Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ས་ཁུལ་ཁག་བཅིུག་ལ་མིང་གསར་པ་བཏགས་འདུག

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

རྒྱ་ནག་སྤྱི་དམངས་ལས་དོན་ལྷན་ཁང་གིས་བོད་ལྷོ་ཕྱོགས་སུ་ཆགས་པའི་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་ཁག་བཅིུག་ལ་མིང་གསར་པ་བཏགས་འདུག་པ་དང་། རྒྱ་གར་གཞུང་གིས་དེ་མ་ཐག་ཏུ་དེར་ངོས་ལེན་མེད་པའི་སྐྱོན་བརྗོད་ཀྱི་ལན་འདེབས་གནང་འདུག

རྒྱ་ནག་གཞུང་གིས་ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་ཁག་ལ་དེ་ལྟ་བུའི་མིང་གསར་པ་བཏགས་པ་དེ་ནི་ད་རེས་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་གིས་དེ་སྔ་ ༢༠༡༧ དང་ ༢༠༢༡ ལོར་མངའ་སྡེ་དེའི་ས་གནས་ཁག་གཅིག་ལ་མིང་གསར་པ་བཏགས་མྱོང་ཡོད་པ་དང་། ཐེངས་དང་པོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁུལ་དེར་ཆིབས་བསྒྱུར་བཀྲིན་བསྐྱངས་པའི་རྗེས་སུ་བྱས་པ་ཞིག་ཆགས་ཀྱི་ཡོད་པ་རེད།

རྒྱ་གར་གཞུང་གིས་རྒྱ་ནག་གིས་རང་ཉིད་ཀྱི་བདག་དབང་འོག་མེད་པའི་རྒྱལ་ཁབ་གཞན་གྱི་ས་གནས་ཁག་ལ་མིང་གསར་བཏགས་པའི་བྱ་སྤྱོད་དེ་ནི་ཁྲིམས་འགལ་ཞིག་ཡིན་པ་དང་ཨ་རུ་ནཱ་ཅལ་མངའ་སྡེའི་བདག་དབང་ཡོངས་རྫོགས་རྒྱ་གར་ལ་ཡོད་སྟབས། རྒྱ་གཞུང་གིས་ཁུལ་དེའི་ས་གནས་ཁག་ལ་མིང་གསར་པ་བཏགས་པ་དེ་གནད་ཆེ་གང་ཡང་ཆགས་ཀྱི་མེད་སྐོར་གསུངས་ཡོད།  ལྷག་པར་དེ་རིང་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་སྐུ་ཞབས་Arindam Bagchi ལགས་ཀྱིས་ཨ་རུ་ནཱ་ཅལ་མངའ་སྡེ་ནི་འདས་མ་ད་གསུམ་ནས་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱ་ནག་གིས་དངོས་ཡོད་གནས་བབ་དེར་འགྱུར་བ་གང་ཡང་གཏོང་ཐུབ་ཀྱི་མ་རེད་ནན་བརྗོད་གནང་འདུག

གཞི་རྩའི་རྒྱ་གཞུང་གིས་མིང་གསར་པ་བཏགས་པའི་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་བཅིུག་དེ་དག་ལ་བོད་སྐད་ཐོག སྤང་ཆེན་དང། རྒྱང་འཁར་རྫོང་། ལོ་གཟུགས་རི། གཏེ་པོ་རི།  རྟ་གདོང་། ཆེན་པོ་རི་ཆུ།  མདུང་རྩེལ། དགེ་སྡེའུ་ཆུ། མགོ་ཡུལ་ཐང་། ཉི་མ་སྒང་།  ལྕུག་སྨྱུག་རྩེ་གངས་རི་བཅས་བྲིས་འདུག

རྒྱ་ནག་གི་གཞུང་འབྲེལ་ global times གསར་ཤོག་ཐོག་རྒྱ་ནག་གི་མཁས་པ་ལ་ལས་ལུང་འདྲེན་དང་འབྲེལ་ཏེ་རྒྱ་ནག་གིས་ཨ་རུ་ནཱ་ཅལ་ས་ཁུལ་དེ་ཉིད་རྒྱལ་རབས་དང་ལོ་རྒྱུས། རིག་གཞུང་། དེ་བཞིན་འཛིན་སྐྱོང་བཅས་གང་ཅིའི་ཐད་ནས་རྒྱ་ནག་གི་ཆ་ཤས་ཤིག་ཡིན་སྟབས། ས་ཁུལ་དེ་དག་ལ་གཅིག་འགྱུར་གྱི་མིང་གསར་པ་བཏགས་རྒྱུ་དེ་ནི་ཁྲིམས་དང་མཐུན་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་ཀྱང་། གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་ཧིཾདི་གསར་ཤོག་ལ་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་དང་མངའ་སྡེའི་ས་གནས་ཁག་ལ་ཁྲིམས་མཐུན་གང་ཡང་མེད་པར་མིང་གསར་པ་བཏགས་པ་དེས་རྒྱ་གཞུང་གིས་རྩོད་རྙོག་ཅན་གྱིས་ས་ཁུལ་དེ་དག་ལ་བདག་དབང་རྩོད་རྒྱུའི་ངན་བྱུས་ཤིག་དང་། ལྷག་པར་རྒྱལ་སྤྱིའི་ཁྲིམས་ཁང་གཙོས་རྒྱལ་སྤྱིའི་སྡིངས་ཆ་ཁག་ཏུ་ས་ཁུལ་དེ་དག་རྒྱ་ནག་གཞུང་ལ་ཐོབ་ཀྱི་ཡོད་པའི་བདེན་དཔང་ར་འཕྲོད་བྱ་ཕྱིར་ཡིན་པར་བཤད་འདུག

རྩ་བའི་རྒྱ་དཀར་ནག་གཉིས་དབར་འདས་པའི་ལོ་མང་ནས་ས་མཚམས་ཀྱི་གནད་དོན་ཐད་རྩོད་རྙོག་ཤུགས་ཆེ་ཡོད་པར་མ་ཟད། ཕྱི་ལོ་ ༢༠༢༠ ལོར་ལ་དྭགས་ཀྱི་གྷལ་ཝན་ཁུལ་དུ་ཆགས་པའི་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་ཕྱོགས་གཉིས་ཀྱི་མཐའ་མཚམས་དམག་དབར་དྲག་པོའི་གདོང་ཐུག་བྱུང་རྗེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་ཡོད་པ་རེད། དེའི་ཁྲོད་ཉེ་ལམ་ཨ་རིའི་གྲོས་ཚོགས་གོང་མར་འཕགས་བོད་གཉིས་ཀྱི་ས་མཚམས་ཀྱི་ས་ཐིག་ McMahon Line ཞེས་པ་དེ་རྒྱལ་སྤྱིའི་ས་མཚམས་ལ་ངོས་འཛིན་གནང་དགོས་པའི་གྲོས་ཆོད་གྲོས་འཆར་བསྣམས་པ་དང་འབྲེལ་ཏེ། ཨ་རུ་ནཱ་ཅལ་དེ་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ས་ཁུལ་ཡིན་པར་མངོན་གསལ་གནང་ཡོད་པ་རེད།

རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དེ་རྒྱུན་ལྡན་ལྟར་མིན་པ་དང་། ད་ལྟའི་ཆར་ཕྱོགས་གཉིས་དབར་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་ཛ་དྲག་གི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་གསུངས་པ་དང་ཆགས་ཅིག གལ་ཏེ་རྒྱ་ནག་གཞུང་གིས་འཕགས་བོད་གཉིས་ཀྱི་ས་མཚམས་སུ་མུ་མཐུད་ནས་དྲག་པོའི་ལས་གཞི་སྤེལ་ཚེ་རྒྱ་གར་གཞུང་གིས་དེར་དམག་དཔུང་བརྒྱུད་གདོང་ལེན་ནན་པོ་གནང་རྒྱུ་ཡིན་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།