Tibetan Royal Year of 2151 | Year of the Wood Dragon

རྒྱ་གཞུང་ནས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུ་མེད་པ་བསྐྱར་ནན།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཁ་སང་ཨོས་ཊོ་ལི་ཡའི་ནང་རྟེན་གཞི་བྱས་པའི་ ABC གསར་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པའི་བརྙན་ཐུང་ཞིག་རྒྱང་སྲིང་ཞུས་ཡོད་པ་དང་། བཅར་འདྲི་དེའི་ནང་བོད་ཀྱི་གནད་དོན་སྤྱི་དང་། ལྷག་པར་དུ་བོད་རྒྱ་གྲོས་མོལ། དེ་བཞིན་ཕྱི་ལོ་ ༢༠༠༧ ལོར་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་གཏན་འབེབས་བྱས་པའི་གནད་དོན་ཐོག་སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གི་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐོག་ཐེ་བྱུས་བྱ་རྒྱུ་མེད་སྐོར་གསུངས་པ་དང་འབྲེལ། ནང་པའི་ཆོས་ཕྱོགས་ཀྱི་གནད་དོན་དེ་བོད་མིར་རང་སོར་བཞག་དགོས་པ་བརྡ་ལེན་ནན་པོ་གནང་འདུག

སྲིད་སྐྱོང་མཆོག་གིས་སྐབས་དེར་ཐོག་མ་བོད་རྒྱ་གྲོས་མོལ་གྱི་གནད་དོན་དང་འབྲེལ། འབྲེལ་མོལ་དེ་བསྐྱར་གསོ་འབྱུང་ཐབས་སུ་ཐོག་མ་རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་དགོས་གལ་ཡིན་པ་དང་ཆབས་ཅིག རྒྱ་ནག་གི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཆེད་གྲོས་མོལ་བྱ་རྒྱུ་འདུན་པ་ཡོད་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་གྱི་ཐོག་འདི་ཕྱོགས་ནས་གྲོས་མོལ་བྱ་རྒྱུ་གྲ་སྒྲིག་འཐུས་ཚང་ཡིན་སྐོར་གསུངས་འདུག

༸རྒྱལ་བའི་སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་ནས་སྲིད་སྐྱོང་མཆོག་གིས། རྒྱ་གཞུང་ནས་དེ་སྔ་ཕྱི་ལོ་ ༢༠༠༧ ལོར་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་གཏན་འབེབས་བྱས་པ་དེར་ལུགས་མཐུན་ཞིག་མིན་པ་དང་། རྒྱ་གཞུང་གིས་༸གོང་ས་མཆོག་གིས་ངོས་འཛིན་མཛད་པའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆེན་པོ་མཆོག་ཀྱི་གནད་དོན་དེར་ཐེ་བྱུས་བྱེད་པ་དེ་ནོར་འཕྲུལ་ཞིག་ཡིན་པ་འགྲེལ་བརྗོད་དང་། རྒྱ་གཞུང་གིས་༸རྒྱལ་བའི་སྐུའི་ཡང་སྲིད་ཀྱི་གནད་དོན་ལ་ཐེ་བྱུས་བྱ་རྒྱུ་མེད་སྐོར་གསུངས་ཏེ། ནང་པའི་ཆོས་ཕྱོགས་ཀྱི་གནད་དོན་དེ་བོད་མིར་རང་སོར་བཞག་དགོས་པ་བརྡ་ལེན་ནན་པོ་གནང་འདུག

སྲིད་སྐྱོང་མཆོག་གིས་རྒྱ་གཞུང་གི་དབང་སྒྱུར་འོག་ཡོད་པའི་བོད་མིས་གཙོས་པའི་ཡུ་གུར་བ་དང་། སོག་པོ། ཧོང་ཀོང་དང་རྒྱ་ནག་རང་ཉིད་ཀྱི་མི་སེར་རྣམས་ནས་ཀྱང་རྒྱ་དམར་སྲིད་གཞུང་ལ་ཡིད་ཆེས་མེད་པ་དང་ཆབས་ཅིག རྒྱ་ནག་འདི་ཉིད་ཁྱིམ་མཚེས་རྒྱལ་ཁབ་རྣམས་དང་ཡང་འཆམ་མཐུན་མེད་པར་བརྟེན། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་ཐོབ་ཐབས་བྲལ། ལྷག་པར་དུ་རྒྱ་གར་དང་ལྷན་དུ་ཞི་འགྲིག་གནང་དགོས་པ་སོགས་གསུངས་ཏེ། རྒྱ་གཞུང་གིས་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་གནས་ཚུལ་ལ་གཞིགས་ཏེ། འཛམ་གླིང་ཞི་བདེ་བསྐྲུན་ཐབས་སུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་དགོས་གལ་ཡིན་པ་དང་། ཞི་ཅིན་ཕིང་རང་ཉིད་འགོ་ཁྲིད་ཚད་ལྡན་ཞིག་ཆགས་པར་ལངས་ཕྱོགས་དེ་ལྟར་འཛིན་དགོས་པ་གསུངས་འདུག

བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནད་དོན་དང་འབྲེལ་ནས། རྒྱ་གཞུང་གིས་བོད་ཕྲུག་བྱིས་པ་རྣམས་རང་ཁྱིམ་ཕ་མ་དང་ཁ་བྲལ་བཏང་སྟེ། རྒྱ་ནག་གི་བཅའ་སྡོད་སློབ་གྲྭར་རྒྱ་སྐད་ཁོ་ན་སློབ་སྦྱོང་བྱེད་དུ་འཇུག་བཞིན་ཡོད་སྐོར་གསུངས་པ་དང་འབྲེལ། ཉེ་ལམ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམ་པས་གནད་དོན་དེའི་ཐོག་ཞིབ་འཇུག་ཁྲོད་བོད་ཕྲུག་ས་ཡ་ ༡ ལྷག་བཅའ་སྡོད་སློབ་གྲྭར་བཙན་འཇུག་བརྒྱུད་བོད་རྒྱ་བསྒྱུར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྟབས། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་ཕྱིན་མེད་པ་གསུངས་འདུག

མ་ཟད་བོད་དོན་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་གནད་དོན་དང་འབྲེལ། སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་འདི་རྒྱ་ནག་གི་ཆ་ཤས་ནམ་ཡང་མ་རེད་ཅེས་འགྲེལ་བརྗོད་དང་། གལ་ཏེ་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་སྐོར་བརྗོད་ཚེ་རྒྱལ་སྤྱིའི་ཁྲིམས་སྒྲིག་ལས་ཡོངས་སུ་འགལ་ཞིག་ཆགས་ཀྱི་ཡོད་སྐོར་གསུངས་འདུག་པ་མ་ཟད། སྐུ་ཞབས་ Michael Van Walt Praag ལགས་ཀྱི་བརྩམས་གནང་བའི་བོད་ཀྱི་གནས་ཚུལ་གནད་བསྡུས་ Tibet Brief 20/20 ཞེས་པའི་དཔེ་དེབ་དང་། རྒྱ་རིགས་དགེ་རྒན་ཆེན་མོ་ལིག་ཧན་ཧྲིང་ Lau Han Shiang ལགས་ཀྱི་བརྩམས་གནང་བའི་བོད་ནི་གནའ་སྔ་མོའི་དུས་སྐབས་ནས་རྒྱ་ནག་གི་ཆ་ཤས་སུ་ནམ་ཡང་ཆགས་མྱོང་མེད་ Tibet was never part of China since antiquity ཅེས་པའི་ཞིབ་འཇུག་རང་བཞིན་ལྡན་པའི་ལོ་རྒྱུས་ཀྱི་དཔེ་དེབ་གཉིས་ངོ་སྤྲོད་གནང་འདུག

གཞི་རྩའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བོད་མིའི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་དང་། ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་གནད་དོན་དང་འབྲེལ་བའི་དོན་ཚན་དྲུག་ཅན་གྱི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ་༸རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་གནང་སྒོ་མཐའ་དག་༸རྒྱལ་བ་རིན་པོ་ཆེ་གང་ཉིད་ཀྱིས་ཐག་གཅོད་མཛད་རྒྱུ་ལས་གཞན་གཞུང་སྒེར་སུ་ལའང་ཐེ་བྱུས་བྱེད་པའི་དབང་ཚད་མེད་ཅེས་གསུངས་ཡོད་པ་དང་། ཨ་རིའི་གཞུང་གིས་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་དང་། ཚོགས་ཁང་མང་པོས་༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་ཐག་གཅོད་དེ་ནི་བོད་དང་བོད་མིར་དབང་བ་ལས་རྒྱ་ནག་གི་གནད་དོན་དེར་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་དགོས་པའི་གྲོས་ཆོད་བཞག་ཡོད་པ་རེད།

འབྲེལ་ཡོད་གསར་གནས།

གསར་གནས།