས་བསལ་ཁེ་ལས་རྟོག་ཞིབ་མི་སྣ་དྲུག་པོ་ནི། རྒྱལ་ཚོགས་ཀྱི་རིག་གཞུང་ཐོབ་ཐང་དང། འཛུགས་སྐྲུན། གྲངས་ཉུང་མི་རིགས། མི་རིགས་དབྱེ་འབྱེད། བེུད་དང་བྱིས་པ་ཚོང་འགྲེམ། དེ་བཞིན་ཚེ་གཡོག་སྔོན་འགོག་གནད་དོན་ཐོག་རྟོག་ཞིབ་དང་སྲུང་སྐྱོབ་གནང་མཁན་བཅས་ཆགས་ཀྱི་འདུག



འབྲེལ་ཡོད་གསར་གནས།

གསར་གནས།