Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་གོ་ལའི་ནང་པའི་ལྷན་ཚོགས་དབུ་འབྱེད་གནང་བ།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཨ་ཤོ་ཀ་གསོལ་མགྲོན་ཁང་དུ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་གནང་སོང་།

རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དང་རྒྱ་གར་དབུས་གཞུང་རིག་གཞུང་བློན་ཆེན་ལས་ཁུངས་ཀྱིས་འདི་ལོ་རྒྱ་གར་གྱི་ངོས་ནས་ G20 ཞེས་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཤིག་གོ་སྒྲིག་གནང་གི་ཡོད་པ་དང་བསྟུན་གོ་ལའི་ནང་པའི་ལྷན་ཚོགས་དེ་གོ་སྒྲིག་གནང་ཐུབ་པ་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ནང་པའི་ལྷན་ཚོགས་ཤིག་ཆགས་ཡོད་པ་རེད།  

རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་གོ་ལའི་ནང་པའི་ལྷན་ཚོགས་དབུ་འབྱེད་སྐབས་དེང་གི་འཛམ་གླིང་ནང་དམག་འཁྲུག་དང་ཁོར་ཡུག་སོགས་ཀྱི་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་པ་ལྟར་དཀའ་ངལ་དེ་དག་སེལ་ཐབས་གཅིག་རང་ཡོད་པ་ནི་ནང་པ་སངས་རྒྱས་པའི་ཆོས་དེ་ཡིན་པ་དང་། དེ་ཡང། སྟོན་པ་བཅོམ་ལྡན་འདས་ཀྱིས་གྲོས་མོལ་གྱི་ལམ་ནས་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡོད་ཅེས་ལམ་སྟོན་མཛད་ཡོད་སྐོར་སོགས་གསུང་བཤད་གནང་ཡོད།  

ཉིན་གྲངས་གཉིས་རིང་རྒྱལ་ས་ལྡི་ལི་ནང་འཚོགས་བཞིན་ཡོད་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཛམ་གླིང་ནང་པའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་ཐོག་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གི་ལྷན་དུ་རྒྱ་གར་དབུས་གཞུང་གི་རིག་གཞུང་བློན་ཆེན་སྐུ་ཞབས་ Kishan Reddy Gangapuram མཆོག་དང་རྒྱ་གར་དབུས་གཞུང་གི་ཁྲིམས་དོན་བློན་ཆེན་སྐུ་ཞབས་ Kiren Rijiju མཆོག རྒྱ་གར་དབུས་གཞུང་གི་ཕྱི་སྲིད་བློན་ཆེན་གཞོན་པ་དང་གྲོས་ཚོགས་འཐུས་མི་ལྕམ་སྐུ་ Meenakshi Lekhi ལགས་སོགས་གནད་ཡོད་མི་སྣ་ཁག་ཅིག་ཆེད་ཕེབས་གནང་འདུག་པར་མ་ཟད། ཕྱིའི་རྒྱལ་ཁབ་ཁག་ ༣༠ ལྷག་ནས་ནང་པའི་སྐུ་ཚབ་མི་གྲངས་ ༡༧༠ ལྷག་དང་རྒྱ་གར་ནང་གི་ནང་པའི་ཚོགས་པ་འདྲ་མིན་ནས་སྐུ་ཚབ་མི་གྲངས་ ༡༥༠ ལྷག་ལྷན་ཞུགས་གནང་ཡོད་པ་ལྟར་དེ་དག་ཁོངས་སུ་བོད་བརྒྱུད་ནང་བསྟན་གྱི་མཁན་བླ་སྤྲུལ་དང་མཁས་དབང་སོགས་མང་དག་ཅིག་ལྷན་ཞུགས་གནང་འདུག

འདི་ག་རླུང་འཕྲིན་ཁང་གོ་ལའི་ནང་པའི་ལྷན་ཚོགས་གོ་སྒྲིག་ཞུ་མཁན་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་དང་ཝཱཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་གཞོན་པ་པྲོ་ཕེ་སར་དབང་ཕྱུག་རྡོ་རྗེ་ལགས་རྣམ་གཉིས་ལ་བཀའ་འདྲི་ཞུས་ཡོད།

དེ་རིང་ཉིན་དང་པོའི་གོ་ལའི་ནང་པའི་ལྷན་ཚོགས་ཀྱི་དབུ་འབྱེད་མཛད་སྒོ་གྲུབ་རྗེས། ཚོགས་བཅར་བ་ཚོ་མཁས་པའི་ཚོགས་ཆུང་དང་ཆོས་ཕྱོགས་ཀྱི་ཚོགས་ཆུང་བཅས་ཚོགས་ཆུང་གཉིས་སུ་ཆ་བགོས་ཀྱིས་ཆོས་ཕྱོགས་དང་དགེ་འདུན་པ་ཚོའི་ངོས་ནས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་སུ་ཐབས་ལམ་ཇི་ཡོད་སོགས་ཀྱི་ཐོག་མཁས་པའི་གཏམ་བཤད་དང་བགྲོ་གླེང་གནང་ཡོད།

སང་གོ་ལའི་ལྷན་ཚོགས་ཀྱི་ཉིན་གཉིས་པར་བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་མཛད་ཀྱི་ཡོད་པ་རེད། 

འབྲེལ་ཡོད་གསར་གནས།

གསར་གནས།