Tibetan Royal Year of 2151 | Year of the Wood Dragon

རྒྱ་གར་ལྷོ་ཕྱོགས་ཀྱི་བུད་མེད་རྣམས་ལ་བུད་མེད་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་བར་འགོག་རྐྱེན་འཕྲད་པ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

དེ་རིང་ནི་ཕྱི་ཟླ་   ༣  ཚེས་   ༡༢ སྟེ་བུད་མེད་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུས་པ་དང་བསྟུན་འཛམ་གླིང་ཡུལ་གྲུ་གང་སར་བཞུགས་པའི་བོད་པའི་བུད་མེད་གཙོས་བོད་མི་རྣམས་ཀྱིས་ལོ་རྒྱུས་རང་བཞིན་ལྡན་པའི་བུད་མེད་རང་དབང་སྒེར་ལངས་ཐེངས་ ༦༤ པ་དེ་ཉིད་རྣམ་པ་འདྲ་མིན་ཐོག་ནས་སྲུང་བརྩི་ཞུ་བཞིན་ཡོད་པ་རེད། འོན་ཏང་རྒྱ་གར་ལྷོ་ཕྱོགས་ཁག་གསུམ་གྱི་ས་གནས་བུད་མེད་རྣམས་ལ་བུད་མེད་རང་དབང་སྒེར་ལངས་ཆེད་ལས་འགུལ་སྤེལ་བར་འགོག་རྐྱེན་ཆེན་པོ་ཞིག་འཕྲད་འདུག

སྦེལ་ཀོབ་དང་ཧུན་སུར། ཀོ་ལེ་གྷལ་བཅས་ཀྱི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པས་མེ་སོར་རྗོང་དཔོན་ལ་བུད་མེད་རང་དབང་སྒེར་ལངས་ཆེད་མེ་སོར་གྱི་རྒྱལ་ཁང་གི་མདུན་ཐང་ནས་དབུ་འཛུགས་ཀྱིས་རྗོང་དཔོན་ལས་ཁུངས་བར་རྔམ་སྟོན་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་སྤེལ་འཐུས་ཀྱི་ཆོག་མཆན་ཞུས་ཀྱང་མེ་སོར་གྱི་ཉེན་རྟོག་པས་ཆོག་མཆན་གནང་མི་འདུག

དེ་རིང་ས་གནས་གསུམ་གྱི་བུད་མེད་རྣམས་ལ་ཆོག་མཆན་མ་རག་པའི་རྒྱུ་མཚན་གཙོ་བོ་ནི་རྒྱ་གར་གྱི་སྲིད་བློན་མོ་དཱི་མཆོག་མེ་སོར་གྲོང་ཁྱེར་ལ་ཕེབས་ཏེ་མེ་སོར་ནས་སྦེང་ལོར་བར་གསར་འཛུགས་གནང་བའི་འགྲོ་ལམ་ expressway ཞེས་པ་ཞིག་དབུ་འབྱེད་གནང་གི་ཡོད་སྟབས་ཁོང་རྣམས་ལ་ཆོག་མཆན་གནང་མེད་པ་རེད་འདུག

ས་གནས་གསུམ་གྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་པས་རྗོང་དཔོན་ལ་ཞུ་ཡིག་དང་རེ་སྐུལ་བསྐྱར་ནན་ཞུས་མཐར་རྗོང་དཔོན་གི་བཀའ་འཁྲོལ་འོག་རྗོང་དཔོན་ལས་ཁུངས་མདུན་ཐང་དུ་མར་མེ་སྨོན་ལམ་རྒྱས་པ་ཞིག་གསོག་སྒྲུབ་ཆོག་པའི་ཆོག་མཆན་གནང་ཡོད་པ་ལྟར་ལས་འགུལ་བ་རྣམས་ཀྱིས་ཕྱག་ཚོད་གཉིས་ཙམ་རིང་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མར་མེ་སྨོན་ལམ་གསུང་འདོན་གནང་སོང་།

བུད་མེད་རང་དབང་སྒེར་ལངས་ཐེངས་ ༦༤ པའི་ཐོག་སྐུ་མགྲོན་གཙོ་བོ་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་འཛིན་སྒྲོལ་མ་ལགས་ཀྱིས་བུད་མེད་རང་དབང་སྒེར་ལངས་དང་འབྲེལ་བའི་གཏམ་བཤད་གནང་སྐབས་རང་རེའི་རྒྱལ་ཁབ་ཆེད་དུ་སྐུ་ལུས་ཞུགས་འབུལ་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་ཁོང་རྣམ་པའི་ནང་མི་ཡོངས་ལ་གུས་བཏུད་ཞུས་པ་དང་སྦྲགས། དེ་རིང་གི་ཉིན་མོའི་གལ་གནད་སྐོར་ལས་འགུལ་བ་རྣམས་ལ་དྲན་གསོ་དང་བོད་ནང་ཛ་དྲག་གནས་སྟངས་ལ་དགོངས་ནས་སྙིང་སྟོབས་ཞུམ་མེད་བོད་པའི་བུད་མེད་རྒན་གཞོན་མེད་པར་བུད་མེད་ལྷན་ཚོགས་ཀྱི་ཚོགས་མིར་ཞུགས་གནང་རོགས་ཞེས་འབོད་སྐུལ་གནང་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།