Tibetan Royal Year of 2151 | Year of the Wood Dragon

རྒྱ་ནག་གི་ Tiktok མཉེན་ཆས་བཀག་སྡོམ་གནང་མཁན་རྒྱལ་ཁབ་མང་དུ་འགྲོ་བཞིན་པ།

Tibetan News Headlines

  • སྔོན་རྩིས་མ་དངུལ་སྒོར་ས་ཡ་ ༣༣༣༡ ལྷག་གཏན་འབེབས་ཐོག་གྲོས་ཚོགས་ཚོགས་དུས་ ༧ པ་མཇུག་སྒྲིལ།
  • རྒྱ་ནག་གིས་སྡེ་དགེ་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག
  • རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་གྲོས་མོལ་ཁྲོད་གྲུབ་འབྲས་གང་ཡང་བྱུང་མེད་པ་མངོན་གསལ།
  • སྐད་ཡིག་ཕུན་སུམ་ཚོགས་པའི་བོད་རིགས་ན་གཞོན་བཅུ་ཕྲག་གིས་བོད་དོན་སྐོར་བསྐྱོད་གནང་ན་རྒྱ་གར་གྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ངེས་ཡིན་པ་གསུངས་འདུག
  • ཨོ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་ཟུར་ Janet Rice ལགས་ལ་ཕེབས་སྐྱེལ་དང་ཟུང་སྦྲེལ་ཚོགས་གཙོ་གསར་པར་ཕེབས་བསུ་ཞུས་པ།
  • མལ་དིལྦ་ནང་འཐུང་ཆུའི་དཀའ་ངལ་སེལ་སླད་བོད་ཀྱི་གཏེར་ཆུ་ཏུན་ ༡༥༠༠ མཁོ་སྤྲོད་བྱས་འདུག

Friday 29/03/2024

  • TPiE concludes 7th session, approves budget of over ₹ 3331 Million
  • China arrests 10 Tibetans from Derge county, whereabouts unknown
  • No breakthrough in India-China dialogue
  • Need of training for educated young Tibetans to influence India’s policy on Tibet: Tenzin Tsundue
  • Tibetans in Australia bid farewell for Senator Janet Rice, welcomes new co-chair for parliamentary Tibet group
  • Now China sends 1,500 tonnes of drinking water from Tibet to Maldives

ཉེ་ཆར་ཨ་རིའི་ཕོ་བྲང་དཀར་པོས་ཨ་རིའི་གཞུང་གི་སྒྲིག་འཛུགས་ཁག་གིས་གཙོས་པའི་དེ་དག་ནང་གི་ཕྱག་ལས་གནང་མཁན་སྲི་ཞུ་བ་ཚོས་ངེས་པར་དུ་ཉིན་གྲངས་ ༣༠ ནང་ཚུད་ལ་རང་ཉིད་ཀྱི་ཞལ་པར་དང་གཞུང་གྱི་བཀོད་ཆས་ཁག་ལས་རྒྱ་ནག་གི་ Tiktok མཉེན་ཆས་སྐོ་འཇུག་འཕྲལ་མར་མཚམས་འཇོག་གནང་དགོས་པའི་ཡོངས་གྲགས་ཀྱི་བཀོད་ཁྱབ་ཅིག་གནང་བ་མ་ཚད་པར་ཨ་རིའི་གྲོས་ཚོགས་དང་དམག་དཔུང༌། དེ་བཞིན་ཨ་རིའི་མངའ་སྡེ་དུ་མས་སོ་སོའི་ཁྱབ་ཁོངས་ཀྱི་ལས་བྱེད་པ་ཡོངས་རྒྱ་ནག་གི་མཉེས་ཆས་དེ་སྤྱོད་པར་དགག་བྱ་ཤུགས་ཆེར་གནང་ཡོད་པའི་ཁྲོད། ཉེ་ལམ་རེས་གཟའ་ཕུར་བུ་ཉིན་དབྱིན་ཡུལ་གཞུང་དང་། དེ་བཞིན་རེས་གཟའ་པ་སངས་ཉིན་ནིའུ་ཛ་ལན་ཌི་ གྲོས་ཚོགས་ཀྱིས་ཀྱང་རྒྱལ་ཁབ་དེའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་དང་ལས་བྱེད་པ་ཡོངས་ལ་རང་ཉིད་ཞལ་པར་དང་གཞུང་གྱི་བཀོད་ཆས་ཁག་ལས་རྒྱ་ནག་གི་ Tiktok མཉེན་ཆས་མཚམས་འཇོག་གནང་དགོས་པའི་བཀོད་ཁྱབ་གནང་འདུག

རྩ་བའི་རྒྱ་ནག་གི་མཉེན་ཆས་ Tiktok བཀག་སྡོམ་གནང་མཁན་གྱི་གཞུང་ཐོག་མ་དེ་རྒྱ་གར་ཆགས་ཀྱི་ཡོད་པ་རེད། དེའང་རྒྱ་གར་གཞུང་གིས་ཕྱི་ལོ་ ༢༠༢༠ ལོ་ནས་དབུ་འཛུགས་ཀྱིས་ད་བར་ཡུལ་དེའི་ནང་དུ་ Tiktok གཙོས་རྒྱ་ནག་གི་མཉེན་ཆས་ ༢༥༠ ལྷག་བཀག་སྡོམ་གནང་བ་དང་། དེ་རྗེས་འདི་ལོའི་ཕྱི་ཟླ་ ༢ ནང་ཨ་རི་དང་ཁེ་ན་ཌ། གཞན་ཡང་ཕྱི་ཟླ་ ༣ ནང་ཡོ་རོབ་སྤྱི་མཐུན་ལྷན་ཚོགས་སོགས་རྒྱལ་ཁབ་སོ་སོའི་གཞུང་འཛིན་རིམ་པས་རྒྱ་ནག་གིས་རྒྱལ་ཁབ་གཞན་གྱི་གསང་གནད་རྐུ་འཕྲོག་དང་སྒེར་གྱི་རང་དབང་། དེ་བཞིན་སིམ་འཛུལ་བཅས་ཀྱི་ལས་གཞི་དག་ལ་སེམས་འཚབ་དང་སྦྲགས་ཏེ་མཉེན་ཆས་དེ་བཀག་སྡོམ་གནང་ཡོད། ཐེ་ཝན་དང་ Afghanistan གཉིས་ནས་ཀྱང་ Tiktok གཙོས་པའི་མཉེན་ཆས་ཁག་གཅིག་བཀག་སྡོམ་བྱས་ཡོད་པ་དང་། Pakistan ཀྱང་ཐེངས་བཞི་ཙམ་རིང་ TikTok སྐབས་འཕྲལ་བཀག་སྡོམ་བྱས་མྱོང་ཡོད་པ་རེད།

རྒྱལ་ཁབ་དེ་དག་མང་ཆེ་བས་གཙོ་བོ་ཊིཀ་ཊོཀ་ཚོང་གཉེར་ཁང་གིས་མཉེན་ཆས་དེ་སྤྱོད་མཁན་མང་ཚོགས་ཀྱི་སྒེར་གྱི་གསང་གནས་རྐུ་འཁྱེར་བྱས་ཏེ་རྒྱ་ནག་གཞུང་ལ་སྤྲད་རྒྱུ་དང་། རྒྱལ་སྤྱིའི་ཁྲོད་རྒྱ་ནག་གི་དྲིལ་བསྒྲགས་དང་འཁྱོག་བཤད་རིགས་ཁྱབ་སྤེལ་ལ་སྤྱོད་དོགས་ཀྱི་བློ་འཚབ་གནང་གི་ཡོད་པ་རེད།

ད་རེས་དབྱིན་ཡུལ་དང་ནིའུ་ཛ་ལན་ཌི་གཉིས་ཀྱིས་ཀྱང་གཉེན་ཆས་དེ་བཀག་སྡོམ་བྱས་པའི་གནས་ཚུལ་ཐོན་པའི་རྗེས། རྒྱ་ནག་གི་མགྲིན་ཚབ་པ་ Wang Wenbin དེར་ངོ་རྒོལ་དང་བཅས་ཏེ་ཨ་རིའི་ངོས་ནས་ Tiktok བཀག་སྡོམ་ལྟ་བུ་ཁུངས་ལུང་མེད་པའི་ལས་གཞི་འདི་རིགས་སྤེལ་རྒྱུ་མཚམས་འཇོག་དགོས་སྐོར་བརྗོད་པ་དང་ཆབས་ཅིག མཉེན་ཆས་བཀག་སྡོམ་གནང་མཁན་གྱི་རྒྱལ་ཁབ་རྣམས་ཀྱིས་སོ་སོའི་མཐར་ཐུག་གི་དམིགས་ཡུལ་དང་ཁྲོམ་རའི་ཕན་གནོད་འབྲེལ་བའི་ལས་དོན་ལ་བསམ་བློ་གཏོང་དགོས་པར་མ་ཟད། ལྷག་དོན་ཁྲོམ་གྱི་ཁོར་ཡུག་ལ་འདྲ་མཉན་ཀྱི་ཐོག་ནས་དགོས་ངེས་མཐུན་འགྱུར་སྐྲུན་གནད་ཆགས་ཡོད་ཅེས་ཞུ་སྐུལ་ཕུལ་འདུག པར་བདག་དབང་Getty Images གཙོས་སྤྱི་ཚོགས་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་གནས།

གསར་གནས།