Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་དཔོན་རིགས་ཡུ་རོབ་ཏུ་འགྲོ་རྒྱུར་བཀག་སྡོམ་གྱི་གྲོས་ཆོད་གཏན་འབེབས།

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཡུ་རོབ་གྲོས་ཚོགས་ཀྱིས་ཁ་སང་རྒྱ་ནག་གིས་ཤིན་ཅང་གི་ཁུལ་དུ་མི་མང་བཀག་སྐྱིལ་གྱིས་ངལ་རྩོལ་བསྒྱུར་བཀོད་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ཀྱིས།  ཁུལ་དེའི་མི་མང་བཀག་སྐྱིལ་དང་འབྲེལ་བའི་རྒྱ་ནག་གི་དཔོན་རིགས་རྣམས་ཡུ་རོབ་ཀྱི་ནང་དུ་ཡོང་རྒྱུར་བཀག་སྡོམ་བྱེད་རྒྱུའི་གྲོས་ཆོད་གསར་བ་ཞིག་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་འདུགདེ་ཡང་ཡུ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཡོངས་ཀྱིས་རྒྱ་ནག་གིས་ཡུ་གུར་མི་མང་གི་མཚོན་པའི་ Kazakh དང་Kyrgyz སོགས་ཀྱི་ཁ་ཆེ་གྲང་ཉུང་མི་རིགས་རྣམས་ངལ་རྩོལ་བསྒྱུར་བཀོལ་བྱེད་བྱས་ཏེ་བཟོ་ལས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་དང་།་དེ་ལྟ་བུའི་དངོས་ཟོག་ཐོན་སྐྱེད་དེ་དག་ཡུ་རོབ་ཀྱི་བཟོ་ལས་ཁང་ལ་ཡང་ཚོང་འབྲེལ་བྱེད་བཞིན་ཡོད་སྐོར་མངོན་གསལ་གྱིས། རྒྱ་ནག་གི་ངལ་རྩོལ་བསྒྱུར་བཀོལ་གྱི་ལམ་ལུགས་དེར་དགག་གཞག་ནན་མོ་གནང་སྟེ། ཡུ་རོབ་ཀྱི་སྤྱི་མཐུན་ཚོགས་པའི་ཕྱི་སྲིད་ལྷན་ཁང་གིས་ཤིན་ཅང་ཁུལ་གྱི་དཔོན་རིགས་རྣམས་ཡུ་རོབ་སྤྱི་མཐུན་ཚོགས་པའི་རྒྱལ་ཁོངས་སུ་ཡོང་རྒྱུར་བཀག་སྡོམ་གྱི་ཁྲིམས་གཞི་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་འདུགདེ་བཞིན་ཐེངས་འདིའི་གྲོས་ཆོད་ཀྱི་ནང་དུ།  ཡུ་རོབ་ནང་གི་སྒེར་གཉེར་གྱི་བཟོ་ལས་ཁང་ཁག་ལ་ཡང་འབོད་སྐུལ་གནང་སྟེ། རྒྱ་ནག་དང་འབྲེལ་བའི་ཚོང་ལས་ཁྲོད་དུ་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནད་དོན་དང་འབྲེལ་འདྲིས་ཡོད་མེད་ལ་རྟོག་ཞིབ་གནང་དགོས་བ་དང་། རྒྱ་ནག་གི་ཚོང་ལས་ཐོན་སྐྱེད་ཀྱི་རིགས་ཀྱིས་ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་འབྲེལ་བ་ཡོད་ཚེ་ངེས་བར་དུ་རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་མཚམས་འཇོག་དགོས་བའི་ཞུ་སྐུལ་གནང་བ་དང་སྦྲགས།  རྒྱ་གཞང་གིས་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་པ་ཞིག་ཤིན་ཅང་གི་ཁུལ་དུ་རྟོག་ཞིབ་བྱེད་པར་འགྲོ་རུ་འཇུག་དགོས་པའི་ཞུ་སྐུལ་གནང་འདུག

ཐེངས་འདིའི་ཡུ་རོབ་ཀྱི་གྲོས་ཆོད་དང་འབྲེལ་ནས། གསར་ཁང་ཁག་གིས་ཀྱང་རྒྱ་ནག་གིས་ཡུ་གུར་ནང་དུ་ཁ་ཆེ་མི་འབོར་ས་ཡ་གཅིག་ཙམ་བཀག་སྐྱིལ་བྱས་ཏེ་བསམ་བློ་བཅོས་སྒྱུར་གཏོང་བཞིན་ཡོད་པའི་གནད་དོན་དེ་རྩལ་འདོན་གནང་འདུག ཤིན་ཅང་ཁུལ་དུ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་ཆོས་དང་རིག་གཞུང་དཔལ་འབྱོར་བཅས་ལ་དབྱེ་འབྱེད་ཆེན་པོ་བྱེད་བཞིན་པ་ཡོངས་གྲགས་གནང་འདུག

གཞི་རྩའི་ཐེངས་འདིའི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེར་གྲོས་ཚོགས་འཐུས་མི་ ༦༠༤ ཡིས་རྒྱབ་སྐྱོར་གནང་ཡོད་པ་དང་། འཐུས་མི་ ༢༠ ཡིས་དགག་གཞག་གནང་བ་བཅས་སྤྱི་ཡོངས་ཀྱི་ཆ་ནས་གྲོས་ཚོགས་འཐུས་མི་བརྒྱ་ཆ་ ༨༩ ལྷག་གིས་ཐེངས་འདིའི་གྲོས་ཆོད་ལ་ཚད་མཐོའི་རྒྱབ་སྐྱོར་གནང་སྟེ། རྒྱ་ནག་སྲིད་གཞུང་གིས་ཤིན་ཅང་ཁུལ་གྱི་ངལ་རྩོལ་བསྒྱུར་བཀོལ་གྱི་ལམ་ལུགས་དེ་གང་མགྱོགས་མཚམས་འཇོག་གནང་དགོས་བར་སྐུལ་མ་གནང་འདུག

འབྲེལ་ཡོད་གསར་གནས།

གསར་གནས།