Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་སྲིད་བྱུས་འོག་བོད་ཀྱི་གནམ་གཤིས་ཛ་དྲག་ཏུ་འགྱུར་བཞིན་འདུག

Tibetan News Headlines

  • ༸གོང་ས་མཆོག་གིས་ཧིན་དྷུའི་བླ་ཆེན་དགོངས་པ་རྗོགས་པར་ཐུགས་གསོའི་གསུང་འཕྲིན་སྩལ་འདུག
  • མགོན་པོ་སྐྱིད་ལགས་ཀྱིས་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་བཏང་བའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱས་འདུག
  • དྭང་བླངས་དཔྱ་དངུལ་ལག་དེབ་ཆག་ཡང་དང་འབུལ་ཚེའི་དུས་བཀག་ཕར་འགྱང་གནང་སོང་།
  • ནང་སྲིད་ལས་ཁུངས་དང་སྦྲགས་ལྷན་ཁང་ཁག་གི་སྔོན་རྩིས་གཏན་འབེབས་དང་བགྲོ་གླེང་ལས་རིམ་གྲུབ་སོང་།
  • ཁྲིམས་ཞིབ་པའི་འོས་ཆོས་ལྡན་པའི་མི་འགྲོ་འཚོལ་རྒྱུ་ཁག་པོ་མ་གཏོགས་གཞན་དཀའ་ངལ་མེད་པ་གསུངས་སོང་།
  • དབྱིན་ཡུལ་གྱི་གྲོང་སྡེ་གཉིས་ལ་ Hikvision བརྙན་མིག་སྤྱོད་རྒྱུ་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་འདུག

Thursday 28/03/2024

  • Dalai Lama expresses ‘sadness’ and offers ‘condolences’ on the passing away of Swami Smaranananda Maharaj
  • Gonmo Kyi sues China’s police over ‘repressive censorship and vigilant supervision’
  • Parliament extends Chatrel exemption period by six months
  • House discusses budget allocation for DoH for the fiscal year 2024-25
  • MPs express concern over challenges in finding nominees for Justice Commissioners
  • Review into Harborough and Lutterworth CCTV cameras after concerns made by company with links to Chinese government Now

ཟླ་བ་འདིའི་ཕྱི་ཚེས་ ༢ ནས་ ༧ བར་ཡོ་རོབ་སུད་སི་གྲོང་ཁྱེར་ Geneva ནང་རྒྱལ་ཚོགས་ཀྱི་ IPCC ཞེས་ཁོར་ཡུག་ཐོག་རྒྱལ་སྤྱིའི་རྒྱལ་ཁབ་རྣམ་པའི་སྐུ་ཚབ་ཀྱི་བཞུགས་མོལ་ལྷན་ཚོགས་ཐེངས་ ༥༠ པ་དེ་ཚོགས་ཡོད་པ་དང་། ལྷན་ཚོགས་གྲུབ་མཚམས་སུ་རྒྱལ་ཚོགས་ཀྱི་ཚོགས་ཆུང་གིས་ Climate Change and the Land ཞེས་གནམ་གཤིས་འགྱུར་ལྡོག་དང་ས་གཞི་ཞེས་པའི་སྙན་ཐོ་ཞིག་ཡོངས་བསྒྲགས་འདོན་སྤེལ་གནང་ཡོད་པ་རེད།

རྒྱལ་ཚོགས་ཀྱི་ཚོགས་ཆུང་དེའི་སྙན་ཐོ་དེ་ནི་རྒྱལ་སྤྱིའི་རྒྱལ་ཁབ་ ༥༢ ཀྱི་ཚན་རིག་མཁས་པ་ ༡༠༧ ནས་འཛམ་གླིང་གི་ས་གནས་འདྲ་མིན་ནང་གི་གནམ་གཤིས་འགྱུར་ལྡོག་དང་ས་གཞི་འགྱུར་བ། སྐྱེ་ལྡན་སྲོག་ཆག་ཀྱི་འཚོ་བ་དང་འགྱུར་གྲོས་སོགས་ཐོག་དཔྱད་ཞིབ་གནང་བའི་གྲུབ་དོན་ ༧༠༠༠ ཙམ་ལ་གཞིར་བཅོལ་ཏེ་ཕྱོགས་སྒྲིག་གནང་བ་ཞིག་དང་། སྙན་ཐོའི་ནང་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པ་བོད་ཀྱི་རང་བྱུང་གནམ་གཤིས་གནས་སྟངས་དང་འབྲེལ། བོད་ནང་གི་འཁྱགས་རོམ་བཞུར་ཚད་དང་། རྩྭ་ཐང་གི་གནས་བབས་ལ་འགྱུར་བ་འགྲོ་སྟངས་སོགས་ལ་གཞིགས་ན། བོད་ཀྱི་ས་གཞི་ཁག་གི་རང་བྱུང་ནུས་པ་རྣམས་ཉམས་ཉེས་ཆེན་པོ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་བོད་ནང་གི་རང་བྱུང་རྩྭ་ཐང་རྣམས་ལོ་ལྟར་བརྒྱ་ཆ་གཉིས་ལྷག་རྩ་མེད་ཧྲེང་ངེར་འགྱུར་བཞིན་པ་བཀོད་འདུག

ལྷག་པར་དུ་སྙན་ཐོ་དེའི་ནང་བོད་མཐོ་སྒང་དེ་བཞིན་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གི་ལྟེ་གནས་ཡིན་པ་དང་། ལྟེ་གནས་འདི་ད་ཆ་འཛམ་གླིང་གི་ས་གནས་གཞན་ལས་ལྡབས་གཉིས་ཀྱི་ཚ་དྲོད་མང་བ་རྒྱས་ཏེ་འཁྱགས་རོམ་དང་གངས་ཆུ་རྣམས་སྔར་ལྷག་བཞུ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་ནས་བོད་མཐོ་སྒང་གི་ཛ་དྲག་གནམ་གཤིས་གནས་སྟངས་སྲུང་སྐྱོབ་གནང་རྒྱུའི་ཐོག་གླེང་སློང་དང་ལས་གཞི་གང་ཡང་སླེལ་མེད་བའི་ཁར། བོད་ཀྱི་ཁོར་ཡུག་གནས་སྟངས་ལ་དོན་ཕོག་འགྲོ་གཞིའི་སྲིད་བྱུས་མི་ཉུང་བ་ཞིག་ལག་བསྟར་བྱེད་བཞིན་པ་ཐེར་འདོན་དང་སྦྲགས། རྒྱ་ནག་གི་བོད་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་གིས་བོད་ཀྱིི་རང་བྱུང་གནམ་གཤིས་གནས་སྟངས་ཛ་དྲག་ཏུ་གཏོང་མུས་ཡིན་པ་གསུངས་འདུག

སྙན་ཐོའི་ནང་བོད་ཀྱི་གནམ་གཤིས་གནས་སྟངས་ཐོག་ཉམས་ཞིབ་གནང་མྱོང་མཁན་ Colorado གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ Emily Yeh ལགས་ནས་རྒྱ་ནག་གཞུང་གིས་བོད་པའི་འབྲོག་པ་གནས་སྡོད་གནང་ས་དང་། མི་མང་སྒེར་གྱི་རྩྭ་ཐང་མང་པོ་ཞིག་བསྡུ་རུབ་བྱས་པ་མ་ཟད། ལྷག་པར་དུ་རྒྱ་གཞུང་གི་ལག་བསྟར་བྱེད་བཞིན་པའི་འབྲོག་པ་གཞིས་སྤོས་ཀྱི་སྲིད་བྱུས་དེ་དག་གིས་འབྲོག་པའི་སྲོལ་རྒྱུན་འཚོ་ཐབས་ལ་གནོད་པ་དང་རང་བྱུང་རྩ་ཐང་གི་ཐོན་ཁུངས་ལ་དོ་ཕོག་བཏང་པའི་བརྒྱུད། སྤྱི་ཡོངས་བོད་ཀྱི་གནམ་གཤིས་ཛ་དྲག་ཏུ་འགྱུར་བཅུག་གི་ཡོད་པ་གསུངས་འདུག

རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྐུ་ཚབ་རྣམ་པས་འདོན་སྤེལ་གནང་པའི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སྙན་ཐོ་དང་འབྲེལ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྐུ་ཞབས་ KaiMuller ལགས་ཀྱིས། ཐེངས་འདིའི་སྙན་ཐོ་ནས་རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་འབྲོག་པ་གཞིས་སྤོས་ཀྱི་སྲིད་བྱུས་གཙོས་བོད་མི་སྒེར་གྱི་ས་གཞི་འདུ་རུབ་བྱེད་བཞིན་པའི་སྲིད་བྱུས་རྣམས་ལ་ངེས་པར་དུ་གདོང་ལེན་བྱ་དགོས་པ་ཞིག་མངོན་གསལ་བྱུང་ཡོད་སྟབས། རྒྱལ་སྤྱིའི་མང་ཚོགས་ནས་རྒྱ་ནག་ལ་གནད་དོན་དེ་འབྲེལ་ཐོག་རྒྱུན་དུ་གླེང་སློང་དང་གནོན་ཤུགས་སྤྲོད་དགོས་ཀྱོ་རེད་ཅེས་གསུངས་འདུག

འབྲེལ་ཡོད་གསར་གནས།

གསར་གནས།