Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གཞུང་ནས་ཨོ་རྩལ་དང་ཆབ་སྲིད་གཉིས་མཉམ་བསྲེས་གཏོང་བཞིན་འདུག་གམ།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་དུ་རྒྱལ་སྤྱིའི་དགུན་དུས་ཨོ་རྩལ་རྩེད་འགྲན་དངོས་སུ་འགོ་བཙུགས་ཏེ་དེ་རིང་རྩེད་འགྲན་ཉིན་བདུན་པ་ཆགས་ཀྱི་ཡོད་པ་རེད།  བརྒྱུད་རིམ་དེའི་ཁྲོད་རྒྱ་ནག་ཕྱོགས་ནས་རྒྱ་ནག་སྤྱི་དང་། ལྷག་པར་དུ་དེའི་བཙན་གནོན་དབང་སྒྱུར་འོག་ཡོད་པའི་བོད་དང་ཤིང་ཅང་སོགས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་གི་གནས་བབ་སོགས་ཀྱི་ཐོག་ལ་གསལ་བཤད་གང་ཡང་མ་བྱས་པའི་ཁར། ཨོ་ལོམ་པིག་རྩེད་འགྲན་དང་ཆབ་སྲིད་གཉིས་ཐ་དད་ཡིན་པས། དེ་གཉིས་མཉམ་བསྲེས་བྱེད་རྒྱུ་ཡོད་མ་རེད་ཅེས་བཤད་ཡོད་ལ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ནས་རྩེད་འགྲན་དངོས་ཀྱི་ཐོག་ལ་སྐུ་ཚབ་མ་བཏང་པ་དེ་ནི་ཆབ་སྲིད་ཀྱི་ཐབས་བྱུས་ཤིག་ཡིན་པ་སོགས་བཤད་ཡོད། གནས་ཚུལ་དེ་དག་དང་འབྲེལ་བོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་སུ་རྒྱ་ནག་གཞུང་ནས་ཨོ་ལོམ་པིག་རྩེད་འགྲན་དང་ཆབ་སྲིད་གཉིས་མཉམ་བསྲེས་གཏོང་གི་འདུག་གམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་འདྲི་ཁག་ཅིག་ཞུས་ཡོད།

འབྲེལ་ཡོད་གསར་གནས།

གསར་གནས།