Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་སྡེབ་གསོད་བྱེད་ཀྱི་ཡོད་པ་མངོན་གསལ།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཁེ་ན་ཌའི་གྲོས་ཚོགས་འོག་མའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གིས་Xinjiang རང་སྐྱོང་ས་ཁུལ་ནང་གི་ཡུ་གུར་དང་གཞན་ཁ་ཆེའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཉན་ཞིབ་རིམ་པ་གནང་བའི་སྙན་ཐོ་དང་སྦྲགས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་དུ། རྒྱ་ནག་གཞུང་གི་Xinjiang ནང་དུ་ཡུ་གུར་མི་རིགས་སྡེབ་གསོད་བྱེད་ཀྱི་ཡོད་པར་ངོས་འཛིན་དང་འབྲེལ། ཁེ་ན་ཌ་གཞུང་གི་ངོས་ནས་ཤིན་ཅང་ནང་དུ་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་སྤེལ་མཁན་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཉེས་ཆེད་འགེལ་དགོས་པ་གསུངས་འདུག
དེ་ཡང་ཁ་ས་ཁ་ན་ཌའི་གྲོས་ཚོགས་འོག་མའི་དྲ་གནས་ཐོག་སྤེལ་བའི་གསར་འགོད་བསྒྲགས་གཏམ་དེའི་ནང་དུ། ཚོགས་ཆུང་གི་ངོས་ནས་ཕྱི་ལོ་ ༢༠༡༨ ལོའི་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ། རྒྱ་གཞུང་གི་གདུག་རྩུབ་དངོས་སུ་མཐོང་མྱོང་མཁན་གྱི་དཔང་རྟགས་མི་སྣ་ཁག་བདུན་ཙམ་གྱིས་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། འདི་ལོ་སླར་ཡང་འབྲེལ་ཡོད་ཉན་ཞིབ་ཁ་ཤས་གནང་བ་ལུང་འདྲེན་དང་འབྲེལ། རྒྱ་ནག་གཞུང་གིས་ཤིན་ཅང་ནང་དུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐྱོན་བརྗོད་མ་བྱས་པར་ཁ་ཁུ་སིམ་པོར་བསྡད་པ་ཡིན་ན། དེས་འཛམ་གླིང་ཁྲོད་ཆེས་གདུག་རྩུབ་ཅན་གྱི་གཞུང་འཛིན་པ་གཞན་རྣམས་ཀྱིས་ཀྱང་དེ་ལྟར་གཅིག་མཚུངས་བྱེད་སྲིད་པའི་ལམ་སྲོལ་ངན་པ་ཞིག་བསྐྲུན་རྒྱུའི་ཉེན་བརྡ་བཏང་འདུག
སྤྱིར་གྲོས་ཚོགས་ཀྱི་ཚོགས་ཆུང་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༡༨ ལོར་ཉན་ཞིབ་ལས་རིམ་ཐེངས་ལྔ་ཚོགས་པའི་ཁྲོད། ཤིན་ཅང་ནང་རྒྱ་གཞུང་གི་གདུག་རྩུབ་དངོས་སུ་མཐོང་མྱོང་ཡོད་མཁན་གྱི་མི་ ༧ དྲུང་ནས་གནས་ཚུལ་མཁོ་སྒྲུབ་དང་། དེ་རྗེས་ལོ་འདིའི་ཕྱི་ཟླ་ ༧ པའི་ནང་རྒྱ་གཞུང་གི་གདུག་རྩུབ་འོག་ནས་ཐར་ཏེ་བྲོས་བྱོལ་དུ་སླེབས་པའི་མི་སྣ་དང་། རྒྱ་རིགས་ཤེས་ལྡན་མི་སྣ་དང་སྤྱི་དམངས་ཚོགས་པའི་མི་སྣ་བཅས་བརྒྱུད་ནས་གྲོས་བསྡུར་དང་གནས་ཚུལ་རྒྱུས་ལོན་སོགས་གནང་བའི་ཁྲོད། རྒྱ་གཞུང་གི་ཤིན་ཅང་ནང་གི་ཁ་ཆེའི་མི་རིགས་རང་ལ་དམིགས་པའི་དྲག་པོའི་སྲིད་བྱུས་ལག་བསྟར་ཁྲོད། ས་གནས་ཡུ་གུར་དང་ཁ་ཆེའི་མི་རིགས་ས་ཡ་བརྒལ་བ་ངལ་རྩོལ་ར་བའི་ནང་བཀག་སྐྱིལ་བྱས་པ་དང་། མང་ཚོགས་ཀྱི་ཐོབ་ཐང་ཁག་རྩིས་མེད་ཀྱིས་ལྟ་སྲུང་ནན་པོ་བྱས་པ་མ་ཟད། བཙན་དབང་གི་སྐྱེ་སྒོ་བཀག་པ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱུང་བར་ཧ་ཅང་གི་བློ་འཚབ་ཆེན་པོ་སྐྱེས་སྐོར་འགྲེལ་བརྗོད་གནང་བ་དང་། རྒྱ་གཞུང་གི་ཤིན་ཅང་ནང་དུ་ཡུ་གུར་དང་ཁ་ཆེའི་མི་རིགས་ཐོག་བྱེད་བཞིན་པ་རྣམས་རྒྱལ་སྤྱིའི་ཁྲིམས་ཀྱི་ནང་དུ་མི་རིགས་རྩ་གཏོར་གྱི་འབྲུ་དོན་དང་ཡོངས་སུ་མཐུན་གྱི་ཡོད་པ་སོགས་རྒྱུས་ལོན་བྱུང་བ་བཞིན། རྒྱ་གཞུང་གི་བྱ་སྤྱོད་དེ་དག་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་ཞུ་རྒྱུ་དང་། ༢༠༡༨ ནས་ ༢༠༢༠ བར་གནས་ཚུལ་རྒྱུས་ལོན་བྱུང་བར་གཞིགས་ཏེ་ཚོགས་ཆུང་གི་ངོས་ནས་ཀྱང་རྒྱ་ནག་གཞུང་གི་བྱ་སྤྱོད་དེ་དག་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་ཡིན་པ་ར་སྤྲོད་བྱུང་ཡོད་སྐོར་གསུངས་འདུག
ཁེ་ན་ཌའི་གྲོས་ཚོགས་ཀྱི་ཚོགས་ཆུང་གིས་ད་དུང་། རྒྱ་གཞུང་གིས་རྒྱལ་སྤྱིའི་གཞུང་ཚོགས་སྐྱིད་ཁག་ཚང་མས་འབོད་སྐུལ་ཞུས་པར་ཉན་འཇོག་མ་བྱས་པར་ཡུ་གུར་དང་ཁ་ཆེའི་མི་རིགས་མུ་མཐུད་ངལ་རྩོལ་ར་བའི་ནང་དུ་བཞག་པ་དང་། གནད་དོན་དེ་ནི་དེ་སྔ་དམག་ཆེན་གཉིས་པའི་སྐབས་ཇཱེའུ་མི་རིགས་ས་ཡ་མང་པོ་ངལ་རྩོལ་ར་བའི་ནང་དུ་བཞག་སྟེ་མི་རིགས་སྡེབ་གསོད་གཏོང་ཐབས་བྱས་པའི་གནད་དོན་རྗེས་ཀྱི་མི་རིགས་སྡེབ་གསོད་ཀྱི་གནད་དོན་ཆེ་ཤོས་དེ་ཡིན་སྐོར་འགྲེལ་བརྗོད་དང་འབྲེལ། ཁེ་ན་ཌ་གཞུང་གི་ངོས་ནས་ཤིན་ཅང་ནང་དུ་རྒྱ་གཞུང་གིས་སྤེལ་བཞིན་པའི་བྱ་སྤྱོད་ཁག་ལ་ཡོངས་གྲགས་ཐོག་སྐྱོན་བརྗོད་བྱེད་དགོས་པ་དང་། ཤིན་ཅང་ནང་གི་གནས་སྟངས་དངོས་རྒྱུས་ལོན་ཐུབ་ཆེད་ཁུལ་དེར་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་རུ་ཁག་གཏོང་བར་ཕྱག་འབྲེལ་རྒྱལ་ཁབ་གཞན་ཚོ་དང་ནུས་པ་མཉམ་སྤུང་ཐོག་ཕྱག་ལས་གནང་དགོས་པ། གཞུང་འབྲེལ་ཐོག་རྒྱ་གཞུང་གི་བྱ་སྤྱོད་རྣམས་མི་རིགས་སྡེབ་གསོད་ཀྱི་བྱ་སྤྱོད་ཡིན་པའི་བསྒྲགས་གཏམ་སྤེལ་ཏེ་ཤིན་ཅང་མང་ཚོགས་ཀྱི་དཀའ་ངལ་སེལ་ཐབས་སུ་རྒྱལ་སྤྱིའི་སྤྱི་དམངས་ཚོགས་སྡེ་ཁག་དང་མཉམ་རུབ་བྱེད་དགོས་པ་དང་། གཞན་ཡང་ཁེ་ན་ཌ་གཞུང་གི་ཁས་ལེན་ངོས་འཛིན་ཞུས་པའི་རྒྱལ་སྤྱིའི་ Magnitsky ཁྲིམས་གཞིའི་འོག ཤིན་ཅང་ནང་དུ་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་རྣམས་ལ་ཉེས་ཆད་གཅོད་དགོས་པ་སོགས་ཀྱི་དགོས་འདུན་ཁག་ཅིག་བཏོན་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།