Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་འཕགས་བོད་མཐའ་མཚམས་སུ་འབྱོར་འབྲིང་གྲོང་ཚོ་མྱུར་ཚད་མཐོ་བའི་ཐོག་རྒྱ་སྐྱེད་བྱེད་བཞིན་པ་མངོན་གསལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

རྒྱ་ནག་གཞུང་གིས་འཕགས་བོད་མཐའ་མཚམས་སུ་འབྱོར་འབྲིང་གྲོང་ཚོ་གསར་རྒྱག་བྱེད་བཞིན་ཡོད་པ་ཡོངས་གྲགས་ཡིན་ཡང་། རྒྱ་གཞུང་གིས་ད་སྐབས་འཕགས་བོད་མཐའ་མཚམས་ཀྱི་ཤར་ཕྱོགས་དང་དབུས་ཀྱི་ས་མཚམས་ས་ཐིག་ཉེ་འགྲམ་སུ་འབྱོར་འབྲིང་གྲོངས་ཚོ་གཙོས་པའི་དམག་དོན་ལས་གཞི་རྒྱ་སྐྱེད་མྱུར་ཚད་མཐོ་བོའི་ཐོག་འཛུགས་སྐྲུན་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག

དེ་རིང་ The Hindu གསར་ཤོག་ཐོག་རྒྱ་གར་དབུས་གཞུང་གི་འབྲེལ་ཡོད་ལས་བྱེད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱ་གཞུང་གིས་འཕགས་བོད་མཐའ་མཚམས་ཀྱི་དབུས་སྟེ། Middle Sector ཧི་མ་ཅལ་དང་ཨུ་ཏར་ཁནྜ་མངའ་སྡེ། དེ་བཞིན་ཤར་ཕྱོགས་ཏེ། Eastern Sector འབྲས་ལྗོངས་དང་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ས་ཐིག་ཀྱི་ཉེ་འགྲམ་དུ་འབྱོར་འབྲིང་གྲོང་གྲོང་ཚོ་གསར་རྒྱག་གི་ལས་གཞི་རྒྱ་སྐྱེད་བྱེད་བཞིན་པ་དང་འབྲེལ། མཐའ་མཚམས་དབུས་ཀྱི་ས་ཐིག་ནས་སྤྱི་ལེ་ ༦ ཙམ་གྱི་སར་ཉེན་རྟོག་པའི་ས་ཚིགས་ཀྱང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་མངོན་གསལ་གནང་འདུག

ལྷག་པར་དུ་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཅན་གྱི་རྒྱ་གར་ཨུ་ཏར་ཁནྜ་མངའ་སྡེའི་ Barahoti ཞེས་པའི་འཕགས་བོད་མཐའ་མཚམས་སུ་རྒྱ་གཞུང་གིས་ཉི་མ་བརྒྱའི་ནང་ཚུད་དུ་ཁང་པ་ཐོག་བརྩེགས་དུ་མ་འཛུགས་སྐྲུན་གྱིས་དེ་དག་གི་ནང་ཁང་མི་ ༣༠༠ ལྷག་ཡོད་པ་དང་ཆབས་ཅིག ཁུལ་དེར་དེ་སྔ་ཟླ་བ་གསུམ་རེ་རྗེས་མྱུལ་ཞིབ་སྐོར་གཡེང་བྱེད་ཀྱི་ཡོད་པ་དེ་ད་ལྟའི་ཆར་ཉི་བཅོ་ལྔའི་ནང་བྱེད་བཞིན་ཡོད་སྟབས། མྱུལ་ཞིབ་སྐོར་གཡེང་སྔར་ལྷག་བྱེད་བཞིན་ཡོད་པ་འཁོད་འདུག

ཁུལ་དེར་དེ་སྔོན་ཕྱི་ལོ་ ༢༠༢༡ ཟླ་ ༨ ནང་རྒྱ་ནག་གི་མཐའ་དམག་བརྒྱ་ལྷག་སིམ་འཛུལ་གྱིས་དེར་ཡོད་པའི་ཟམ་ཆེན་ཞིག་གཏོར་བཅོམ་བཏང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༧ ནང་རྒྱ་ནག་གིས་འབྲོག་ལམ་གྱི་བཙན་འཛུལ་དང་འབྲེལ་ནས་ཁུལ་དེར་ཐེངས་གཉིས་ཙམ་སིམ་འཛུལ་བྱས་ཡོད་པ་རེད་འདུག

ཕྱོགས་མཚུངས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ Kameng རྫོང་ཀྱི་མཐའ་མཚམས་དང་ཉེ་བའི་ Cuna ཞེས་པའི་ས་ཁུལ་དུ་རྒྱ་གཞུང་གིས་འབྱོར་འབྲིང་གྲོང་ཚོ་གཉིས་གསར་རྒྱག་བྱས་ཡོད་པ་དང་ཆབས་ཅིག དེ་ལྟ་བུའི་ས་ཁུལ་འགའ་ཤས་ནང་གི་གྲོང་ཚོའི་ཉེ་འདབས་སུ་སོ་ལྟའི་བརྙན་མིག་གཙོས་པའི་ལྕོག་མཁར་གི་དམག་སྡེ་ས་ཚིགས་ཀྱང་འཛུགས་སྐྲུན་བྱས་ཡོད་པ་མ་ཟད། བོད་གྲོ་མོའི་ཁུལ་དུའང་རྒྱ་གཞུང་གི་འཛུགས་སྐྲུན་དེའི་རྐྱེན་པས་རྒྱ་གར་གྱི་འཐབ་བྱུས་རང་བཞིན་ལ་གལ་ཆེན་པོ་ཡིན་པའི་ Siliguri Corridor ཞེས་སི་ལི་གུ་རིའི་སྐམ་སའི་སྲང་ལམ་ལ་ཉེན་ཚབས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་འཁོད་འདུག

རྩ་བའི་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༥ ནང་ལ་དྭགས་ Galwan ས་ཁུལ་དུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་སྲུང་དམག་མི་དབར་གདོང་ཐུག་བྱུང་རྗེས་རྒྱལ་ཁབ་ཕྱོགས་གཉིས་ཀྱིས་འཕགས་བོད་ས་མཚམས་ཁུལ་དུ་དམག་མི་ཁྲི་ཕྲག་མང་པོ་འགྲེམས་འཇོག་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། དེང་རབས་ཀྱི་གོ་མཚོན་འོར་འདྲེན་བྱེད་མུས་ཡིན་པར་དམག་དོན་འཛུགས་སྐྲུན་རྒྱ་སྐྱེད་ཆེས་ཆེར་བྱེད་བཞིན་ཡོད་པ་རེད།

གཞི་རྩའི་འདས་བའི་ལོ་འགའི་རིང་ནས་རྒྱ་ནག་གིས་རྒྱལ་ཁོངས་རྒྱ་སྐྱེད་ཀྱི་སྲིད་བྱུས་ལག་བསྟར་འོག་མཐའ་མཚམས་ཁག་ཏུ་གྲོང་ཚོ་གསར་འཛུགས་དང་འབྲོག་ཁྱིམ་གནས་སྤོའི་ལས་གཞི་རྒྱ་སྐྱེད་ཀྱིས་ཕྱོགས་ཡོངས་ནས་བོད་ཀྱི་མཐའ་མཚམས་ཁག་ཏུ་མ་དངུལ་མང་པོ་ཆེད་གཏོང་གིས་འཛུགས་སྐྲུན་ལས་གཞི་སྣ་མང་སྤེལ་བཞིན་པ་ཡོད་པ་མ་ཟད། བོད་དམག་བསྡུ་རུབ་ཀྱིས་ས་བབ་མཐོ་ཞིང་གནམ་གཤིས་འཁྱགས་པའི་འཕགས་བོད་མཐའ་མཚམས་སུ་བོད་ཀྱི་ཡུལ་དམག་གསར་འཛུགས་བྱེད་བཞིན་པའི་གནས་ཚུལ་རིམ་ཕྱིར་ཐོན་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།