Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་གསང་ཉུལ་བ་དང་འབྲེལ་བའི་མི་གསུམ་འཛིན་བཟུང་།

Tibetan News Headlines

  • ༸གོང་ས་མཆོག་གིས་སོག་པོའི་དད་ལྡན་པ་རྣམས་ལ་ཉིན་གཉིས་ཀྱི་ཆོས་འབྲེལ་དབུ་འཛུགས།
  • ༸སྐུའི་གཅུང་མོ་ཨ་མ་རྗེ་བཙུན་པདྨ་ལགས་སུ་ Pearl S. Buck ཆེ་བསྟོད་གཟེངས་རྟགས་འབུལ་བཞེས།
  • བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་བེུད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དབུ་འཛུགས།
  • རྒྱ་གཞུང་གིས་བོད་དང་ཤིན་ཅང་ནང་སྤེལ་བཞིན་པའི་བྱ་སྤྱོད་ནི་འཆར་གཞི་ལྡན་པའི་མི་རིགས་རྩ་གཏོར་གྱི་སྲིད་བྱུས་ཡིན་པ་ཐེར་འདོན།
  • མོན་གྷོ་འདོད་རྒུ་གླིང་དུ་དྲག་ཆར་རླུང་ཚུབ་བྱུང་ཡང་མི་ཤི་སྐྱོན་ཆག་རིགས་བྱུང་མིན་འདུག

Friday 19/04/2024

  • Dalai Lama begins two-day teaching on ‘Gaden Lhagyama’ to Mongolian devotees
  • Jetsun Pema receives Randolph’s Pearl S. Buck award
  • 14th Tibetan Women Association General Body Meeting begins in Dharamshala
  • China spearheading systematic elimination of civilization and people, says UN expert
  • Mundgod Tibetan settlement hit with severe thunderstorm

ཉེ་ཆར་རྒྱ་གར་རྒྱལ་ས་ལྡི་ལིའི་ཉེན་རྟོག་པ་དང་རྒྱ་གར་གསང་བའི་ལས་ཁུངས་གཉིས་ཀྱིས་མཉམ་རུབ་ཐོག་ལྡི་ལི་ནང་དུ་རྒྱ་ནག་གཞུང་གི་གསང་ཉུལ་གྱི་ལས་དོན་སྤེལ་བཞིན་པ་ཞིག་ཐེར་འདོན་གྱིས། རྒྱ་གར་གྱི་གསར་འགོད་པ་ཞིག་དང་སློབ་ཕྲུག་ཡིན་ཁུལ་གྱི་རྒྱ་རིག་བེུད་གཅིག དེ་བཞིན་བལ་བོའི་མི་གཅིག་བཅས་ཁྱོན་མི་གསུམ་འཛིན་བཟུང་བྱས་འདུག

དེ་ཡང་ཁ་སང་རྒྱ་གར་གྱི་བརྒྱུད་ལམ་ཁག་གི་ཐོག་ལ་གནས་ཚུལ་ཐོན་གསལ་ལ་གཞིགས་ན། ལྡི་ལི་ས་གནས་ཉེན་རྟོག་པ་དང་རྒྱ་གར་གསང་བའི་ལས་ཁུངས་གཉིས་ཀྱིས་མཉམ་རུབ་ཐོག་གྲོང་ཁྱེར་དེའི་ནང་དུ་རྒྱ་ནག་གི་གསང་ཉུལ་ལས་དོན་སྤེལ་བཞིན་པའི་སྐོར་རྟོག་ཞིབ་ཁྲོད། ཟླ་བ་འདིའི་ཚེས་ ༡༤ ཉིན་ལོ་ངོ་ ༤༠ ལྷག་ནས་རྒྱལ་ས་ལྡི་ལི་ཁུལ་དུ་གསར་འགོད་ལས་རིགས་གཉེར་བཞིན་པའི་རྒྱ་གར་བ་ Rajeev Sharma ཟེར་བ་ཞིག་འཛིན་བཟུང་བྱས་འདུག་པ་དང་། འཛིན་བཟུང་བྱས་པའི་སྐབས་སུ་ཁོའི་ཁྱིམ་སྔོག་བཤེར་བྱས་པའི་ཁྲོད་རྒྱ་གར་གྱི་རྒྱལ་སྲུང་ལས་དོན་དང་འབྲེལ་བའི་ཡིག་ཆ་ཁག་ཅིག་ལག་སོན་བྱུང་ཡོད་པ་རེད་འདུག བཀག་ཉར་འོག་དྲི་རྩད་བྱས་པའི་ཁྲོད་དུ་ཁོས་ཕྱི་ལོ་ ༢༠༡༦ ནས་བཟུང་རྒྱ་ནག་གཞུང་ལ་རྒྱ་གར་གྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་དང་། རྒྱ་ནག་གཞུང་གི་འཁྱོགས་བཤད་དྲིལ་བསྒྲགས་སྤེལ་བ་སོགས་ཀྱི་ལས་དོན་འདྲ་མིན་གཉེར་ཏེ། གནས་ཚུལ་གཅིག་བྲིས་པར་ཨ་སྒོར་ ༥༠༠ དང་ ༡༠༠༠ ཙམ་རག་གི་ཡོད་པ་དང་། ཕྱི་ལོ་ ༢༠༡༩ ལོ་ནས་ད་ལྟ་བར་དུ་ཁོ་ལ་ཧིན་སྒོར་ས་ཡ་ ༤ ལྷག་བྱུང་ཡོད་པ་སོགས་གསལ་ཁ་བྱུང་འདུག

ཉེ་ཆར་རེས་བཟའ་སྤེན་པའི་ཉིན་ལྡི་ལི་ཉེན་རྟོག་པའི་དམིགས་བསལ་སྡེ་ཚན་གྱི་འགན་འཛིན་བཞོན་པ་སྐུ་ཞབས་ Sanjee Kumar Yadav ལགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གནད་དོན་ཁ་གསལ་ངོ་སྤྲོད་གནང་བའི་ནང་དུ།

Rajeev Sharma ཟེར་བས་ཁྱོན་ལོ་ངོ་ ༤༠ ཙམ་གྱི་རིང་ལ་གསར་འགོད་པའི་ལས་རིགས་གཉེར་མཁན་ཞིག་ཡིན་པའི་ཁྲོད། ཁོས་རྒྱ་གར་གྱི་གསར་ཁང་ཆེ་ཆུང་འདྲ་མིན་ནང་དུ་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། ༢༠༡༠ ནས་ ༡༤ བར་ Global Times ཞེས་པའི་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱི་ཆེད་དུའང་གནས་ཚུལ་སྤེལ་མྱོང་ཡོད་པ་རེད་འདུག ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་ཁོས FreeLance འམ་རང་དབང་ལྡན་པའི་སྒེར་གྱི་གནས་ཚུལ་སྤེལ་འགོ་བཙུགས་པའི་རྗེས་སུ་ལོ་དེར་ Michal ཞེས་པའི་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ཞིག་གི་ Linkedin དྲ་ལམ་བརྒྱུད་ཁོར་འབྲེལ་བྱས་ཏེ་རྒྱ་ནག་གི་ Kunming གྲོང་ཁྱེར་ནང་དུ་མགྲོན་འབོད་བྱས་ཏེ་འབྲེལ་བ་བཙུགས་པ་ནས་བཟུང། ༢༠༡༨ བར་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ Michal དང་ Xou ཞེས་པ་གཉིས་དང་ལྷན་དུ་རྒྱ་གར་གཙོས་ཕྱིའི་རྒྱལ་ཁབ་འདྲ་མིན་ནང་དང་གློག་འཕྲིན་སོགས་བརྒྱུད་ནས་འབྲེལ་བ་ཐེངས་མང་བྱས་ཏེ་རྒྱ་གར་གྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད་པ་རེད་འདུག

ལྷག་པར་དུ་ཕྱི་ལོ་ ༢༠༡༩ ལོའི་ཕྱི་ཟླ་ ༡ པོ་ནས་བཟུང་ George ཞེས་པའི་རྒྱ་ནག་གསང་བའི་ལས་ཁུངས་ཀྱི་ལས་བྱེད་གཞན་ཞིག་དང་འབྲེལ་བ་ཆགས་ཏེ་ཁོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐོར་དང་འབྲེལ་བའི་གནས་ཚུལ་མཁོ་སྤྲོད་དང་༸གོང་ས་མཆོག་གི་ཐོག་ལ་གནས་ཚུལ་སྤེལ་དགོས་བར་བརྗོད་ཡོད་པ་དང་། གནས་ཚུལ་རེ་རེའི་ཆེད་དུ་ཁོར་ཨ་སྒོར་ ༥༠༠ ཙམ་རག་གི་ཡོད་པ་དང་། དངུལ་འབོར་དེ་དག་ལྡི་ལིའི་ Mahipalpur ས་ཁུལ་དུ་རྟེན་གཞི་བྱས་པའི་ MZ ཞེས་རྒྱ་ནག་ནང་དུ་སྨན་ཕྱིར་ཚོང་བྱེད་མཁན་གྱི་ཚོང་ལས་ཁང་རྫུན་མ་ཞིག་བརྒྱུད་ནས་ Rajeev  ཟེར་བ་དེར་མཁོ་སྤྲོད་བྱས་ཡོད་པ་རེད་འདུག

ཚེས་ ༡༤ ཉིན་རྒྱ་གར་གྱི་གསར་འགོད་པ་དེ་འཛིན་བཟུང་བྱས་པའི་རྗེས་སུ། ཁོར་དྲི་རྩད་བྱས་པའི་ཁྲོད། ལྡི་ལི་ནང་དུ་ MZ ཚོང་ལས་ཁང་གི་མིང་ཐོག་ནས་ཁོར་ཕྱི་ལོ་ ༢༠༡༨ རྗེས་ནས་ད་བར་ཁྱོན་ཧིན་སྒོར་ས་ཡ་ ༤ ལྷག་ཙམ་རག་ཡོད་པ་ཤེས་རྟོགས་བྱུང་བ་དང་འབྲེལ། ཁོར་དངུལ་མཁོ་སྤྲོད་བྱེད་མཁན་ MZ ཚོང་ལས་ཁང་གི་ལས་བྱེད་རྒྱ་རིགས་བེུད་ Qin Shi ཟེར་བ་ཞིག་དང་བལ་པོའི་མི་སེར་ཡིན་པ་ Sher Singh (Raj Bohra )ཞུ་བ་གཉིས་འཛིན་བཟུང་བྱས་ཡོད་པ་རེད་འདུག

རྩ་བའི་ད་རེས་འཛིན་བཟུང་བྱས་པའི་རྒྱ་གར་བ་ Rajeev Sharma ཟེར་བ་དེས་དེ་སྔོན་ ༢༠༡༨ ལོར་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཛ་དྲག་ཡིན་པ་སོགས་༸གོང་ས་མཆོག་དང་བོད་ཀྱི་གནད་དོན་ཐོག་གཞི་རྩ་མེད་པའི་གནས་ཚུལ་ཁག་ཅིག་སྤེལ་ཡོད་པ་རེད།

རྩ་བའི་འདི་ལོ་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་ཇེ་ཆེར་ཕྱིན་པ་དང་འབྲེལ། རྒྱ་གར་གཞུང་གིས་ Wechat དང་ Tiktok སོགས་རྒྱ་ནག་གི་བཟོ་སྐྲུན་བྱས་པའི་མཉེན་ཆས་བརྒྱུད་ནས་མང་ཚོགས་དང་རྒྱལ་ཁབ་ཀྱི་གསང་བ་རྐུ་ཁྱེར་བྱེད་བཞིན་པ་དང་འབྲེལ་ནས། རྒྱ་ནག་གི་མཉེན་ཆས་ ༡༨༠ ལྷག་བཀག་སྡོམ་བྱས་ཡོད་པ་མ་ཟད། ཉེ་ཆར་རྒྱ་རིགས་གསང་ཉུལ་བ་ Lou Peng ཟེར་བ་ཞིག་ཀྱང་ལྡི་ལི་ཁུལ་ནས་འཛིན་བཟུང་བྱས་པར་དྲི་རྩད་བྱས་པའི་སྐབས་སུ། ཁོས་༸གོང་ས་མཆོག་གི་མཛད་འཕྲིན་སོགས་ཀྱི་ཐད་ནས་གནས་ཚུལ་ཤེས་རྟོགས་ཐུབ་སླད་བོད་མི་ཁག་ཅིག་ལ་དངུལ་འབོར་ཆེན་སྤྲད་པ་སོགས་ཀྱི་གནས་ཚུལ་ཐོན་མུས་ཡིན་པ་རེད།

 

འབྲེལ་ཡོད་གསར་གནས།

གསར་གནས།