Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་ལས་བྱེད་འབུམ་གཅིག་ལྷག་ལ་ལྐོག་ཟ་རུལ་སུངས་གནད་དོན་དང་འབྲེལ་ཉེས་ཆད་བཀལ་བ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

རྒྱ་ནག་གཞུང་གིས་འདས་པའི་ཟླ་བ་གསུམ་ནང་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་གཞུང་འབྲེལ་ལས་བྱེད་འབུམ་གཅིག་ལྷག་ལ་ཉེས་ཆད་བཀལ་འདུག

ཟླ་ ༥ ཚེས་ ༦ ཉིན་ Indo-Pacific Centre for Strategic Communications (IPCSC) ཞེས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཐབས་བྱུས་བསྟི་གནས་ཁང་གིས་གནས་ཚུལ་སྤེལ་བར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་ཟླ་རེའི་སྙན་ཐོ་འདོན་སྤེལ་བྱས་ཡོད་སྟབས། སྙན་ཐོ་ནང་རྒྱ་ནག་མི་མང་གི་གོང་རིམ་སྲིད་གཞུང་ལ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་གནད་དོན་ཐོག་འདས་པའི་ཟླ་བ་གསུམ་གྱི་ནང་ཞུ་སྙན་འབུམ་བདུན་དང་ཕྱེད་ཀ་ལྷག་འབྱོར་ཡོད་པ་དང་། དེའི་ཁྲོད་འབུམ་གཉིས་ལྷག་སྲིད་གཞུང་གི་ལས་བྱེད་ཁག་ལ་ནག་ཉེས་སྐྱོན་འཛུགས་ཀྱིས་ཞུ་གཏུག་བྱས་པར་བརྟེན་དེ་འབྲེལ་ཞིབ་འཇུག་ཁྲོད་སྲིད་གཞུང་གི་དཔོན་རིགས་གཙོས་དམའ་རིམ་གྱི་ལས་བྱེད་ཁྱོན་མི་གྲངས་ཆིག་འབུམ་གཅིག་ཁྲི་ལྷག་ལ་ཉེས་ཆད་བཀལ་ཡོད་པ་འཁོད་འདུག

དེ་བཞིན་གཞུང་འབྲེལ་ལས་བྱེད་ཁྱོན་མི་གྲངས་ཆིག་འབུམ་གཅིག་ཁྲི་ཁྲོད་ཞིང་ཆེན་དང་ལས་ཁུངས། རྗོང་། གྲོང་སྡེ། ཚོང་སྡེ། འཛིན་སྐྱོང་སོགས་ཀྱི་དཔོན་རིགས་ཆགས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༣ ནང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐོ་གཞུང་ནང་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་གནད་དོན་བདུན་སྟོང་ལྷག་ལ་སྲིད་གཞུང་ནས་ཞིབ་འཇུག་གིས་ཐག་གཅོད་ཟིན་ཡོད་པ་དང་། དེའི་ཁྲོད་ཉེས་ཆད་ཕོག་མཁན་དཔོན་རིགས་མི་གྲངས་ཆིག་ཁྲི་ལྷག་ཡོད་པ་དང་ཆབས་ཅིག འདི་ལོ་ཕྱི་ཟླ་ ༤ པའི་སྙན་ཐོར་གཞིགས་ན། རྒྱ་ནག་དབུས་གཞུང་གི་དཔོན་རིགས་གསུམ་དང་དམར་ཤོག་ཚོགས་པའི་ཚོགས་མི་དང་ལས་ཁུངས་ཁག་གི་འགོ་དཔོན་མི་གྲངས་ ༡༢༠ ལྷག་ལ་ཉེས་ཆད་བཀལ་འདུག

གཞི་རྩའི་ཕྱི་ལོ་ ༢༠༡༢ ལོར་ཞི་ཅིན་ཕིང་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཆགས་ནས་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་ཐེངས་ ༡༨ པའི་སྐབས་ལྐོག་ཟ་རུལ་སུངས་ལ་གདོང་ལེན་གྱི་ལས་འགུལ་ཞིག་སྤེལ་ཡོད་པ་དང་རྒྱ་ནག་གི་དཔོན་རིགས་ནང་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་གནད་དོན་ཡོངས་གྲགས་བྱས་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་བཤད་ཀྱང་། གནད་དོན་དབྱེ་ཞིབ་པ་ཁག་གིས་རྒྱ་ གཞུང་ནས་ལྐོག་ཟ་རུལ་སུངས་ལ་གདོང་ལེན་ཞེས་པ་བརྒྱུད་ནས་དཔོན་རིགས་ཁག་གཅིག་ལ་ཉེས་ཆད་བཀལ་བ་མ་གཏོགས་དམར་ཤོག་ཚོགས་པའི་འགོ་ཁྲིད་གཙོ་བོ་དེ་དག་གིས་ལྐོག་ཟ་རུལ་སུངས་བརྒྱུད་ནས་དམར་ཤོག་ཚོགས་པ་དེ་ཉིད་མུ་མཐུད་རྒྱུན་གནས་ཐུབ་པ་བྱེད་ཀྱི་ཡོད་སྟབས་ལས་འགུལ་དེ་ནི་འཁྲབ་སྟོན་དང་ཁ་ཙམ་ཡིན་པར་འགྲེལ་བརྗོད་གནང་གི་ཡོད།

ལྷག་དོན་བོད་ནང་ལ་ཆ་མཚོན་ན་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ལ་གདོང་ལེན་གྱི་སྲིད་བྱུས་ལ་ཁག་དཀྲིས་བྱས་ཏེ། ཞི་ཅིན་ཕིང་གི་བསམ་བློ་དང་ཁོ་པར་སྐྱོན་བརྗོད་གནང་མཁན་རྣམས་ལ་དམ་བསྒྲགས་བྱས་པར་མ་ཟད། ༸གོང་ས་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་དང་བོད་ཀྱི་རིག་གནས་དང་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ། དེ་བཞིན་སྲིད་གཞུང་གི་ལྐོག་ཟ་རུལ་སུངས་ལ་ཐེར་འདོན་གནང་མཁན་གང་ཟག་མང་དག་ཅིག་སྲིད་བྱུས་དེའི་འོག་ཉེས་ཆད་བཀལ་བ་བྱུང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།