Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་གིས་སྲིད་སྐྱོང་མཆོག་ཨ་རིའི་ཕོ་བྲང་དཀར་པོར་མགྲོན་འབོད་གནང་བར་སྐྱོན་བརྗོད།

Tibetan News Headlines

  • ༸གོང་ས་མཆོག་གིས་ཕྱི་ཟླ་དགུ་པའི་བར་བཞུགས་སྒར་དུ་ཆོས་འབྲེལ་ཁག་དྲུག་ཙམ་སྩལ་གཏན་ཁེལ་བ།
  • ༸གོང་ས་མཆོག་ལ་དྭགས་ཀར་གྱིལ་རྫོང་ནང་ཆིབས་བསྒྱུར་ཡོང་བའི་གདན་ཞུ་གསོལ་འདེབས།
  • དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་ངོ་སྤྲོད།
  • རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོའི་ཁ་ཕྱོགས་ལྟར་སློབ་གསོ་གཏོང་གི་མེད་པའི་ཉེས་མིང་འོག་དགེ་རྒན་ཞིག་གནས་དབྱུང་།
  • བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དཔེ་དེབ་དབུ་འབྱེད།
  • Arthur Brooks ལགས་ཀྱིས་ཉེ་ཆར་༸གོང་ས་མཆོག་དང་མཇལ་མོལ་ཁྲོད་ཚོགས་བཅར་བ་ཚོར་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་གསུངས་འདུག
  • རྒྱ་གཞུང་ནི་ཕྱི་མིར་སྡང་འཛིན་ཤུགས་ཆེ་བྱེད་མཁན་ཞིག་ཡིན་པ་གསུངས་འདུག

Thursday 18/04/2024

  • Office of His Holiness the Dalai Lama announces teaching schedule of the Tibetan spiritual leader
  • Representatives from Kargil’s Buddhist community visit Dalai Lama and extend an invitation to visit Kargil
  • Introduction to teaching on ‘100 Deities of Tushita Heaven’ (Gaden Lhagyama)
  • China expels teacher for advocating the use of Tibetan language among students
  • CTA releases a collection of Tibetan essays on Gaden Phodrang
  • ‘Ambassador of Love’: Arthur Brooks recounts Harvard delegation to meet with Dalai Lama
  • Biden Calls China ‘Xenophobic’ as US, China Defense Chiefs hold first talks in nearly 18 months

ཟླ་བ་འདིའི་ཕྱི་ཚེས་ ༢༠ ཉིན་ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཨ་རིའི་ཕོ་བྲང་དཀར་པོར་གཞུང་འབྲེལ་ཐོག་མགྲོན་འབོད་གནང་དོན་ལྟར་ཆེད་ཕེབས་གནང་བའི་གནས་ཚུལ་ཕྱི་ནང་གི་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་ཆེས་ཆེར་སོང་ཡོད་སྟབས། རྒྱ་གཞུང་གིས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་པ་དང་འབྲེལ་ཏེ་དེ་ནི་ཊམ་སྲིད་གཞུང་གིས་ཨ་རིའི་སྲིད་འཛིན་གསར་པར་སྐུ་དབང་རྩིས་སྤྲོད་གནང་བའི་བརྒྱུད་རིམ་ཁྲོད་རྒྱ་ནག་ལ་དཀའ་ངལ་འཕར་མ་བཟོ་རྒྱུའི་བྱ་འགུལ་གསར་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས་འདུགརྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཐད་ཀར་སྟངས་འཛིན་འོག་ཡོད་པའི་ Global times ཞེས་པའི་གསར་ཤོག་ཐོག་ Lu Yuanzhi ཟེར་བ་ཞིག་གིས་དཔྱད་གཏམ་སྤེལ་བར་གཞིགས་ན། སྐུ་ཞབས་ Donald Trump སྲིད་གཞུང་གི་ངོས་ནས་བཙན་བྱོལ་བོད་གཞུང་ཟེར་བའི་འགོ་ཁྲིད་ཕོ་བྲང་དཀར་པོར་མགྲོན་འབོད་བྱས་པ་དེ་ནི་ཨ་རིའི་སྲིད་གཞུང་གསར་པ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ལ་འགོག་རྐྱེན་འཕར་མ་བཟོ་རྒྱུར་དམིགས་པ་ཞིག་ཡིན་སྐོར་འགྲེལ་བརྗོད་བྱས་པར་མ་ཟད་བཙན་བྱོལ་གྱི་སྒྲིག་འཛུགས་དེ་བོད་རང་བཙན་རྩོད་མཁན་གྱི་ཁ་བྲལ་བ་ཞིག་ཡིན་པར་བསྐྱར་ནན་བྱས་འདུགདཔྱད་གཏམ་དེའི་ཐོག་ད་དུང་སྤྱིར་ད་རེས་སྲིད་སྐྱོང་མཆོག་ཕོ་བྲང་དཀར་པོར་ཕེབས་པ་དེས་སྲིད་འཛིན་Barack Obama མཆོག་སྐུ་སྒེར་ཉིད་དང་ལྷན་ཕོ་བྲང་དཀར་པོར་ཐེངས་བཞི་ཙམ་མཇལ་མོལ་མཛད་མྱོང་ཡོད་པའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་རྒྱལ་སྤྱིའི་ཁྲོད་དུ་ཤུགས་རྐྱེན་ཆུང་བ་སྤྲོད་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག་པ་དེ་ལྟར་ཡང་། ད་རེས་ཨ་རི་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ལ་ཨ་རིའི་ཕོ་བྲང་དཀར་པོར་གཞུང་འབྲེལ་ཐོག་མགྲོན་འབོད་གནང་བ་དེ་ནི་རྒྱ་ནག་རྒྱལ་ནང་གི་གནད་དོན་ལ་ཐེ་བྱུས་བྱས་པ་ཞིག་པ་དང་ལྷག་དོན་རྒྱ་ནག་རྒྱལ་ཡོངས་ཀྱི་ཁེ་ཕན་ལ་ཁྱད་གསོད་གནང་བ་ཞིག་ཡིན་པར་སྐྱོན་བརྗོད་བྱས་འདུགསྐུ་ཞབས་ཊམ་སྲིད་གཞུང་གི་ཁྲོད་དུ་རྒྱ་ནག་ལ་ཞེ་འཁོད་པའི་དཔོན་རིགས་མང་དག་ཅིག་ཡོད་པ་མངོན་གསལ་དང་འབྲེལ། ཊམ་སྲིད་གཞུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཨ་རིའི་ཕོ་བྲང་དཀར་པོར་གཞུང་འབྲེལ་ཐོག་ཕེབས་པའི་གནས་ཚུལ་དེ་ཁྱབ་སྤེལ་ཆེས་ཆེར་བཏང་ངེས་ཡིན་པར་བརྗོད་པ་དང་ཆབས་ཅིག ཊམ་སྲིད་གཞུང་གི་བྱེད་སྟངས་དེ་ནི་སྲིད་འཛིན་གྱི་ལས་ཁུར་དུས་ཡུན་འཕོ་འགྱུར་གྱི་མཚམས་འདིར་ཨ་རི་དང་རྒྱ་ནག་དབར་དཀའ་རྙོག་འཕར་མ་བཟོ་བའི་བྱ་འགུལ་བརྩམས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱས་ཡོད་པ་རེད།གཞན་ཡང་དཔྱད་གཏམ་ཐོག་སྐུ་ཞབས་ Joe Biden མཆོག་གིས་དབུ་ཁྲིད་པའི་ཨ་རིའི་སྲིད་གཞུང་གསར་པ་དེ་ནི་མང་གཙོའི་ལམ་ལུགས་ལ་བློ་ཁ་ཕྱོགས་པ་དང་འགྲོ་བ་མིའི་ཐོབ་ཐང་དང་དེའི་གལ་གནད་ལ་གཙིགས་ཆེར་འཛིན་མཁན་ཞིག་ཡིན་སྟབས་སྲིད་གཞུང་གསར་པར་དམིགས་བསལ་རེ་བཅོལ་གང་ཡང་མེད་སྐོར་དང། ཆབས་ཅིག་ཏུ་བྷ་ཌེན་སྲིད་གཞུང་གིས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་གནང་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བསམ་བློའི་རིག་པའི་གནད་དོན་ཁག་གི་གནས་བབ་གང་ཡིན་གསལ་འདོན་གནང་ངེས་ཡིན་པར་མ་ཟད་ལྷག་དོན་བོད་དང་ཤིན་ཅང་ནང་གི་ཡུ་གུར་རང་སྐྱོང་གནས་བབ། དེ་བཞིན་ཧོང་ཀོང་བཅས་ཀྱི་གནད་དོན་དང་འབྲེལ་བའི་གྲོས་འཆར་གཙོ་འདོན་གནང་ངེས་ཡིན་པ་བརྗོད་འདུག

རྒྱ་ནག་གི་དཔྱད་གླེང་བ་ Lu Yuanzhi ཡིས་གཞི་རྩའི་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Barack Obama མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་རྗེས་སུ་ཨ་རིའི་ཕོ་བྲང་དཀར་པོར་ཐེངས་བཞི་ཙམ་ཆིབས་སྒྱུར་གོ་སྒྲིག་གནང་ཡོད་པ་ལུང་འདྲེན་དང་འབྲེལ། བྷ་ཌེན་གྱིས་རྒྱ་ནག་ཐོག་གི་སྲིད་བྱུས་ཀྱི་ལམ་སྟོན་ཕལ་མོ་ཆེ་བ་ཨོ་བྷ་མའི་འཛིན་སྐྱོང་ནས་ཡོང་བ་ཞི་ཆགས་སྐོར་བཤད་དེ་སླད་མར་བྷ་ཌེན་སྲིད་གཞུང་གིས་བོད་ཀྱི་གནད་དོན་ཐད་ལ་ཤུགས་སྣོན་འཕར་མ་གནང་སྲིད་སྟབས་རྒྱ་ནག་གི་ངོས་ནས་སྤྱང་གྲུང་དོད་པོ་བྱེད་དགོས་ཞེས་བརྗོད་འདུགགཞི་རྩའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་ཆེད་ཕཻབས་མ་གནང་གོང་དུ་ཟླ་ ༡༠ ཚེས་ ༡༥ ཉིན་ཨ་རིའི་ཕྱི་སྲིད་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་ཁྱབ་ལས་ཁུངས་ Harry S. Truman building ནང་མགྲོན་འབོད་གནང་བ་བཞིན་ཆེད་ཕེབས་ཀྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ Robert A. Destro མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་དང་ཨ་རིའི་དབར་གྱི་འབྲེལ་ལམ་ཡར་རྒྱས་གོང་འཕེལ་གྱི་ཐད་གླེང་མོལ་གནང་ཡོད་པར་མ་ཟད་ད་དུང་གཟའ་འཁོར་འདིའི་ནང་དྲ་ལམ་ཐོག་ཨ་རིའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ཐོག་གི་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ལས་བྱེད་རྒན་གྲས་ཁག་ཅིག་དང་ལྷན་ Tibetan Policy and Support Act of 2019 ཞེས་པའི་ཨ་རིའི་བོད་དོན་ཁྲིམས་འཆར་དང་དེ་བཞིན་འབྲེལ་ཡོད་གནད་དོན་གཞན་ཁག་ཅིག་གི་ཐོག་བཀའ་བསྡུར་གནང་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།