Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་ཆོས་རིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་དེ་ལམ་ལྷོངས་བྱུང་མེད།

Tibetan News Headlines

  • 14th General body meeting of TWA concludes with Tsering Dolma as the new President
  • Abbot of Tashi Lhunpo urges active support on Panchen Lama issue ahead of rinpoche’s35th birthday
  • Dalai Lama grants audience to members of Indian journalist fraternity
  • Long time president of SOS Children’s village Helmut Kutin passes away at 82
  • US Senate passes bill to force sale of TikTok, sending it to Biden
  • Launch of Shivdham Kailash Mansarovar Tibet freedom association marks global initiative for religious freedom

རེས་གཟའ་ལྷག་པ། ༢༠༢༤།༠༤།༢༤

  • བུད་མེད་ལྷན་ཚོགས་སྐབས་ ༡༤ པའི་དབུས་སྤྱི་ཁྱབ་རྒྱུན་ལས་གསར་བསྐོ་དང་འབྲེལ་ཚོགས་ཆེན་ཐེངས་ ༡༤ པ་མཇུག་སྒྲིལ།
  • ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་ཐོག་མི་མང་ནས་གོ་རྟོགས་ཀྱི་ལས་འགུལ་སྤེལ་གནང་ཡོང་བའི་སྐུལ་འདེབས།
  • འཛམ་གླིང་གི་ཡང་དག་པའི་བསམ་བློ་བ་ཕལ་མོ་ཆེས་སྐུའི་ཡང་སྲིད་ཀྱི་སྐུ་དབང་༸གོང་ས་མཆོག་༸གང་ཉིད་ལ་ཡོད་པ་ངོས་འཛིན་གནང་འདུག
  • རྒྱལ་སྤྱིའི་ SOS བུ་ཕྲུག་ཁྱིམ་སྡེའི་ཚོགས་གཙོ་ཟུར་པ་ Helmut Kutin མཆོག་འདས་གྲོངས་སུ་གྱུར་འདུག
  • རྒྱ་ནག་གི་ཊིག་ཊོག་མཉེན་ཆས་བཀག་སྡོམ་དང་འབྲེལ་བའི་ཁྲིམས་འཆར་ལ་གྲོས་ཚོགས་གོང་མའི་རྒྱབ་སྐྱོར་ཐོབ་འདུག
  • གངས་རིན་པོ་ཆེའི་གནས་མཆོག་དེ་ཉིད་རྒྱའི་དབང་སྒྱུར་ནས་བཅིངས་གྲོལ་ཐུབ་ཆེད་ཚོགས་པ་གསར་འཛུགས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བརྙན་འཕྲིན་ལས་རིམ་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་ Jim McGovern ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་བོད་མིའི་ཆོས་རིག་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་སྲིད་བྱུས་དེ་ལམ་ལྷོངས་རྩ་བ་ནས་བྱུང་མེད་པ་གསུངས་འདུགརྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལོ་ལྟར་ཨ་རིའི་ནང་བོད་པའི་གཞོན་སྐྱེས་རྣམས་ལ་འགོ་ཁྲིད་ཀྱི་ཟབ་སྦྱོང་ཞིག་གནང་བའི་ཐོག་ནས་བོད་དོན་ཞུ་གཏུག་གནང་ཕྱོགས་དང་ཨ་རིའི་འགོ་ཁྲིད་མི་སྣ་ངོ་སྤྲོད་གནང་རྒྱུའི་ལས་འཆར་ཞིག་གོ་སྒྲིག་གནང་སྲོལ་ཡོད་པ་དེ་ལྟར་ཡང་། འདི་ལོ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་བརྡལ་བྱུང་བའི་ཏོག་དབྱིབས་རིམས་ནད་ཀྱི་ཛ་དྲག་གནས་སྟངས་འོག་གཞོན་སྐྱེས་འགོ་ཁྲིད་ཟབ་སྦྱོང་དེ་གནང་ཐུབ་མེད་སྟབས། ཟླ་བ་སྔོན་མའི་ཕྱི་ཚེས་ ༧ ནས་ Tibet Talks ཞེས་བོད་དོན་དང་འབྲེལ་བའི་དྲྭ་རྒྱའི་ཐད་གཏོང་ལས་རིམ་ཞིག་དབུ་འཛུགས་གནང་སྟེ་ཨ་རིའི་ནང་གི་འགོ་ཁྲིད་མི་སྣ་དང་ལས་འགུལ་བ། དེ་བཞིན་སྒྱུ་རྩལ་བ་དང་ཆབ་སྲིད་མཁས་པ་སོགས་གདན་ཞུ་གནང་ཐོག་དེ་དག་དང་ལྷན་དུ་བོད་རིགས་གཞོན་སྐྱེས་རྣམས་གླེང་མོལ་ཞུ་རྒྱུའི་གོ་སྐབས་སྐྲུན་བཞིན་ཡོད་པ་རེད།ཁ་སང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཐད་གཏོང་ལས་རིམ་དེའི་ཐོག་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་སྐུ་ཞབས་ Sam Brownback ལགས་དང་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདོན་སྤེལ་གནང་མཁན་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་དང་Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Jim McGovern ལགས་རྣམ་གཉིས་གདན་ཞུ་གནང་བ་དང་འབྲེལ། དེ་སྔ་ལས་འགུལ་ཁང་གི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མྱོང་མཁན་བོད་རིག་གཞོན་སྐྱེས་ཁག་ཅིག་དང་ལྷན་དུ་གླེང་མོལ་གྱི་ལས་རིམ་ཞིག་གཉེར་འདུགསྐབས་དེར་སྐུ་ཞབས་ Jim McGovern ལགས་ཀྱིས་དེ་སྔ་ཕྱི་ལོ་ ༢༠༡༥ ཁོང་བོད་ནང་གཞུང་འབྲེལ་སྐོར་སྐྱོད་ཕེབས་པ་དང་འབྲེལ་བའི་དྲི་བར་ལན་འདེབས་དང་འབྲེལ་ཏེ་ཁོང་རྣམས་ལྷ་སའི་ས་ཚིགས་འདྲ་མིན་དུ་གཟིགས་སྐོར་ལ་སྐྱོད་སྐབས་༸གོང་ས་མཆོག་གི་༸སྐུ་པར་གཅིག་ཀྱང་མཇལ་རྒྱུ་མེད་པ་བཅས་སྐབས་དེའི་གནས་ཚུལ་རྣམས་དྲན་གསོ་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་དྲག་གནོན་དང་། བོད་ཀྱི་ལོ་རྒྱུས་ནག་གསུབ་གཏོང་ཐབས་བྱེད་བཞིན་པ་རྣམས་གསལ་པོ་མངོན་རྒྱུ་ཡོད་པ་སོགས་ཀྱིས་སྐབས་དེར་མཛེས་སྡུག་ལྡན་པའི་ས་ཚིགས་ཤིག་མཇལ་རྒྱུའི་གོ་སྐབས་ཐོབ་པར་དགའ་ཚོར་དང་མཉམ་དུ་དྲག་གནོན་གྱི་རྣམ་པ་ཡང་མངོན་རྒྱུ་ཡོད་སྟབས་ཕྱོགས་གཞན་ཞིག་ནས་ཡིད་སྐྱོའི་ཐུགས་ཚོར་བྱུང་ཡོད་སྐོར་གསུངས་འདུག

སྐབས་དེར་ཁོང་རྣམས་རྒྱ་གཞུང་གིས་བཀོད་སྒྲིག་གི་རྒྱ་ལས་འདས་པའི་བོད་ཀྱི་དགོན་སྡེ་ཁག་ཅིག་ཏུ་གཟིགས་སྐོར་ཕེབས་པར་བརྟེན་བོད་པའི་དགེ་འདུན་པ་རྣམས་ཀྱིས་ཁོང་རྣམས་ལ་ཟུར་དུ་འཐེན་སྟེ་༸གོང་ས་༸སྐྱབས་མགོན་མཆོག་ལ་འཚམས་འདྲིའི་བརྡ་ལན་ཕུལ་རོགས་ཞེས་རེ་སྐུལ་ཞུས་ཡོད་པ་སོགས་ལུང་འདྲེན་དང་འབྲེལ་ཏེ།

བོད་ནང་བོད་མི་རྣམས་ཀྱིས་ཉན་ཁ་ཆེན་པོར་གདོང་ལེན་གནང་སྟེ་རང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་གནང་བཞིན་ཡོད་པ་མངོན་རྒྱུ་ཡོད་སྐོར་གསུངས་པ་མ་ཟད་རྒྱ་གཞུང་གིས་སྔར་ནས་ད་བར་བོད་ཀྱི་ལོ་རྒྱུས་དང་བོད་མིའི་ཆོས་རིག་རྩ་མེད་གཏོང་ཐབས་བྱེད་བཞིན་པའི་སྲིད་བྱུས་དེ་ལམ་ལྷོངས་རྩ་བ་ནས་བྱུང་མེད་པ་གསུངས་འདུགདེ་བཞིན་སྐབས་དེར་སྐུ་ཞབས་ Sam Brownback ལགས་ཀྱིས་ཕྱི་ལོ་ ༢༠༡༨  ལོའི་ལོ་མཇུག་ཏུ་ཨ་རིའི་གཞུང་གི་ཁྲིམས་གཞིར་གཏན་འབེབས་བྱུང་བའི་བོད་ནང་དུ་ཕར་འགྲོ་ཚུར་འོག་གི་རང་དབང་འདྲ་མཉམ་དགོས་པའི་ཁྲིམས་གཞི་དེ་ལག་བསྟར་གནང་ཕྱོགས་དང་འབྲེལ་བའི་དྲི་བར་ལེན་འདེབས་གནང་བའི་ཁྲོད་ཁྲིམས་གཞི་དེ་ལག་བསྟར་གནང་རྒྱུ་ཡོད་པའི་ཁྲིམས་གཞི་ཡིན་པ་ལྟར་ཁོང་རྣམས་ནས་རྒྱ་ནག་ལ་དེའི་ཐོག་མུ་མཐུད་གནོན་ཤུགས་སྤྲོད་བཞིན་ཡོད་པ་མ་ཟད། གྲོས་ཚོགས་སུ་སྙན་ཐོ་འགོད་འབུལ་ཞུ་དགོས་ཀྱི་ཡོད་པ་རྣམས་ཀྱང་ངེས་པར་དུ་ཞུ་རྒྱུ་ཡིན་པ་གསུངས་འདུག

དེ་བཞིན་གླེང་མོལ་གྱི་ལས་རིམ་འདིའི་ཐོག་ཨ་རིའི་འགོ་ཁྲིད་རྣམ་པ་གཉིས་ཀྱི་ངོས་ནས་ཨ་རིའི་གྲོས་ཚོགས་དང་མང་ཚོགས་ཁྲོད་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་དེ་ཧ་ཅང་གལ་གནད་ཆགས་ཡོད་པ་དང་། དེ་སྔ་བོད་ནང་ཕར་འགྲོ་ཚུར་གྱི་རང་དབང་འདྲ་མཉམ་དགོས་པའི་ཁྲིམས་གཞི་གཏན་འབེབས་གནང་ཐུབ་པ་བཞིན་འདི་ལོ་བོད་དོན་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་ཡང་ཁྲིམས་སུ་བསྟར་ཐུབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་ལྟར་ཞུ་གཏུག་གི་ལས་འགུལ་ལ་གྲུབ་འབྲས་འཐོན་རྒྱུ་ཡོད་སྐོར་གསུངས་པ་དང་འབྲེལ། བོད་མི་རྣམས་ནས་སེམས་ཤུགས་མ་ཆག་པར་གྲོས་ཚོགས་འཐུས་མི་དང་མང་ཚོགས་ལ་བོད་དོན་གོ་རྟོགས་སྤེལ་ནས་བོད་ཀྱི་གནད་དོན་ཐོག་དོན་ཕན་ལྡན་པའི་སྲིད་བྱུས་གཏན་འབེབས་གནང་དགོས་གལ་ཡིན་པར་མ་ཟད་དེ་ལྟར་ཉེར་བར་དགོས་གནད་ཡིན་པར་ཞལ་གཅིག་གྲག་གསུངས་འདུགཁ་སང་གི་ལས་རིམ་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་དང་འགན་འཛིན་སྐུ་ཞབས་ Matteo Meccaci ལགས་རྣམ་གཉིས་ཀྱིས་གཙོ་སྐྱོང་གནང་ཡོད་པ་རེད། གསུང་བཤད་གནང་མཁན་ཁོངས་སུ་ཨ་རིའི་འགོ་ཁྲིད་མི་སྣ་གཉིས་དང་ལྷན་དུ་བོད་རིགས་གཞོན་སྐྱེས་འགོ་ཁྲིད་ ༤ གདན་ཞུ་གནང་བ་མ་ཟད་ཐད་གཏོང་ལས་རིམ་ཁྲོད་མང་ཚོགས་ནས་བཀའ་འདྲི་ཞུས་ཁག་ལ་ལན་འདེབས་ཀྱང་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།